ཚོར་བའི་སྨྱན་སྦྱོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོར་བའི་སྨྱན་སྦྱོར་ནི་ཐད་ཀར་མིའི་ཚོར་བའི་དབང་བོ་བརྒྱུད་ནས་ངོས་འཛིན་བྱེད་ཀྱི་ཡོད་པ་ཞིག་ཡིན་ལ། དེར་མིའི་རིགས་ཀྱི་སྐད་ཆ་དང་ཡི་གེ རོལ་དབྱངས། རང་བྱུང་ཁམས་ཀྱི་སྐད་སྒྲ། འགུལ་མེད་ཀྱི་པར་རིས་དང་གྲིབ་བརྙན། འགུལ་རིས་སོགས་ཀྱི་བརྡ་འཕྲིན་ལ་ཟེར་གྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
感觉媒体
ཕྱི་ཡིག་གི་མིང་།
Feel the media
ངོ་བོ།
སྨྱན་སྦྱོར།
རིགས་དབྱེ།
སྐད་ཡིག རིས་དབྱིབས། རིམ་མོ། འགུལ་རིས། སྒྲ་དང་བརྙན་སོགས།
1 བྱེད་ནུས།

ཚོར་བའི་སྨྱན་སྦྱོར་ནི་ཐད་ཀར་མིའི་ཚོར་བའི་དབང་བོ་བརྒྱུད་ནས་ངོས་འཛིན་བྱེད་ཀྱི་ཡོད་པ་ཞིག་ཡིན་ལ། ཐད་ཀར་དབང་བོ་ལྔའི་གང་རུང་གི་ཚོར་བས་འཛིན་པའི་སྨྱན་སྦྱོར་གྱི་རིགས་ཤིག་ཡིན། དེ་བས་སྨྱན་སྦྱོར་དེའི་རིགས་ལ་ཆ་འཕྲིན་སོགས་དབང་བོ་ལྔ་ལ་ཐད་ཀར་བརྒྱུད་སྤྲོད་བྱས་མ་ཐག་ཏུ་ཚོར་བས་ཟིན་པར་བྱེད་པའི་ནུས་པ་དང་ལྡན་ནོ། །

2 རིགས་དབྱེ།

(1) ཡིག་རྐྱང་། དེ་ནི་ཡིག་རྟགས་དང་ཡིག་རིགས་ནང་འཇུག་བྱེད་པ་དང་། དེ་ལ་ཡིག་གཟུགས་དང་ཨང་ཡིག ཁ་དོག་སོགས་ཀྱི་རང་བཞིན་འདུ་བ་ཡིན།

(2) རིས་དབྱིབས། དེ་ནི་རྩིས་འཁོར་གྱིས་བཟོས་པའི་དབྱིབས་རྩིས་རིས་དབྱིབས་ལ་ཟེར་བ་ཡིན།

(3) བརྙན་རིས། དེ་ནི་ཨང་ཀིའི་པར་ཆས་དང་ཨང་ཀིའི་བརྙན་ཆས་དང་ཡང་ན་རིས་དབྱིབས་བཤེར་ལེན་སོགས་ཀྱི་ནང་འཇུག་སྒྲིག་ཆས་ཀྱིས་བླངས་པའི་འདྲ་པར་དང་རི་མོ་སོགས་ཡིན།

(4) འགུལ་རིས། དེ་ནི་རྩིས་འཁོར་གྱིས་བཟོ་བསྐྲུན་བྱས་པའི་འགུལ་བའི་རྣམ་པ་ཅན་གྱི་པར་རིས་རྒྱུན་མཐུད་ཀྱིས་ཁྱབ་སྒྲོག་བྱེད་པ་ཞིག་ཡིན།

(5) སྒྲ་ཟློས། དེ་ནི་ཨང་རྩིས་རང་བཞིན་ཅན་གྱི་སྒྲ་གདངས་ཡིན་ལ། དེ་ནི་འགྲེལ་བརྗོད་དང་རོལ་དབྱངས། རང་བྱུང་ཁམས་ཀྱི་སྒྲ་གདངས་སོགས་སྣ་ཚོགས་ཡིན་ཆོག་པ་རེད།

(6) བརྙན་ཟློས། དེ་ནི་བརྙན་ལེན་འཕྲུལ་ཆས་སོགས་ནང་འཇུག་སྒྲིག་ཆས་ཀྱིས་བླངས་པའི་བྱ་འགུལ་པར་ངོས་དེ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།