བརྒྱུད་གཏོང་སྨྱན་ཆས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྒྱུད་གཏོང་སྨྱན་ཆས(Transmission Medium) ལ་བརྒྱུད་གཏོང་ཟམ་ཐིག་དང་ཡང་ན་བརྒྱུད་གཏོང་སྨྱན་དངོས་ཞེས་ཀྱང་བརྗོད་ལ། དེ་ནི་གཞི་གྲངས་བརྒྱུད་གཏོང་མ་ལག་གི་སྐུར་ཆས་དང་བསྡུ་ལེན་འཕྲུལ་ཆས་བར་གྱི་དངོས་ལུགས་ལམ་ཐིག་ཡིན་པ་དང་། དེ་ལ་ཕྱོགས་འདྲེན་བརྒྱུད་གཏོང་སྨྱན་ཆས་དང་ཕྱོགས་འདྲེན་མ་ཡིན་པའི་བརྒྱུད་གཏོང་སྟེ་རིགས་ཆེན་པོ་གཉིས་སུ་དབྱེ་ཡོད། ཕྱོགས་འདྲེན་བརྒྱུད་གཏོང་སྨྱན་ཆས་ཀྱི་ནང་དུ། གློག་རྡུལ་རླབས་རྒྱུན་གྱིས་ཕྱོགས་འདྲེན་དེ་སྲ་གཟུགས་ཀྱི་སྨྱན་ཆས(ཟངས་སྐུད་དང་འོད་སྐུད)བརྒྱུད་ནས་བརྒྱུད་སྒྲོག་བྱེད་ཀྱི་ཡོད་ལ། ཕྱོགས་འདྲེན་བརྒྱུད་གཏོང་སྨྱན་ཆས་ནི་རང་དབང་གི་བར་གསེང་ལ་བརྗོད་ཀྱི་ཡོད་པ་དང་། ཕྱོགས་འདྲེན་བརྒྱུད་གཏོང་མ་ཡིན་པའི་སྨྱན་ཆས་ཀྱི་ཁྲོད་དུ་གློག་རྡུལ་གྱི་བརྒྱུད་གཏོང་ལ་རྒྱུན་པར་སྐུད་མེད་བརྒྱུད་གཏོང་ཀྱང་ཟེར་གྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
传输媒体
ཕྱི་ཡིག་གི་མིང་།
Transmission Medium
རིགས་རྣམ།
འཕྲིན་གཏོང་།
ཉེར་སྤྱོད།
གཞི་གྲངས་བརྒྱུད་སྤྲོད།
1 ཁྱད་གཤིས།

བརྒྱུད་གཏོང་སྨྱན་ཆས་ནི་འཕྲིན་གཏོང་དྲ་རྒྱའི་ཁྲོད་དུ་སྐུར་ཡུལ་དང་བསྡུ་ལེན་བྱེད་ཕྱོགས་བར་གྱི་དངོས་ལུགས་བརྒྱུད་ལམ་ལ་ཟེར། རྩིས་འཁོར་དྲ་རྒྱའི་ནང་དུ་བཀོལ་སྤྱོད་བྱེད་པའི་བརྒྱུད་གཏོང་སྨྱན་ཆས་ནི་སྐུད་ལྡན་དང་སྐུད་མེད་རིགས་ཆེན་པོ་གཉིས་སུ་དབྱེ་ཡོད།  ཟུང་ལྡན་སྐུད་པ་དང་གློག་དཀྲིས་ཆིག་མདའ། འོད་ཐིག་གསུམ་ནི་རྒྱུན་སྤྱོད་ཀྱི་བརྒྱུད་གཏོང་སྨྱན་ཆས་རིགས་གསུམ་ཡིན། མིས་བཟོས་འཕྲིན་གཏོང་དང་སྐུད་མེད་འཕྲིན་གཏོང་། དམར་ཕྱིའི་འཕྲིན་གཏོང་། གློག་འགྱུར་འཕྲིན་གཏོང་། ད་དུང་རླབས་ཕྲན་འཕྲིན་གཏོང་བཅས་ཀྱི་བརྡ་འཕྲིན་ཚང་མ་ནི་སྐུད་མེད་བརྒྱུད་གཏོང་སྨྱན་ཆས་ཀྱི་ཁོངས་སུ་གཏོགས་པ་ཡིན། བརྒྱུད་གཏོང་སྨྱན་ཆས་ཀྱི་ཁྱད་གཤིས་ཀྱིས་དྲ་རྒྱའི་གཞི་གྲངས་འཕྲིན་གཏོང་གི་རྒྱུ་སྤུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་དེ།

(1) དངོས་ལུགས་ཀྱི་ཁྱད་གཤིས།

(2) བརྒྱུད་གཏོང་གི་ཁྱད་གཤིས།  

(3) སྦྲེལ་མཐུད་ཀྱི་ཁྱད་གཤིས་ལྡན་པ།

(4) ས་ཁམས་ཀྱི་ཁྱབ་ཁོངས།

(5) འགོག་རྒོལ་གྱི་ཁྱད་གཤིས།

(6) ལྟོས་བཅོས་ཀྱི་རིན་གོང་།

2 རྒྱུན་སྤྱོད།

(1) ཟུང་བརྒྱུས་སྐུད་པ།

དེ་ནི་མཉམ་དུ་བརྒྱུས་པའི་གློག་སྐུད་སོར་གྱེས་འདྲེན་སྐུད་གཉིས་ཀྱིས་གྲུབ་པ་དང་། སྐུད་པ་མཉམ་དུ་བརྒྱུས་པ་དེས་ཕན་ཚུན་བར་ཐེབས་པའི་གློག་རྡུལ་གྱི་ངན་རྐྱེན་ཇེ་ཉུང་དུ་གཏོང་ཐུབ། ཟུང་བརྒྱུས་སྐུད་པ་དེ་སྔ་མོ་ནས་ཁ་པར་འཕྲིན་གཏོང་དུ་རིགས་མཚུངས་བརྡ་རྟགས་ཀྱི་བརྒྱུད་སྤྲོད་བྱེད་པའི་ཁྲོད་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད་ལ། ཡང་ན་གཞི་གྲངས་བརྡ་རྟགས་ཀྱི་བརྒྱུད་སྤྲོད་དུ་ཡང་བཀོལ་གྱི་ཡོད་ལ། དེ་ནི་ཆེས་རྒྱུན་སྤྱོད་ཀྱི་བརྒྱུད་སྤྲོད་སྨྱན་ཆས་ཡིན།

(2)མདའ་གཅིག་གློག་ཐག

མདའ་གཅིག་གློག་ཐག་དེ་ཡང་ཟུང་བརྒྱུས་སྐུད་པ་ནང་བཞིན་འདྲེན་གཟུགས་ཟུང་གིས་གྲུབ་པ་ཞིག་ཡིན། ཡིན་ན་ཡང་དེ་ནི་གློག་མདར་གཞིགས་ནས་གློག་སྐུད་གྲུབ་པ་ཡིན་ཞིང་། ཆེས་ནང་ངོས་ནི་སྡོང་རྐང་ཡིན་ལ། ཕྱི་ཐུམ་ནི་སོར་གྱེས་རྒྱུ་ཆ་ཡིན། དེའི་ཕྱི་ངོས་ནི་སྒྲིབ་ཡོལ་གྱི་རིམ་པ་ཡིན་པ་དང་། ཆེས་ཕྱི་ངོས་ནི་སྲུང་སྐྱོབ་ཀྱི་ནུས་པ་ལྡན་པའི་འགྱིག་ཐུམ་ཡིན།

(3)འོད་ཐིག

འོད་ཐིག་ནི་འོད་འདྲེན་ཚི་སྣའི་བསྡུས་མིང་ཡིན་ལ། ཚི་སྣ་བཀོལ་དེ་བརྡ་རྟགས་བརྒྱུད་སྤྲོད་བྱེད་དུས། བརྒྱུད་བསྐུར་མ་བྱས་པའི་སྔོན་ལ་ཚི་སྣ་དེ་འོད་ཀྱི་བརྡ་རྟགས་སུ་བརྗེ་བསྒྱུར་བྱ་དགོས་ལ། བསྡུ་ལེན་བྱེད་དུས་འོད་བརྟག་རླབས་ཆས་དེ་སྔོན་གྱི་བརྡ་རྟགས་སུ་བསྒྱུར་དགོས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།