དྲ་རྒྱའི་སྨྱན་སྦྱོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲ་རྒྱའི་སྨྱན་སྦྱོར་ནི་སྲོལ་རྒྱུན་གྱི་སྒྲ་ཟློས་དང་བརྙན་ཟློས་སྒྲིག་འགོད་བཀོལ་སྤྱོད་ཀྱི་བྱ་ཐབས་དང་མི་འདྲ་བ་ཞིག་མིན་པར། IT སྒྲིག་ཆས་གསར་སྤེལ་ཚོང་བ་དག་གིས་འདོན་སྤྲོད་བྱས་པའི་ལག་རྩལ་དང་སྒྲིག་ཆས་སྤྱད་ནས་བརྒྱུད་གཏོང་བྱེད་ཀྱི་ཡོད་ལ། དེས་གསོག་འཇོག་དང་སྒྲ་ཟློས། བརྙན་ཟློས་ཀྱི་བརྡ་རྟགས་ཐག་གཅོད་བྱེད་ཀྱི་ཡོད། ཆེས་རྒྱུགས་ཆེ་བའི་སྲོལ་རྒྱུན་གྱི SDI (ཕྲེང་སྦྲེལ་གྲངས) བརྒྱུད་གཏོང་བྱ་ཐབས་ཀྱི་ཆད་སྐྱོན་དངོས་དེ་དྲ་རྒྱའི་བརྗེ་རེས་ཀྱི་ཁྱད་གཤིས་ཡིན། དེའི་ཕྱོགས་ཀྱི་བྱ་བར་ཤུགས་སྣོན་གྱིས་ཧུར་བརྩོན་བྱས་ན། ད་གཟོད SDI བེད་སྤྱོད་བྱས་ཏེ་རིགས་མཚུངས་ཀྱི་ཐའེ་དྲ་དང IP ཡིས་འདོན་སྤྲོད་བྱས་པའི་དྲ་ལམ་གྱི་ནུས་པ་གསར་འཛུགས་བྱས་ཆོག དེ་བས་དྲ་ཐོག་བརྙན་ཟློས་ལས་རིགས་ཁྲོད་ཀྱི་དྲ་རྒྱའི་སྨྱན་སྦྱོར་གྱི་ལག་རྩལ་ནི་དེ་བསྟུན་གྱིས་བྱུང་ཞིང་འཕེལ་བ་ཡིན། གཞི་རྩའི་གནས་ཚུལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
网络媒体
ངོ་བོ།
བརྡ་འཕྲིན་ཁྱབ་སྒྲོག་གི་བརྒྱུད་ལམ་ཡིན།
ལག་རྩལ།
བརྒྱུད་སྤྲོད་དང་། གསོག་ཉར། བརྙན་ལམ་བརྡ་རྟགས་སྙོམས་སྦྱོར་བྱེད་པ།
ཁྱད་ཆོས།
བརྒྱུད་སྒྲོག་ཁྱབ་ཁོངས་ཆེས་ཆེ་བ་དེ་ཡིན།
1 མཚན་ཉིད།

དྲ་རྒྱའི་སྨྱན་སྦྱོར་དེ་སྲོལ་རྒྱུན་གྱི་བརྙན་འཕྲིན་དང་། ཚགས་པར། རྒྱང་སྒྲོག་སོགས་ཀྱི་སྨྱན་གཟུགས་དང་འདྲ་བར། དེ་དག་ནི་ཆ་འཕྲིན་བརྒྱུད་སྒྲོག་བྱེད་པའི་འཁོར་ལམ་ལྟ་བུ་ཡིན་ལ། ཆའཕྲིན་བརྗེ་རེས་དང་བརྒྱུད་སྒྲོག་བྱེད་པའི་ལག་ཆ་ལྟ་བུ་ཡང་ཡིན་ཞིང་། དེ་ནི་ཆ་འཕྲིན་གྱི་རྟེན་གཞི་ཡིན་ནོ། །

2 ལེགས་ཆ།

བརྙན་གཟུགས་གཞན་དག་དང་བསྡུར་ན་དྲ་རྒྱའི་སྨྱན་སྦྱོར་ལ་གཙོ་བོ་གཤམ་གྱི་ལེགས་ཆ་འགའ་ལྡན་ཏེ།

(1) བརྒྱུད་སྒྲོག་གི་ཁྱབ་ཁོངས་ཆེས་ཆེ་བ། འཛམ་གླིང་རང་བཞིན་ལ་ཕྱོགས་པ།

སྲོལ་རྒྱུན་སྨྱན་གཟུགས་བརྙན་འཕྲིན་དང་ཚགས་པར། རྒྱང་སྒྲོག ད་དུང་གློག་སྒྲོམ་བརྡ་འགྲེམ་སོགས་གང་ཞིག་ཡིན་ཡང་དེ་དག་ཚང་མ་ཚོད་འཛིན་བྱས་པའི་ཁྱབ་ཁོང་ལས་བརྒལ་མི་ཐུབ། འོན་ཀྱང nternetཆ་འཕྲིན་གང་ཡིན་གྱི་ཁྱབ་ཁོངས་སུ་ཐོན་པ་ནས། རྒྱལ་ཁབ200ལྷག་གིས nternetསྤྱོད་མཁན་དུང་ཕྱུར་ལྷག་ཁོ་ཚོའི་རྩིས་འཁོར་སྟེང་མཐོང་ཐུབ། དོན་སྙིང་འདིའི་སྟེང་ནས་བརྗོད་ན nternet ནི་འཛམ་གླིང་ཡོངས་ལ་ཤན་ཤུགས་ཐེབས་ཐུབ་པའི་ཚན་རྩལ་མཐོ་བའི་སྨྱན་སྦྱོར་དེ་ཡིན།

(2) སོར་འཇོག་གི་དུས་ཚོད་རིང་བ། ལོ་ནས་ལོར་བཞག་ཆོག

ཚགས་པར་ཁྱབ་སྒྲོག་གསོག་འཇོག་ནི་ཉིན་གཅིག་དང་། བརྙན་སྟེགས་དང་བརྙན་འཕྲིན་ཁྱབ་སྒྲོག་ནི་ཐ་ན་སྐར་ཆ་བཅུ་ཡས་མས་ཀྱི་ཡུན་ཚད་ཡིན། nternet དུ་ཁྱབ་བསྒྲགས་བྱས་པའི་ཚོང་ལས་བརྡ་འཕྲིན་ནི་སྤྱིར་བཏང་དུ་ཟླ་དང་ལོ་ཡི་དུས་ཡུན་ཡིན།

(3) ཆ་འཕྲིན་གཞི་གྲངས་ཀྱི་ཚད་ཆེ་བ། ཡོངས་ཁྱབ་ཀྱི་རང་བཞིན།

གྲིབ་བརྙན་དང་འགུལ་རིས། སྒྲ་གདངས། ཡི་གེ་སོགས་སྤེལ་ཡུལ་ནི་སྲིད་གཞུང་དང་ཁེ་ལས། སློབ་གསོ་སོགས་ལས་སྒོ་སྣ་ཚོགས་ཀྱི་རིགས་ཡིན། 

(4) གསར་སྤེལ་གྱི་རང་བཞིན་ཤུགས་བཙན་པ། ཁྱོན་ཡོངས་ཀྱི་ལས་སྒོ།

(5) བེད་སྤྱོད་སྟབས་བདེ་ཡིན་པ།

ཙིག་རྟགས་བརྡབས་ཏེ་མིག་གིས་བཤེར་བ་དང་། བཤེར་འཚོལ། འདྲི་རྩད་བྱེད་པ། ཟིན་ཐོ་འགོད་པ། ཚོང་ཟོང་ཉོ་བ། གླེང་མོལ་བྱེད་པ། བརྗེ་རེས་སོགས་བྱེད་པ་གཞན་ལས་སྟབས་བདེ་ཡིན་ནོ། །

(6) ལྟོས་ཟླའི་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཤུགས་ཆེ་བ།

ལྟོས་ཟླའི་རང་བཞིན་ནི་སྦྲེལ་མཐུད་དྲ་རྒྱའི་སྨྱན་སྦྱོར་གྱི་ལེགས་ཆ་ཆེས་བཟང་བ་དེ་ཡིན།

(7) མ་རྩ་ཉུང་ལ་ལས་ཕྱོད་མཐོ་བ།

གློག་སྟེགས་དང་བརྙན་འཕྲིན་ཁང་གི་བརྡ་ཁྱབ་ནི་སྐར་ཆ་འགའི་ཡུན་ཡིན་མོད། འོན་ཀྱང་འགྲོ་གྲོན་ནི་དེ་མ་ཐག་ཏུ་བརྒྱ་སྟོང་གིས་འཕར་གྱི་ཡོད།

(8) ཚོར་དབང་རང་བཞིན་ཤུགས་ཆེ་བ།

ཡི་གེ་དང་པར་རིས། སྒྲ་གདངས། འགུལ་རིས། གཟུགས་བརྙན་སོགས་སྨྱན་མང་གཟུགས་ཀྱི་བྱེད་ཐབས་སྤྱད་དེ་འཛད་སྤྱོད་པ་རང་ངོས་ནས་ཐོན་རྫས་དང་ཞབས་ཞུ་མཉམ་མྱོང་བྱས་ཆོག་པ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།