ཀྲུང་ཧྲི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྲི།
ཀྲུང་ཧྲི་ནི་ཅུན་ཧྲི་དམག་མིའི་གོ་རྟགས་ཁྲོད་ཀྱི་རིམ་པའི་འབོད་སྟངས་ཤིག་ཡིན་པ་དང་། ཆེས་ཐོག་མར་ཧྥ་རན་སེའི་དམག་དཔུང་ཁྲོད་གསར་འཛུགས་བྱས་ཤིང་། རྗེས་སུ་འཇར་མན་དང་དབྱིན་ཇིའི་དམག་དཔུང་ཁྲོད་བྱུང་བ་ཡིན། ཀྲུང་ཧྲིའི་དམག་མིའི་གོ་རྟགས་ནི་རྒྱལ་ཁབ་སོ་སོའི་དམག་དཔུང་ཁྲོད་ཡོངས་ཁྱབ་ངང་གསར་འཛུགས་བྱས་ཡོད་ལ། རྒྱལ་ཁབ་ལ་ལས་ཀྲུང་ཧྲི་དེ་ཡང་རིམ་པ་འགའ་རུ་བཀར་ཡོད་ལ། དཔེར་ན་ཕ་ར་ཀུའེ་རྒྱལ་ཁབ་ཀྱིས་རིམ་པ་དང་པོའི་ཀྲུང་ཧྲི་དང་རིམ་པ་གཉིས་པའི་ཀྲུང་ཧྲི་བཅས་རིགས་གཉིས་སུ་བཀར་ཡོད་པ་དང་། ཨོ་སི་ཁྲུ་རི་ཡས་ཀྲུང་ཧྲི་ནི་རིམ་པ་དང་པོ་དང་གཉིས་པ། གསུམ་པ་བཅས་སུ་བཀར་ཡོད། ཀྲུང་གོའི་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་ཁྲོད། ཆིང་རྒྱལ་རབས་ཀྱི་དུས་མཇུག་དང་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ནན་ཅིང་གནས་སྐབས་སྲིད་གཞུང་གི་དུས་སྐབས། པེ་དབྱང་སྲིད་གཞུང་གི་དུས་སྐབས། རྒྱལ་དམངས་སྲིད་གཞུང་གི་དུས་སྐབས་ཚང་མས་ཀྲུང་ཧྲིའི་དམག་མིའི་གོ་རྟགས་གསར་འཛུགས་བྱས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་མིའི་གོ་རྟགས་ལམ་ལུགས་མ་ལག་ཁྲོད་ཀྱི་ཀྲུང་ཧྲིའི་དམག་མིའི་གོ་རྟགས་ཏེ་གསར་འཛུགས་དང་མི་དགོས་པར་བཟོ་བ། ཡང་བསྐྱར་བཙུགས་པ་སོགས་རིམ་པ་གང་མང་ཞིག་བརྒྱུད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中士
ཕྱི་ཡིག་གི་མིང་།
Sergeant
རིགས།
དམག་མིའི་གོ་རྟགས།
བྱུང་ཡུལ།
ཧྥ་རན་སེ།
དབྱེ་བ།
ཀྲུང་གོས་སྐམ་དམག་དང་མཁའ་དམག མཚོ་དམག དྲག་པོའི་ཉེན་རྟོག་པ་བཅས་རིགས་བཞི་རུ་དབྱེ།
1 ངོ་སྤྲོད།

ཀྲུང་ཧྲི་ནི་ཅུན་ཧྲི་དམག་མིའི་གོ་རྟགས་ཁྲོད་ཀྱི་རིམ་པའི་འབོད་སྟངས་ཤིག་ཡིན་པ་དང་།  ཆེས་ཐོག་མར་ཧྥ་རན་སེའི་དམག་དཔུང་ཁྲོད་གསར་འཛུགས་བྱས་ཤིང་།  རྗེས་སུ་འཇར་མན་དང་དབྱིན་ཇིའི་དམག་དཔུང་ཁྲོད་བྱུང་བ་ཡིན།  ཀྲུང་ཧྲིའི་དམག་མིའི་གོ་རྟགས་ནི་རྒྱལ་ཁབ་སོ་སོའི་དམག་དཔུང་ཁྲོད་ཡོངས་ཁྱབ་ངང་གསར་འཛུགས་བྱས་ཡོད་ལ།  རྒྱལ་ཁབ་ལ་ལས་ཀྲུང་ཧྲི་དེ་ཡང་རིམ་པ་འགའ་རུ་བཀར་ཡོད་ལ།  དཔེར་ན་ཕ་ར་ཀུའེ་རྒྱལ་ཁབ་ཀྱིས་རིམ་པ་དང་པོའི་ཀྲུང་ཧྲི་དང་རིམ་པ་གཉིས་པའི་ཀྲུང་ཧྲི་བཅས་རིགས་གཉིས་སུ་བཀར་ཡོད་པ་དང་།  ཨོ་སི་ཁྲུ་རི་ཡས་ཀྲུང་ཧྲི་ནི་རིམ་པ་དང་པོ་དང་གཉིས་པ།  གསུམ་པ་བཅས་སུ་བཀར་ཡོད།   ཀྲུང་གོའི་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་ཁྲོད།  ཆིང་རྒྱལ་རབས་ཀྱི་དུས་མཇུག་དང་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ནན་ཅིང་གནས་སྐབས་སྲིད་གཞུང་གི་དུས་སྐབས།  པེ་དབྱང་སྲིད་གཞུང་གི་དུས་སྐབས།  རྒྱལ་དམངས་སྲིད་གཞུང་གི་དུས་སྐབས་ཚང་མས་ཀྲུང་ཧྲིའི་དམག་མིའི་གོ་རྟགས་གསར་འཛུགས་བྱས།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་མིའི་གོ་རྟགས་ལམ་ལུགས་མ་ལག་ཁྲོད་ཀྱི་ཀྲུང་ཧྲིའི་དམག་མིའི་གོ་རྟགས་ཏེ་གསར་འཛུགས་དང་མི་དགོས་པར་བཟོ་བ།   ཡང་བསྐྱར་བཙུགས་པ་སོགས་རིམ་པ་གང་མང་ཞིག་བརྒྱུད་པ་ཡིན།

2 ལོ་རྒྱུས་ཀྱི་འཕེལ་ཕྱོགས།
2_1 འབྱུང་ཁུངས།

ཀྲུང་ཧྲི་ནི་ཅུན་ཧྲི་དམག་མིའི་གོ་རྟགས་ཁྲོད་ཀྱི་རིམ་པའི་འབོད་སྟངས་ཤིག་ཡིན་པ་དང་།  མིང་འདི་ལ་ཏིང་གི་སྐད་དེ༼ཞབས་ཞུ་བ༽ལས་བྱུང་།  ཀྲུང་ཧྲི་ནི་ཆེས་ཐོག་མར་ཧྥ་རན་སེའི་དམག་དཔུང་ཁྲོད་གསར་འཛུགས་བྱས་ཤིང་།  རྗེས་སུ་འཇར་མན་དང་དབྱིན་ཇིའི་དམག་དཔུང་ཁྲོད་བྱུང་བ་ཡིན།  ཀྲུང་ཧྲིའི་དམག་མིའི་གོ་རྟགས་ནི་རྒྱལ་ཁབ་སོ་སོའི་དམག་དཔུང་ཁྲོད་ཡོངས་ཁྱབ་ངང་གསར་འཛུགས་བྱས་ཡོད་ལ།  རྒྱལ་ཁབ་ལ་ལས་ཀྲུང་ཧྲི་དེ་ཡང་རིམ་པ་འགའ་རུ་བཀར་ཡོད་ལ།  དཔེར་ན་ཕ་ར་ཀུའེ་རྒྱལ་ཁབ་ཀྱིས་རིམ་པ་དང་པོའི་ཀྲུང་ཧྲི་དང་རིམ་པ་གཉིས་པའི་ཀྲུང་ཧྲི་བཅས་རིགས་གཉིས་སུ་བཀར་ཡོད་པ་དང་།  ཨོ་སི་ཁྲུ་རི་ཡས་ཀྲུང་ཧྲི་ནི་རིམ་པ་དང་པོ་དང་གཉིས་པ།  གསུམ་པ་བཅས་སུ་བཀར་ཡོད།

ཀྲུང་གོའི་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་ཁྲོད།  ཆིང་རྒྱལ་རབས་ཀྱི་དུས་མཇུག་དང་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ནན་ཅིང་གནས་སྐབས་སྲིད་གཞུང་གི་དུས་སྐབས།  པེ་དབྱང་སྲིད་གཞུང་གི་དུས་སྐབས།  རྒྱལ་དམངས་སྲིད་གཞུང་གི་དུས་སྐབས་ཚང་མས་ཀྲུང་ཧྲིའི་དམག་མིའི་གོ་རྟགས་གསར་འཛུགས་བྱས།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་མིའི་གོ་རྟགས་ལམ་ལུགས་མ་ལག་ཁྲོད་ཀྱི་ཀྲུང་ཧྲིའི་དམག་མིའི་གོ་རྟགས་ཏེ་གསར་འཛུགས་དང་མི་དགོས་པར་བཟོ་བ།   ཡང་བསྐྱར་བཙུགས་པ་སོགས་རིམ་པ་གང་མང་ཞིག་བརྒྱུད་པ་ཡིན།

2_2 ཆིང་གི་དུས་མཇུག

སྤྱི་ལོ1905ལོའི་ཟླ12བའི་ནང་ཆིང་སྲིད་གཞུང་གི་ཆོག་མཆན་བརྒྱུད།  སྐམ་དམག་གི་དམག་དཔོན་གྱིས་དཔོན་པོའི་རིམ་པའི་དཔྱད་བསྡུར་གཏན་འབེབས་ཀྱི་ལུགས་གསར་བ་འགོ་བརྩམས་པ་ནས་བཟུང་རང་རྒྱལ་གྱི་ཆེས་སྔ་བའི་དམག་མིའི་གོ་རྟགས་ཀྱི་རིམ་པ་གྲུབ་པ་ཡིན་ལ།  སྤྱི་ལོ1909ལོའི་ཟླ11པའི་ནང་དམག་དོན་ཁྲུའུ་ཡིས་གོང་མའི་སྲིད་གཞུང་ལ་ཅུན་ཧྲི་དམག་མིའི་གོ་རྟགས་གསུམ་ཡར་ཞུ་བྱས་ཤིང་།  དེའི་ནང་ཧྲང་ཧྲི་དང་ཀྲུང་ཧྲི། ཞ་ཧྲི་བཅས་གསུམ་ཡོད་པ་ཡིན།

2_3 གནས་སྐབས་སྲིད་གཞུང་།

སྤྱི་ལོ1912ལོར།  གནས་སྐབས་སྲིད་གཞུང་གིས་ཆིང་དུས་མཇུག་གི་དམག་མིའི་གོ་རྟགས་ལམ་ལུགས་སྔར་བཞིན་བེད་སྤྱོད་བྱས་པ་མ་ཟད་སྙོམས་སྒྲིག་ཅུང་ཙམ་བྱས་ཤིང་།  དེའི་ནང་ཅུན་ཧྲི་ནི་རིམ་པ་དང་པོའི་དམག་དང་རིམ་པ་གཉིས་པའི་དམག་ཏུ་དབྱེ་བ་དང་།  དུས་ཡུན་ཅུང་ཙམ་འགོར་རྗེས།  ཡང་བསྐྱར་དམག་མིའི་གོ་རྟགས་རིམ་པ་དང་མཚན་བྱང་བཅོས་བསྒྱུར་བྱས་ལ།  ཅུན་ཧྲི་རིམ་པ་གསུམ་དུ་བཀར་ཏེ་ཧྲང་ཧྲི་དང་ཀྲུང་ཧྲི།  ཞ་ཧྲི་བཅས་སུ་བཏང་།

2_4 པེ་དབྱང་དམག

སྤྱི་ལོ1912ལོའི་ཟླ8པའི་ནང་།  པེ་དབྱང་དམག་གིས་གནས་སྐབས་སྲིད་གཞུང་གི་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་ཀྱི་རྨང་གཞིའི་སྟེང་ཡང་བསྐྱར་དམག་མིའི་གོ་རྟགས་གཏན་འབེབས་བྱས་ཤིང་།  ཅུན་ཧྲི་ནི་ཧྲང་ཧྲི་དང་ཀྲུང་ཧྲི།  ཞ་ཧྲི་བཅས་གསུམ་དུ་གཏན་ཁེལ་བྱས།

རྗེས་སུ།  རྒྱལ་དམངས་གསར་བརྗེ་དམག་དང་མི་དམངས་བཅིངས་འགྲོལ་དམག་གིས་ཅུན་ཧྲིའི་རིམ་པ་གསུམ་སོར་བཞག་བྱས་ནས་ལོ་འགའ་འགོར་ལ།  སྤྱི་ལོ1998ལོའི་ཟླ12 པའི་ནང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཞབས་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་པ་དང་།  དེའི་ནང་ཅུན་ཧྲི་དང་ཧྲི་ཀོན་གྱི་དམག་མིའི་གོ་རྟགས་མེད་པར་བཟོས་ཤིང་།  ཧྲི་ཀོན་གྱི་དམག་མིའི་གོ་རྟགས་གསར་བ་དེ་རིམ་པ་དྲུག་ཏུ་བཏང་བ་དང་། དེའི་ནང་ཀྲུང་ཧྲིའི་དམག་མིའི་གོ་རྟགས་ཡོད་པ་ཡིན། སྤྱི་ལོ2009ལོའི་ཟླ7པའི་ཚེས13ཉིན།  ཀྲུང་དབྱང་དམག་ཨུ་ཡིས《ཧྲི་ཀོན་ལམ་ལུགས་ཇུས་གཞི་བཅོས་བསྒྱུར་ཟབ་ཏུ་གཏོང་བ》སྤེལ་ཞིང་།    དེའི་ནང་ཧྲི་ཀོན་གྱི་དམག་མིའི་གོ་རྟགས་སྔོན་གྱི་རིམ་པ་དྲུག་ནས་རིམ་པ་བདུན་དུ་ལེགས་སྒྲིག་བྱས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-26

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།