མཚོ་དམག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་དམག
མཚོ་དམག་ནི་རྒྱལ་ཁབ་ཅིག་གི་མཚོ་ཐོག་དམག་དོན་དང་འགོག་སྲུང་གི་དམག་དོན་རྩ་འཛུགས་ཡོངས་ལ་གོ་ཞིང་། དེའི་ཁོངས་སུ་གྲུ་དང་མི་སྣ། མཚོ་དམག་གི་ལས་ཁུངས་བཅས་འདུ་བ་ཡིན། མཚོ་འཐབ་ཀྱི་དམག་དཔུང་ནི་རྒྱུན་པར་དམག་གྲུའི་དམག་དཔུང་དང་ཆུར་འཛུལ་དམག་གྲུའི་དམག་དཔུང་། མཁའ་སྐྱོད་དམག་དཔུང་། མཚོ་དམག་སྐམ་འཐབ་རུ་ཁག གཞན་ཆེད་ལས་དམག་དཔུང་བཅས་ཀྱིས་གྲུབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海军
ཕྱི་ཡིག་གི་མིང་།
navy
རིགས།
དམག་དོན་རྩ་འཛུགས།
གྲུབ་ཆ།
གྲུ་དང་མི་སྣ། མཚོ་དམག་གི་ལས་ཁུངས།
དམག་འཐབ་བྱེད་ས།
མཚོ་ཐོག
1 ངོ་སྤྲོད།

མཚོ་དམག་ནི་རྒྱལ་ཁབ་ཅིག་གི་མཚོ་ཐོག་དམག་དོན་དང་འགོག་སྲུང་གི་དམག་དོན་རྩ་འཛུགས་ཡོངས་ལ་གོ་ཞིང་།   དེའི་ཁོངས་སུ་གྲུ་དང་མི་སྣ།   མཚོ་དམག་གི་ལས་ཁུངས་བཅས་འདུ་བ་ཡིན།   མཚོ་འཐབ་ཀྱི་དམག་དཔུང་ནི་རྒྱུན་པར་དམག་གྲུའི་དམག་དཔུང་དང་ཆུར་འཛུལ་དམག་གྲུའི་དམག་དཔུང་།   མཁའ་སྐྱོད་དམག་དཔུང་།  མཚོ་དམག་སྐམ་འཐབ་རུ་ཁག   གཞན་ཆེད་ལས་དམག་དཔུང་བཅས་ཀྱིས་གྲུབ་པ་ཡིན།

2 ལོ་རྒྱུས་ཀྱི་འཕེལ་ཕྱོགས།

མཚོ་དམག་གི་བྱུང་བ་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་རྒྱུན་རིང་ལ།   དེས་དམག་གྲུ་གཙོ་ཤུགས་སུ་བཟུང་ནས་གདོད་མའི་སྟབས་བདེ་ཡི་གནའ་རབས་དམག་གྲུ་ནས་མ་ལག་མང་པོའི་དེང་རབས་དམག་གྲུར་འཕེལ་རྒྱས་ཕྱིན་པ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པ་ཡིན།

གནའ་རབས་ཨེ་ཅིབ་དང་ཧྥེ་ཉི་ཅི།   ཀྲུང་གོ   ཀེ་རི་སེ་བཅས་ནི་འཛམ་གླིང་སྟེང་གྲུ་བཟོ་དང་མཚོ་སྐྱོད་ཀྱི་འབྱུང་གནས་ཡིན་ཞིང་།   གནའ་རབས་ཨེ་ཅིབ་ཀྱི་གྲུ་བཟོ་དང་མཚོ་སྐྱོད་ཀྱི་ལོ་རྒྱུས་ཧ་ཅང་རྒྱུན་རིང་ལ།   སྤྱི་ལོ་སྔོན་གྱི་ལོ་ངོ་སྟོང་གསུམ་ལྷག་ལ་ཁུངས་འདེད་བྱ་ཆོག  ཆེས་སྔ་མའི་དམག་གྲུ་ནི་སྤྱི་ལོ་སྔོན་གྱི་ལོ་ངོ་སྟོང་གཅིག་ཉིས་བརྒྱ་སྔོན་ལ་ཨེ་ཅིབ་དང་ཧྥེ་ཉི་ཅི།   ཀེ་རི་སེ་རྒྱལ་ཁབ་བཅས་སུ་མངོན་པ་ཡིན་ཞིང་།   གཙོ་བོ་གྲུ་ཁེམ་གྱིས་གྲུ་གཏོང་བ་ཡིན་ལ།   སྐབས་ལ་ལར་གཡོར་མོའི་རོགས་འདེགས་ལ་བསྟེན་ནས་གྲུ་གཏོང་བ་ཡིན།

དུས་རབས་བཅོ་བརྒྱད་པར་རླངས་སྒུལ་འཕྲུལ་འཁོར་གྱི་གསར་གཏོད་དང་ལྕགས་བཞུ་བའི་ལག་རྩལ།   འཕྲུལ་ཆས།   འབར་རྫས་བཟོ་ལས་ཀྱི་འཕེལ་རྒྱས་བྱུང་བ་ཡིས་ཤིང་གི་རྒྱུའི་དམག་གྲུ་འགྱུར་ནས་རྒྱུ་ཧ་ཅང་བཟང་བའི་དམག་གྲུ་བྱུང་།   འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ་གནམ་གྲུ་འབབ་སའི་གྲུ་གཟིངས་དང་ཆུར་འཛུལ་དམག་གྲུ་སོགས་དམག་གྲུ་སྣ་མང་བྱུང་ལ།   དུས་དེ་ནས་བཟུང་མཚོ་དམག་གི་འཕེལ་རྒྱས་ཇེ་མགྱོགས་སུ་ཕྱིན།  

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཚོ་དམག་ནི་མི་དམངས་བཅིངས་འགྲོལ་དམག་ཁྲོད་དམག་གྲུའི་དམག་དཔུང་དང་མཚོ་དམག་མཁའ་སྐྱོད་དམག་དཔུང་གཙོ་གཞི་རུ་བཟུང་ནས།   མཚོ་ཐོག་གི་དམག་འཐབ་ལ་འགན་ཁུར་བའི་དཔུང་རིགས་ཡིན་ལ།   མཚོ་ཐོག་གི་དམག་འཐབ་ཀྱི་གཙོ་ཤུགས་ཡིན་ཞིང་།   མི་དམངས་བཅིངས་འགྲོལ་དམག་གི་སྐམ་དམག་གི་རྨང་གཞིའི་སྟེང་སྒྲིག་འཛུགས་བྱས་པ་ཡིན།   ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཚོ་དམག་དམག་ཤུགས་ནི་དམག་གྲུའི་དམག་དཔུང་དང་ཆུར་འཛུལ་དམག་གྲུའི་དམག་དཔུང་།   མཁའ་སྐྱོད་དམག་དཔུང་།   མཚོ་དམག་སྐམ་འཐབ་རུ་ཁག   མཚོ་ངོགས་འགོག་སྲུང་དམག་དཔུང་།   རྒྱབ་ཕྱོགས་ཞབས་འདེགས་དམག་དཔུང་སོགས་ཀྱིས་གྲུབ་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-26

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།