མཁའ་དམག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

མཁའ་དམག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དམག་གི་སྒྲིག་འཛུགས། )

མཁའ་དམག
མཁའ་དམག་ནི་དེང་རབས་ཅན་སྐམ་མཚོ་མཁའ་གསུམ་གྱི་དམག་དཔུང་ཁྲོད་དབུ་བརྙེས་པའི་དུས་ཚོད་ཆེས་འཕྱིས་པ་སྟེ། རྒྱལ་ཁབ་མང་ཤོས་ཤིག་ལ་འཛམ་གླིང་འཁྲུག་ཆེན་ཐེངས་དང་པོ་མཇུག་རྫོགས་རྗེས་ད་གཟོད་རང་རྐྱ་འཕེར་བའི་མཁའ་དམག་མངོན་པ་ཡིན། མཁའ་དམག་ནི་མཁའ་དབྱིངས་ནས་དམག་འཐབ་བྱ་བའི་དཔུང་རིགས་ཤིག་ཡིན་ཞིང་། རྒྱལ་ཁབ་མང་ཤོས་ཀྱི་མཁའ་དམག་ནི་མཁའ་སྐྱོད་དམག་དཔུང་དང་ས་ཐོག་འཕུར་མདའ་དམག མཁའ་འཕེན་མེ་སྒྱོགས་དམག་སོགས་དཔུང་རིགས་ཀྱིས་གྲུབ་པ་ཡིན་ལ། མཁའ་དམག་གི་དམག་ཆས་གནམ་གྲུ་ལ་རྒྱུན་པར་རྒོལ་འཇོམས་གནམ་གྲུ་དང་མདེལ་དབྱུག་གནམ་གྲུ། རྒོལ་འཇོམས་མདེལ་དབྱུག་གནམ་གྲུ་སོགས་ཡོད། གཞི་རྩའི་ལས་འགན་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་མཁའ་ཟོན་དང་སྐམ་དམག་ལ་རོགས་སྐྱོར། མཁའ་དམག་དམག་འཐབ། དགྲ་བོའི་རྗེས་ལ་མཁའ་རྒོལ་བྱ་བ། མཁའ་ཐོག་སྐྱེལ་འདྲེན། མཁའ་སྐྱོད་མྱུལ་ཞིབ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
空军
ཕྱི་ཡིག་གི་མིང་།
The air force
དཔུང་རིགས།
མཁའ་སྐྱོད་དམག་དཔུང་དང་ས་ཐོག་འཕུར་མདའ་དམག མཁའ་འཕེན་མེ་སྒྱོགས་དམག་སོགས་ཡོད།
དབུ་བརྙེས་པའི་ལོ།
སྤྱི་ལོ1909ལོ།
1 ངོ་སྤྲོད།

མཁའ་དམག་ནི་དེང་རབས་ཅན་སྐམ་མཚོ་མཁའ་གསུམ་གྱི་དམག་དཔུང་ཁྲོད་དབུ་བརྙེས་པའི་དུས་ཚོད་ཆེས་འཕྱིས་པ་སྟེ། རྒྱལ་ཁབ་མང་ཤོས་ཤིག་ལ་འཛམ་གླིང་འཁྲུག་ཆེན་ཐེངས་དང་པོ་མཇུག་རྫོགས་རྗེས་ད་གཟོད་རང་རྐྱ་འཕེར་བའི་མཁའ་དམག་མངོན་པ་ཡིན།   མཁའ་དམག་ནི་མཁའ་དབྱིངས་ནས་དམག་འཐབ་བྱ་བའི་དཔུང་རིགས་ཤིག་ཡིན་ཞིང་།   རྒྱལ་ཁབ་མང་ཤོས་ཀྱི་མཁའ་དམག་ནི་མཁའ་སྐྱོད་དམག་དཔུང་དང་ས་ཐོག་འཕུར་མདའ་དམག    མཁའ་འཕེན་མེ་སྒྱོགས་དམག་སོགས་དཔུང་རིགས་ཀྱིས་གྲུབ་པ་ཡིན་ལ།   མཁའ་དམག་གི་དམག་ཆས་གནམ་གྲུ་ལ་རྒྱུན་པར་རྒོལ་འཇོམས་གནམ་གྲུ་དང་མདེལ་དབྱུག་གནམ་གྲུ།   རྒོལ་འཇོམས་མདེལ་དབྱུག་གནམ་གྲུ་སོགས་ཡོད།   གཞི་རྩའི་ལས་འགན་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་མཁའ་ཟོན་དང་སྐམ་དམག་ལ་རོགས་སྐྱོར།   མཁའ་དམག་དམག་འཐབ།   དགྲ་བོའི་རྗེས་ལ་མཁའ་རྒོལ་བྱ་བ།   མཁའ་ཐོག་སྐྱེལ་འདྲེན།   མཁའ་སྐྱོད་མྱུལ་ཞིབ་བཅས་ཡིན།

2 ལོ་རྒྱུས་ཀྱི་འཕེལ་ཕྱོགས།

སྤྱི་ལོ1903ལོའི་ཟླ12བའི་ཚེས17ཉིན་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་རླབས་ཆེ་བའི་དུས་ཤིག་ཡིན་ལ།   ཨ་མེ་རི་ཁའི་ལའེ་ཐེ་གཅེན་གཅུང་གིས་ལྕགས་རྟ་ཞིག་གསོའི་ལག་རྩལ་བཀོལ་ནས།   སྔོན་ཆད་ཀྱི་རླུང་འདེད་ལྡིང་འཁོར་འཕྲུལ་ཆས་ལ་གྲུབ་འབྲས་གཟེངས་སུ་ཐོན་པའི་བཅོས་བསྒྱུར་གྱི་རྨང་གཞིའི་སྟེང་།   འཛམ་གླིང་སྟེང་གི་ཆེས་ཐོག་མའི་དོན་སྙིང་ལྡན་པའི་གནམ་གྲུ་གསར་བཟོ་བྱས།

སྤྱི་ལོ1909ལོར།   ཨ་རིའི་སྐམ་དམག་གིས་འཛམ་གླིང་སྟེང་ཆེས་ཐོག་མའི་དམག་སྤྱོད་གནམ་གྲུ་དམག་ཆས་སུ་བཀོལ་བ་དང་།   སྤྱི་ལོ1911ལོའི་ཟླ10བའི་ཚེས23ཉིན།   དབྱི་ཐ་ལི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་དམག་འཐབ་བྱ་དུས།   ཐོག་དང་པོར་གནམ་གྲུ་བཀོལ་ལ།   དེའི་རྗེས་སུ་དམག་སྤྱོད་གནམ་གྲུ་ནི་འཇར་མན་དང་དབྱིན་ཇི།   ཧྥ་རན་སེ་རྒྱལ་ཁབ་བཅས་ཡོ་རོབ་གླིང་གི་རྒྱལ་ཁབ་དག་ཏུ་མགྱོགས་མྱུར་གྱིས་འཕེལ་རྒྱས་བྱུང་།  འཛམ་གླིང་འཁྲུག་ཆེན་ཐེངས་དང་པོ་མཇུག་རྫོགས་རྗེས།   རྒྱལ་ཁབ་སོ་སོས་གནམ་གྲུའི་བྱེད་ནུས་ལ་ངེས་ཤེས་ཟབ་མོ་ཐེབས་པས།   རྒྱུན་ཆད་མེད་པར་གནམ་གྲུ་ལ་ལེགས་བཅོས་བྱས་པ་དང་།   ལྕགས་བཞུ་བའི་ལག་རྩལ་དང་འཕྲུལ་ཆས་གསར་བཟོའི་ལག་རྩལ་འཕེལ་རྒྱས་བྱུང་བ་ཡིས་གནམ་གྲུའི་ནུས་པ་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བྱས།

ཀྲུང་གོ་ནི་མཁའ་སྐྱོད་དམག་དཔུང་བཙུགས་པ་ཅུང་སྔ་བའི་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན་ལ།   སྤྱི་ལོ1911ལོའི་ལྕགས་ཕག་ལོའི་གསར་བརྗེ་མཇུག་རྫོགས་རྗེས།   ཝུའུ་ཁྲང་དང་ཧྲང་ཧའེ་བདེ་སྲུང་དམག་དཔོན་གྱི་ལས་ཁུངས་སུ་མཁའ་སྐྱོད་རུ་ཁག་རེ་རེ་གསར་འཛུགས་བྱས་པ་དང་།   སྤྱི་ལོ1913ལོར་པེ་ཅིང་སྲིད་གཞུང་གིས་པེ་ཅིང་ནན་ཡོན་དུ་ཀྲུང་གོའི་ཐོག་དང་པོའི་དམག་དོན་མཁའ་སྐྱོད་སློབ་གྲྭ་བཙུགས་ཤིང་།   སྤྱི་ལོ1928ལོར་རྒྱལ་དམངས་སྲིད་གཞུང་གིསམཁའ་སྐྱོད་ཧྲུའུ་གསར་འཛུགས་བྱས་ཏེ།   ཞིང་ཆེན་སོ་སོའི་མཁའ་སྐྱོད་དམག་དཔུང་བསྡུ་འགོ་བརྩམས་ནས་གཅིག་གྱུར་གྱི་མཁའ་དམག་གསར་འཛུགས་བྱས།   བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་སུ།   སྤྱི་ལོ1946ལོར་བྱང་ཤར་དུ་བཅིངས་འགྲོལ་དམག་གི་ཐོག་དང་པོའི་མཁའ་སྐྱོད་སློབ་གྲྭ་གསར་འཛུགས་བྱས་པ་དང་།   འཕུར་སྐྱོད་པ་དང་མཁའ་སྐྱོད་བཟོ་སྐྲུན་འཕྲུལ་འཁོར་ལས་གཉེར་པ་སྐོར་ཞིག་ལ་གསོ་སྦྱོང་བྱས།   སྤྱི་ལོ1949ལོའི་ཟླ3པར།   ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་དམག་ཨུ་མཁའ་སྐྱོད་ཅུའུ་གསར་འཛུགས་བྱེད་རྒྱུའི་ཐག་གཅོད་བྱས་པ་དང་།   གཅིག་གྱུར་གྱིས་ཀྲུང་གོ་མི་དམངས་མཁའ་སྐྱོད་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་བྱས་ཤིང་།   ལོ་དེའི་ཟླ་བདུན་པར།   ཀྲུང་གུང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཁའ་དམག་གསར་འཛུགས་བྱ་རྒྱུ་ཐག་གཅོད་བྱས།    སྤྱི་ལོ1950ལོའི་ཟླ8པར་ཐོག་དང་པོའི་གནམ་གྲུ་ནས་མཆོང་མཁན་དམག་དཔུང་གསར་འཛུགས་བྱས་པ་དང་།   རྗེས་སུ་ཡང་བསྟུད་མར་མདེལ་དབྱུག་དང་རྒོལ་འཇོམས།   མྱུལ་ཞིབ།   མཁའ་ཐོག་སྐྱེལ་འདྲེན་སོགས་ཀྱི་དམག་དཔུང་དང་སློབ་གླིང་བཙུགས་ནས།    དམག་ཁུལ་སོ་སོའི་མཁའ་དམག་འགོ་ཁྲིད་ལས་ཁུངས་གསར་འཛུགས་བྱས།   དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་དུས་དཀྱིལ་ནས་བཟུང་།    མཁའ་དམག་གིས་རང་རྒྱལ་ནས་ཐོན་པའི་གནམ་གྲུ་དམག་ཆས་སུ་བཀོལ་བ་འགོ་བརྩམས།    སྤྱི་ལོ1957ལོར།   མཁའ་ཟོན་དམག་དཔུང་དང་མཁའ་དམག་གཉིས་ཟླ་སྒྲིལ་བྱས་ནས།   མཁའ་དམག་གི་སྒྲིག་གཞིའི་ཁྲོད་མཁའ་འཕེན་མེ་སྒྱོགས་དང་ལེ་ཏ་དམག    འཕྲིན་སྐྱེལ་དམག   ས་ཐོག་འཕུར་མདའ་དམག་སོགས་དཔུང་རིགས་ཁ་སྣོན་བྱས་པ་དང་།    སྤྱི་ལོ1958ལོར་ས་ཐོག་འཕུར་མདའ་དམག་དཔུང་གསར་འཛུགས་བྱས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-17

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།