སྒེར་གཉེར་དཔལ་འབྱོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒེར་གཉེར་དཔལ་འབྱོར་ནི་ཐོན་སྐྱེད་རྒྱུ་ཆ་ངལ་རྩོལ་པ་སྒེར་ལ་དབང་བའི་རྨང་གཞིའི་སྟེང་། སྒེར་གཉེར་ངལ་རྩོལ་དང་སྒེར་མིས་ལས་གཉེར་བྱེད་པའི་སྒེར་དབང་ལམ་ལུགས་ཀྱི་དཔལ་འབྱོར་ཞིག་ཡིན། སྒེར་གཉེར་དཔལ་འབྱོར་གྱི་ཁྱབ་རྒྱ་ཆུང་བ་དང་། ལག་ཆ་ཉུང་བ། བེད་སྤྱོད་སྟབས་བདེ་བ། སྟབས་བསྟུན་ལས་གཉེར་བཅས་ཀྱི་ཁྱད་ཆོས་ལྡན། གཞི་རྩའི་སྟེང་དེ་ལ་བཤུ་གཞོག་གི་སྣང་ཚུལ་མེད་ཅིང་། དེ་ལ་མངོན་གསལ་གྱི་ཁྱད་ཆོས་གཉིས་ལྡན་ཏེ། དང་པོ་ནི། ཐོན་སྐྱེད་རྒྱུ་ཆ་དང་ངལ་རྩོལ་འབྲས་བུ་མི་སྒེར་ལ་དབང་བ། གཞན་དེ་ནི། ངལ་རྩོལ་པས་རང་ཉིད་ཀྱི་ངལ་རྩོལ་རྨང་གཞིར་འཛིན་པ་ཞིག་ཡིན། སྒེར་གཉེར་དཔལ་འབྱོར་གྱི་གོ་རིམ་དུ། ཐོན་སྐྱེད་མཁན་ནི་ཐད་ཀའི་ངལ་རྩོལ་བྱེད་མཁན་དེ་ཡིན་ལ། ཐོན་སྐྱེད་རྒྱུ་ཆ་ཡང་དེ་ལ་དབང་བ་ཡིན། ངལ་རྩོལ་པས་གཙོ་བོ་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་ཡོང་སྒོ་རག་ཐུབ་བྱེད་ཀྱི་ཡོད། དེ་ནི་བཤུ་གཞོག་གི་འབྲེལ་བ་མེད་པའི་སྒེར་དབང་དཔལ་འབྱོར་གྱི་རིགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
个体经济
ཕྱི་ཡིག་གི་མིང་།
Individual economy
རིགས་དབྱེ།
སྒེར་ལ་དབང་བའི་དཔལ་འབྱོར་ལམ་ལུགས།
ཁྱད་ཆོས།
གཞི་རྒྱ་ཆུང་བ། ལག་ཆ་སྔོན་ཐོན་མིན་པ། བཀོལ་སྤྱོད་སྟབས་བདེ་བ།
མི་འདང་ས།
གཏན་འཇགས་མ་ཡིན་པའི་རང་བཞིན་ལྡན་པ།
1 གཞི་རྩའི་གོ་དོན།

སྒེར་གཉེར་དཔལ་འབྱོར་ནི་ཁ་འཐོར་དང་ཁྱབ་རྒྱ་ཆུང་བའི་ཐོན་སྐྱེད་ཆ་རྐྱེན་གྱི་རྨང་གཞིའི་སྟེང་བཙུགས་པ་དང་། དེ་ལ་གཏན་འཇགས་མ་ཡིན་པའི་རང་བཞིན་ལྡན་པས། སྤྱི་ཚོགས་ཀྱི་རྣམ་པ་མི་འདྲ་བའི་ནང་དུ། དབང་སྒྱུར་གོ་གནས་འཛིན་པའི་དཔལ་འབྱོར་གྱི་འབྲེལ་བ་གྲུབ་མི་རུང་། དེ་ནི་ནམ་ཡང་གཞན་བརྟེན་དབང་འཛིན་གོ་གནས་ཀྱི་དཔལ་འབྱོར་རྣམ་པ་ཞིག་ཡིན། སྒེར་གཉེར་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།

2 རྩ་བའི་ཁྱད་ཆོས།

(1) གྲངས་འབོར་གཏན་འཇགས་ངང་གོང་དུ་འཕེལ་བ། 

(2) ལས་གཉེར་ཁྱབ་རྒྱ་མུ་མཐུད་དུ་རྒྱ་ཆེར་འགྲོ་བ།  

(3) དུས་རྒྱུན་སྤྱིའི་དཔལ་འབྱོར་ལ་ཕན་ནུས་འདོན་པ། 

(4) འཕེལ་རྒྱས་ཀྱི་ཁོར་ཡུག་རིམ་བཞིན་རྒྱ་ཆེར་འགྲོ་བ།

3 ལོ་རྒྱུས་ཀྱི་དུས་རིམ།

དུས་རིམ་དང་པོ། སྤྱི་ལོ1978 ལོ་ནས་སྤྱི་ལོ2986 ལོའི་བར་ཡིན་ཞིང་། དུས་རིམ་དེ་ནི་མགོ་རྩོམ་ས་ཡིན་ལ་འཕེལ་རྒྱས་ཆེས་ཆེར་འགྲོ་བའི་དུས་རིམ་ཞིག་ཀྱང་ཡིན། ལོ་རེར་ཆ་སྙོམས་ཀྱིས74.6% འཕར་གྱི་ཡོད།

དུས་རིམ་གཉིས་པ་ནི། སྤྱི་ལོ1987 ལོ་ནས་སྤྱི་ལོ1999 ལོའི་བར་ཡིན་ཞིང་། དུས་རིམ་དེ་ནི་མགྱོགས་མྱུར་གྱིས་འཕེལ་རྒྱས་འགྲོ་བའི་དུས་རིམ་ཞིག་ཡིན་ལ། ལོ་རེར་ཆ་སྙོམས་ཀྱིས 7.2% ཙམ་འཕར་གྱི་ཡོད།

དུས་རིམ་གསུམ་པ་ནི། སྤྱི་ལོ2000 ལོ་ནས་སྤྱི་ལོ2005 ལོའི་བར་ཡིན་ཞིང་། དེ་ནི་ལེགས་སྒྲིག་བྱེད་པའི་དུས་རིམ་དེ་ཡིན་ལ། ལོ་རེར་ཆ་སྙོམས -0.85% ཙམ་འཕར་གྱི་ཡོད།

དུས་རིམ་བཞི་བ། སྤྱི་ལོ2005 ལོ་ནས་སྤྱི་ལོ2011 ལོའི་བར་ཡིན་ཞིང་། དེ་ནི་གཏན་འཇགས་ངང་འཕེལ་རྒྱས་འགྲོ་བའི་དུས་རིམ་ཡིན་ལ། ལོ་རེར་ཆ་སྙོམས་ཀྱིས 7.3% ཙམ་འཕར་གྱི་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།