བརྒྱ་དཔོན། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བརྒྱ་དཔོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དེང་རབས་དམག་དོན།)

བརྒྱ་དཔོན།
བརྒྱ་དཔོན་ནི་དམག་དཔུང་ཁྲོད་བརྒྱ་ཤོག་གི་ཆེས་མཐོའི་བཀོད་འདོམས་དམག་དཔོན་ཡིན་ཞིང་། སྤྱིར་བཏང་དུ་ཧྲང་ཝེའམ་ཡང་ན་ཀྲུང་ཝེ་ཡིས་འགན་འཁུར་བ་ཡིན། བརྒྱ་ཤོག་རེ་ལ་ལྡིང་ཤོག་གསུམ་ཡོད་ཅིང་། ལྡིང་ཤོག་རེ་ལ་བཅུ་ཤོག་གསུམ་རེ་ཡོད་ལ། བཅུ་ཤོག་རེ་ལ་ཧ་ལམ་མི་བཅུ་རེ་ཡོད་པ་དང་། དམག་མི་མ་བྱན་སོགས་ཁ་བསྣན་ན་བརྒྱ་ཤོག་རེ་ལ་ཧ་ལམ་མི་བརྒྱ་ཁ་ཤས་ཡོད་པ་ཡིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཁྲོད། བརྒྱ་དཔོན་ནི་བརྒྱ་ཤོག་གི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཡིན་ལ། ཆབ་སྲིད་ཐོག་ཆབ་སྲིད་ཁྲིད་སྟོན་པ(ཏང་ཀྲི་པུའུ་ཧྲུའུ་ཅི)ས་ལྟ་སྐུལ་བྱ་བ་ཡིན། བརྒྱ་དཔོན་དང་ཆབ་སྲིད་ཁྲིད་སྟོན་པ་གཉིས་ཀྱི་རིམ་པ་ནི་འདྲ་མཉམ་ཡིན་ཡང་། བྱ་བའི་ཐོག་གི་ལས་ཀ་མི་འདྲ་བ་ཡིན་ཞིང་། བརྒྱ་དཔོན་གྱིས་དམག་དོན་བྱ་བ་ལ་འགན་འཁུར་བ་དང་ཆབ་སྲིད་ཁྲིད་སྟོན་པས་ཆབ་སྲིད་བྱ་བ་ལ་འགན་འཁུར་བ་ཡིན། སྤྱིར་བཏང་དུ་བརྒྱ་དཔོན་ལ་འཕྲིན་སྐྱེལ་མི་སྣ་རེ་བཀོད་སྒྲིག་བྱ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
连长
ཕྱི་ཡིག་གི་མིང་།
company commander
རིགས།
དམག་མིའི་གོ་རྟགས།
སྤྱད་འཐུས་ཀྱི་ཁོངས་མཚམས།
དམག་དཔུང་།
1 ངོ་སྤྲོད།

བརྒྱ་དཔོན་ནི་དམག་དཔུང་ཁྲོད་བརྒྱ་ཤོག་གི་ཆེས་མཐོའི་བཀོད་འདོམས་དམག་དཔོན་ཡིན་ཞིང་།   སྤྱིར་བཏང་དུ་ཧྲང་ཝེའམ་ཡང་ན་ཀྲུང་ཝེ་ཡིས་འགན་འཁུར་བ་ཡིན།   བརྒྱ་ཤོག་རེ་ལ་ལྡིང་ཤོག་གསུམ་ཡོད་ཅིང་།   ལྡིང་ཤོག་རེ་ལ་བཅུ་ཤོག་གསུམ་རེ་ཡོད་ལ།   བཅུ་ཤོག་རེ་ལ་ཧ་ལམ་མི་བཅུ་རེ་ཡོད་པ་དང་།   དམག་མི་མ་བྱན་སོགས་ཁ་བསྣན་ན་བརྒྱ་ཤོག་རེ་ལ་ཧ་ལམ་མི་བརྒྱ་ཁ་ཤས་ཡོད་པ་ཡིན།   ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཁྲོད།   བརྒྱ་དཔོན་ནི་བརྒྱ་ཤོག་གི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཡིན་ལ།   ཆབ་སྲིད་ཐོག་ཆབ་སྲིད་ཁྲིད་སྟོན་པ(ཏང་ཀྲི་པུའུ་ཧྲུའུ་ཅི)ས་ལྟ་སྐུལ་བྱ་བ་ཡིན།   བརྒྱ་དཔོན་དང་ཆབ་སྲིད་ཁྲིད་སྟོན་པ་གཉིས་ཀྱི་རིམ་པ་ནི་འདྲ་མཉམ་ཡིན་ཡང་།   བྱ་བའི་ཐོག་གི་ལས་ཀ་མི་འདྲ་བ་ཡིན་ཞིང་།   བརྒྱ་དཔོན་གྱིས་དམག་དོན་བྱ་བ་ལ་འགན་འཁུར་བ་དང་ཆབ་སྲིད་ཁྲིད་སྟོན་པས་ཆབ་སྲིད་བྱ་བ་ལ་འགན་འཁུར་བ་ཡིན།    སྤྱིར་བཏང་དུ་བརྒྱ་དཔོན་ལ་འཕྲིན་སྐྱེལ་མི་སྣ་རེ་བཀོད་སྒྲིག་བྱ་བ་ཡིན།

2 བརྒྱ་དཔོན་གྱི་འགན་འཁྲི།

《ནང་སྲིད་ཀྱི་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་ན།   བརྒྱ་དཔོན་གྱི་འགན་འཁྲི་ནི་གཤམ་གསར་ལྟར།  

བརྒྱ་དཔོན་དང་ཆབ་སྲིད་ཁྲིད་སྟོན་པ་གཉིས་ནི་བརྒྱ་ཤོག་གི་མི་སྣ་ཡོངས་ཀྱི་གཙོ་འཛིན་ཡིན་ཞིང་།   མཉམ་གྱིས་བརྒྱ་ཤོག་གི་བྱ་བ་ལ་འགན་འཁུར་དགོས་པ་ཡིན།   བརྒྱ་དཔོན་ནི་བརྒྱ་ཤོག་གི་དམག་དོན་བྱ་བའི་འགན་གཙོ་བོ་འཁུར་མཁན་ཡིན་པས།   གཤམ་གྱི་འགན་འཁྲི་དག་ལག་བསྟར་བྱ་དགོས་པ་ཡིན།

1.བརྒྱ་ཤོག་ཡོངས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཟབ་མོ་ཡོད་དགོས་ཤིང་།   གོང་རིམ་གྱི་མཛུབ་སྟོན་དང་རེ་བ་གཞིར་བཟུང་སྟེ།   དངོས་ཡོད་དང་ཟུང་འབྲེལ་བྱས་ནས་དམག་དོན་བྱ་བའི་བཀོད་སྒྲིག་འཆར་གཞི་དང་འགོ་ཁྲིད་ཀྱི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱ་བ།

2.བརྒྱ་ཤོག་ཡོངས་ཀྱི་དམག་གྲབས་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་ལ་འགོ་ཁྲིད་བྱས་ཏེ།   བརྒྱ་ཤོག་ཡོངས་ཀྱི་དམག་འཐབ་ཀྱི་ལས་འགན་ལེགས་འགྲུབ་བྱ་བར་བཀོད་འདོམས་བྱ་བ།

3.བརྒྱ་ཤོག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་ལ་རྩ་འཛུགས་འགོ་ཁྲིད་བྱས་ཏེ།   འཆར་གཞི་ལྟར་སྦྱོང་བརྡར་གྱི་ལས་འགན་ལེགས་འགྲུབ་བྱས་ནས་བརྒྱ་ཤོག་གི་མི་སྣ་ཡོངས་ཀྱི་འཐབ་རྩལ་གྱི་ལག་རྩལ་ཆུ་ཚད་ཇེ་མཐོར་གཏོང་བ།

4.བརྒྱ་ཤོག་ཡོངས་ལ་སློབ་གསོ་དང་སྣེ་ཁྲིད་ནས་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་དང་བཀའ་ཁྲིམས།   སྒྲིག་སྲོལ་ལམ་ལུགས་བཅས་ལ་ལག་ལེན་མཐར་ཕྱིན་བྱས་ཏེ།  གཟབ་ནན་གྱིས་སྲིད་འཛིན་དོ་དམ་བྱ་བ་དང་སྒྲིག་ཁྲིམས་བརྩི་སྲུང་།   གསང་དོན་དམ་སྲུང་།   ལས་འཛོལ་དང་གྱོད་དོན་སྣ་ཚོགས་ལ་སྔོན་འགོག་བྱ་བ།

5.བརྒྱ་ཤོག་ཡོངས་ཀྱི་དམག་དོན་དངོས་ཤུགས་ཁོང་དུ་ཆུད་པར་བྱ་བ་དང་མི་སྣ་དང་དམག་ཆས་ཀྱི་དོ་དམ་ཇེ་ལེགས་སུ་གཏོང་བ།

6.ཁོངས་གཏོགས་ཀྱི་ཅུན་ཀོན་དང་ཧྲི་ཀོན།   བཅུ་དཔོན་བཅས་ལ་སློབ་གསོ་དང་གསོ་སྐྱོང་བྱས་ནས།   རྩ་འཛུགས་བཀོད་འདོམས་ཀྱི་ནུས་པ་དང་དོ་དོམ་སློབ་གསོའི་ནུས་པ་མཐོར་འདེགས་སུ་གཏོང་བ།

7.བརྒྱ་ཤོག་ཡོངས་ཀྱི་ཞིང་ཞོར་ཐོན་ལས་ལ་རྩ་འཛུགས་བྱས་ནས།   བརྒྱ་ཤོག་གི་ལྟོ་ཆས་དང་འགྲོ་སོང་།   དངོས་ཟོག   ས་ཁང་བདག་ཁོངས་བཅས་ལ་དོ་དམ་བྱ་བ།

8.མངའ་འོག་གི་མི་ལ་ཐུགས་ཁུར་བྱམས་སྐྱོང་བྱ་དགོས་པ་དང་དངོས་ཡོད་གནད་དོན་ཐག་གཅོད་བྱ་བར་རོགས་རམ་བྱ་བ།  

9.གོང་རིམ་གྱིས་གནང་བའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་བ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-06

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།