དམག་མི་རིམ་པ་དང་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམག་མི་རིམ་པ་དང་པོ།
དམག་མི་རིམ་པ་དང་པོ་ནི་དམག་དཔུང་ནང་གི་དམག་མིའི་གོ་རྟགས་ཤིག་ཡིན་ལ། རིམ་པ་དམག་མི་དཀྱུས་མ་ལས་མཐོ་བ། རང་རྒྱལ་དུ་དམག་མི་རིམ་པ་དང་པོས་དམག་སྐུལ་དང་ལེན་ལོ་གཅིག་བྱས་རྗེས་ཞ་ཧྲི་རུ་འཕར་ཆོག་ལ། སྔར་རྒྱུན་རང་འཇགས་སུ་ཡང་གནས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
上等兵
ཕྱི་ཡིག་གི་མིང་།
First Class
རིགས།
དམག་མིའི་གོ་རྟགས།
ཁོངས་གཏོགས།
དམག་མིའི་རིམ་པ་དང་པོ།
1 ངོ་སྤྲོད།

དམག་མི་རིམ་པ་དང་པོ་ནི་དམག་དཔུང་ནང་གི་དམག་མིའི་གོ་རྟགས་ཤིག་ཡིན་ལ། རིམ་པ་དམག་མི་དཀྱུས་མ་ལས་མཐོ་བ།  རང་རྒྱལ་དུ་དམག་མི་རིམ་པ་དང་པོས་དམག་སྐུལ་དང་ལེན་ལོ་གཅིག་བྱས་རྗེས་ཞ་ཧྲི་རུ་འཕར་ཆོག་ལ། སྔར་རྒྱུན་རང་འཇགས་སུ་ཡང་གནས་ཆོག

2 ལོ་རྒྱུས།

མིང་འདི་ཧྥ་རན་སེའི་སྐད་ལས་བྱུང་བ་ཡིན་ཞིང་།  ཧྥ་རན་སེའི་དམག་དཔུང་གིས་སྔོན་ཆད་གཏན་འབེབས་བྱས་པ་ལྟར་ན།  གལ་ཏེ་དམག་འཁྲུག་ཁྲོད་སྐྱ་དམག་གིས་རང་གི་བཅིབས་རྟ་ལ་བདག་བྱེད་མ་ནུས་པར་ཤོར་སོང་བ་ཡིན་ལ།  གནས་སྐབས་སུ་རྐང་དམག་གི་བཀོད་འདོམས་ལ་ཉན་དགོས་པ་དང་།  རྐང་དམག་གི་ལས་ཀ་རྩག་རྩིག་བསྒྲུབ་དགོས་པ་ཡིན་མོད།  འོན་ཀྱང་ཁོ་ཚོའི་མཚན་སྙན་དང་གླ་ཕོགས་སོར་བཞག་བྱ་བ་མ་ཟད། ལས་ཀ་ལྕི་མོའི་རིགས་བསྒྲུབ་མི་དགོས་པ་ཡིན།  རྗེས་སུ་དམག་མིའི་ལས་གནས་མེད་པར་བཟོས་པའི་དམག་མི་འདི་དག་ལ་དམག་མི་རིམ་པ་དང་པོ་རུ་འབོད་པ་ཡིན།  དུས་རབས་བཅུ་བདུན་པའི་དུས་མགོར།  འཇར་མན་གྱིས་དམག་མི་རིམ་པ་དང་པོ་ལ་ཉམས་མྱོང་དང་བློ་གཏད་ཆོག་པའི་དམག་མིའི་མཚན་གནང་བ་དང་།  དེ་ཚོ་ལ་སོ་ལྟ་དང་བཙོན་མ་ལྟ་སྐྱེལ་སོགས་ཀྱི་ལས་འགན་གཙོ་བོ་བསྒྲུབ་ཏུ་འཇུག་ཅིང་།  སྐབས་ལ་ལར་རུ་གཙོ་མེད་དུས་རུ་གཙོ་ཡི་ཚབ་བྱས་ནས་བྱ་བ་བསྒྲུབ་ཆོག    སྤྱི་ལོ1716ལོར།  ཨུ་རུ་སུས་དམག་མི་རིམ་པ་དང་པོ་དེ་རྐང་དམག་དང་སྐྱ་དམག   བཟོ་སྐྲུན་དམག་ཁྲོད་གསར་འཛུགས་བྱས་པ་དང་།  དེ་དག་ལ་དུས་ཡུན་རིང་པོར་དམག་སྐུལ་དང་ལེན་བྱ་བའི་དམག་མིའི་མཚན་གནང་།  སྤྱི་ལོ1722ལོའི《དཔོན་དམག་རིམ་པའི་རེའུ་མིག》གཏན་འབེབས་ལྟར། སྐམ་དམག་ཁྲོད་དམག་མི་རིམ་པ་དང་པོ་དང་སྒྱོགས་མཁན་རིམ་པ་དང་པོ་གསར་འཛུགས་བྱས་པ་དང་།   མཚོ་དམག་ཁྲོད་མཚོ་དམག་རིམ་པ་དང་པོ་གསར་འཛུགས་བྱས།

3 ཀྲུང་གོ

མི་སེར་རྒྱལ་ཁབ་ཀྱི་དུས་སྐབས་སུ།  ཅང་ཅེ་ཧྲིའི་དམག་མིའི་རིམ་པ་དང་པོ་ཡིན་ལ།  རིམ་པ་དང་པོའི་དམག་ལས་མཐོ།   དེང་སྐབས།   ཐའེ་དམག་གིས་འདི་བཀོལ་བ་མ་ཟད།  གཏན་འབེབས་ལྟར་རིམ་པ་གཉིས་པའི་དམག་གིས་དམག་སྐུལ་དང་ལེན་ཟླ་དྲུག་བྱས་རྗེས། རིམ་པ་དང་པོའི་དམག་ལ་འཕར་ཆོག་པ་དང་།  རིམ་པ་དང་པོའི་དམག་གིས་ལོ་གཅིག་གི་རིང་དམག་སྐུལ་དང་ལེན་བྱས་རྗེས་དམག་མི་རིམ་པ་དང་པོ་ལ་འཕར་འགྲོ་བ་ཡིན།  ཀྲུང་གོ་གསར་བ་དབུ་བརྙེས་རྗེས།  རང་དམག་གིས་ཐེངས་གཉིས་ལ་དམག་མིའི་གོ་རྟགས་ལམ་ལུགས་ལག་བསྟར་བྱས་ཤིང་།  ཆ་སྙོམས་དུ་དམག་མིའི་གོ་རྟགས་འདི་གསར་འཛུགས་བྱས། མིག་སྔར།  དམག་མི་གསར་བས་ཟླ་གསུམ་རིང་གི་དམག་སྦྱོང་བརྒྱུད་ཚར་ན།  དམག་མི་དཀྱུས་མིའི་གོ་རྟགས་ཐོབ་པ་ཡིན་ལ།  ལོ་གཅིག་གི་རྗེས་དམག་མི་རིམ་པ་དང་པོ་ལ་འཕར་འགྲོ་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-26

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།