ཤར་ཕྱོགས་དཔལ་འབྱོར་རིག་པ།
ཤར་ཕྱོགས་དཔལ་འབྱོར་རིག་པ་ཞེས་བར། ཆེས་མ་མཐའ་ཡང་ཀྲུང་གོའི་གནའ་རབས་དཔལ་འབྱོར་རིག་པ་དང་རྒྱ་གར་གནའ་རབས་ཀྱི་དཔལ་འབྱོར་རིག་པ། ཨ་ཧྥུ་ཀ་ནི་སི་ཐན་གྱི་གནའ་རབས་དཔལ་འབྱོར་རིག་པ་བཅས་འདུ་བ་ཡིན། དེ་ལས་ཀྲུང་གོའི་གནའ་རབས་དཔལ་འབྱོར་རིག་པའི་ནང་དུ་དངུལ་ལོར་དངུལ་རྩའི་གཞུང་ལུགས་ཏེ་ལྕི་ཡང་རིགས་པའི་གཞུང་ལུགས་དང་། ནོར་སྲིད་གཞུང་ལུགས་སྟེ་སྡེ་གཞུང་རིག་པའི་གཞུང་ལུགས། ཞིང་ཁྲལ་རིགས་པའི་གཞུང་ལུགས་སོགས་འདུ་བ་ཡིན།
ནུབ་ཕྱོགས་དཔལ་འབྱོར་རིག་པ་དེ་ཉེ་རབས་སུ་ཆེས་ཐོག་མར་ཀྲུང་གོར་དར་བའི་སྐབས་སུ། གནའ་རབས་ལོ་རྒྱུས་ཀྱི་རིག་གཞུང་བྱང་དུ་ཆུབ་པའི་ཀྲུང་གོའི་ལོ་ཙཱ་བ་རབས་དང་པོས་དེ་ཉིད“ལྕི་ཡང་རིག་པ” རུ་བསྒྱུར་བ་དང་། རྗེས་སུ་ནུབ་ཕྱོགས་ལྟེ་བ་སྨྲ་བའི་ཤན་ཤུགས་ཐེབས་པའི་ཕྱི་འགྲིམས་སློབ་མ་དག་གིས་ནུབ་ཕྱོགས་དཔལ་འབྱོར་རིག་པའི་གོ་གནས་མཐོ་རུ་གཏོང་ཆེད། རྒྱལ་ཕྱུག་དམངས་འབྱོར་ཞེས་པ་གཞིར་བཟུང་ནས། ནུབ་ཕྱོགས་ལྕི་ཡང་རིག་གཞུང་དེ་དཔལ་འབྱོར་རིག་པར་བསྒྱུར། དེ་ནི་དོན་དངོས་སུ་ལོ་རྒྱུས་ཀྱི་ནོར་འཛོལ་ཅིག་དང་ཡང་ན་མ་བསམ་པར་བརྩེས་པའི་ཀུ་རེ་ཞིག་གོ །
ཀྲུང་གོའི་ཕྱི་འབྲེལ་བྱ་བ་དང་རིག་གནས་གསར་བ་ཕྱོགས་ཡོངས་ནས་ནུབ་བསྒྱུར་སློབ་གསོའི་ཤན་ཤུགས་ངན་པའི་འོག་ཏུ། རྒྱལ་དམངས་ཀྱིས་རང་རེའི་རྒྱལ་ཁབ་ཀྱི་གནའ་བོའི་ཚན་རིག་གཞུང་ལུགས་ལ་ལྕི་ཡང་རིག་པའམ་དཔལ་འབྱོར་རིག་པ་འདུ་བར་རྒྱུས་ལོན་ཆེན་པོ་མེད་པས། ནུབ་ཕྱོགས་ཚན་རིག་ལ་རྨོངས་དད་དང་བཀུར་བསྟི་བྱེད་པའི་སྒོ་འབྱེད་བྱེད་ཐུབ་སོང་བ་རེད།
རྒྱལ་དམངས་ཀྱིས་རང་རེའི་རྒྱལ་ཁབ་ཀྱི་གནའ་བོའི་ཚན་རིག་གཞུང་ལུགས་ལ་ལྕི་ཡང་རིག་པའམ་དཔལ་འབྱོར་རིག་པ་འདུ་བར་རྒྱུས་ལོན་ཆེན་པོ་མེད་པས། ནུབ་ཕྱོགས་ཚན་རིག་ལ་རྨོངས་དད་དང་བཀུར་བསྟི་བྱེད་པའི་སྒོ་འབྱེད་བྱེད་ཐུབ་སོང་བ་རེད། དེང་སྐབས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་དར་རྒྱས་འགྲོ་བའི་གནས་ཚུལ་འོག་ཏུ། སློབ་གསོ་དང་རིག་གཞུང་། ཚན་རིག་སོགས་ནུབ་ཕྱོགས་ཀྱིས་གཙུག་ཏུ་བཀུར་བའི་ཕྱོགས་དེ། ཀྲུང་ཧྭ་བསྐྱར་གསོན་བྱེད་པའི་དུས་རབས་དང་གཏན་ནས་མི་འཚམ་པ་ཞིག་ཡིན་ཡིན་པས། འདོད་ཚུལ་དེ་དག་ནི་རྩ་བ་ནས་འགྱུར་བ་གཏོང་དགོས་པ་ཞིག་ཡིན།