ཏ་ཞའོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏ་ཞའོ།
ཏ་ཞའོ་ནི་རྒྱལ་ཁབ་ལ་ལའི་དམག་དཔུང་ཁྲོད་ཞའོ་རིམ་དམག་དཔོན་རིམ་པའི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག་ཡིན། ཏ་ཞའོ་དམག་མིའི་གོ་རྟགས་ནི་ཆེས་ཐོག་མར་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ་གསར་འཛུགས་བྱས་པ་ཡིན་ལ། ཧྲི་དཔོན་གཞོན་པའི་སྒྲིག་གཞི་ཅན་གྱི་དམག་མིའི་གོ་རྟགས་ཡིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་ཁྲོད་ཏ་ཞའོ་ནི་ཞའོ་རིམ་དམག་དཔོན་གྱི་ཆེས་མཐོའི་རིམ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大校
ཕྱི་ཡིག་གི་མིང་།
Senior Colonel
རིགས།
དམག་མིའི་གོ་རྟགས།
དོན་འགྲེལ།
རྒྱལ་ཁབ་ཀྱི་དམག་དཔུང་ཁྲོད་ཞའོ་རིམ་དམག་དཔོན་རིམ་པའི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག
རིམ་པ།
ཞའོ་རིམ་དམག་དཔོན་རིམ་པའི་ཁྲོད་ཆེས་མཐོ་བའི་རིམ་པ།
1 ངོ་སྤྲོད།

ཏ་ཞའོ་ནི་རྒྱལ་ཁབ་ལ་ལའི་དམག་དཔུང་ཁྲོད་ཞའོ་རིམ་དམག་དཔོན་རིམ་པའི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག་ཡིན།   ཏ་ཞའོ་དམག་མིའི་གོ་རྟགས་ནི་ཆེས་ཐོག་མར་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ་གསར་འཛུགས་བྱས་པ་ཡིན་ལ།  ཧྲི་དཔོན་གཞོན་པའི་སྒྲིག་གཞི་ཅན་གྱི་དམག་མིའི་གོ་རྟགས་ཡིན།   ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་ཁྲོད་ཏ་ཞའོ་ནི་ཞའོ་རིམ་དམག་དཔོན་གྱི་ཆེས་མཐོའི་རིམ་པ་ཡིན།

2 ལོ་རྒྱུས་ཀྱི་འཕེལ་ཕྱོགས།
2_1 འབྱུང་ཁུངས།

ཏ་ཞའོ་ནི་རྒྱལ་ཁབ་ལ་ལའི་དམག་དཔུང་ཁྲོད་ཞའོ་རིམ་དམག་དཔོན་རིམ་པའི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག་ཡིན་ལ།   འཛམ་གླིང་སྟེང་རྒྱལ་ཁབ་མང་ཆེ་བ་ཞིག་གིས་ཏ་ཞའོ་དམག་མིའི་གོ་རྟགས་འདི་མི་འཛུགས་པ་ཡིན་ཞིང་།   རྒྱལ་ཁབ་ལ་ལས་ཏ་ཞའོ་ནི་ཧྲང་ཞའོ་དམག་མིའི་གོ་རྟགས་ལས་མཐོ་བ་ཁས་མི་ལེན་པ་ཡིན།   ཏ་ཞའོ་དམག་མིའི་གོ་རྟགས་ནི་ཆེས་ཐོག་མར་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ་གསར་འཛུགས་བྱས་པ་ཡིན་ལ།  ཧྲི་དཔོན་གཞོན་པའི་སྒྲིག་གཞི་ཅན་གྱི་དམག་མིའི་གོ་རྟགས་ཡིན།  གཞན་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་དང་མོ་རོ་ཁོ་རྒྱལ་ཁབ་ཀྱི་དམག་དཔུང་ཁྲོད་ཡང་དམག་མིའི་གོ་རྟགས་འདི་ཡོད་པ་ཡིན། 

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་སྤྱི་ལོ1955ལོ་དང་སྤྱི་ལོ1988ལོར་ཐེངས་གཉིས་ལ་དམག་མིའི་གོ་རྟགས་ལམ་ལུགས་ལག་བསྟར་བྱས་པའི་ཁྲོད་ཏ་ཞའོ་ནི་ཞའོ་རིམ་དམག་དཔོན་གྱི་ཆེས་མཐོའི་རིམ་པར་གསར་འཛུགས་བྱས་ཡོད་པ་ཡིན།

2_2 ཀྲུང་གོ་གསར་བ་དབུ་བརྙེས་རྗེས།

སྤྱི་ལོ1955ལོའི་ཟླ2པའི་ཚེས8ཉིན།   རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་དང་པོའི་གྲོས་འཚོག་ཐེངས་དྲུག་པ་ནས《ཀྲུང་ཧྭ་མི་དམངས་བཅིངས་འགྲོལ་དམག་དམག་དཔོན་དམག་སྐུལ་དང་ལེན་གྱི་ཁྲིམས་སྲོལ》ཁྱབ་བསྒྲགས་བྱས་ཤིང་།   ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དངོས་སུ་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་ལག་བསྟར་བྱས་ལ།  དེའི་ནང་ཞའོ་རིམ་དམག་དཔོན་ནི་ཏ་ཞའོ་དང་ཧྲང་ཞའོ།   ཀྲུང་ཞའོ།   ཧྲའོ་ཞའོ་བཅས་སུ་གཏན་འཁེལ་བྱས།   སྤྱི་ལོ1965ལོའི་ཟླ5བའི་ཚེས22ཉིན།   རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་གསུམ་པའི་གྲོས་འཚོག་ཐེངས་དགུ་པ་ནས《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་མེད་པར་བཟོ་བའི་སྐོར་གྱི་ཐག་གཅོད》ཁྱབ་བསྒྲགས་བྱས་ཤིང་།  སྤྱི་ལོ1965ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་བརྩམས།

སྤྱི་ལོ1988ལོའི་ཟླ7པའི་ཚེས1ཉིན།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བདུན་པའི་གྲོས་འཚོག་ཐེངས་གཉིས་པ་ནས《ཀྲུང་ཧྭ་མི་དམངས་བཅིངས་འགྲོལ་དམག་དམག་དཔོན་དམག་མིའི་གོ་རྟགས་ཀྱི་ཁྲིམས་སྲོལ》ཁྱབ་བསྒྲགས་བྱས་ནས།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་བསྐྱར་གསོ་བྱས་ཤིང་།  ཞའོ་རིམ་དམག་དཔོན་ནི་སྔར་བཞིན་ཏ་ཞའོ་དང་ཧྲང་ཞའོ། ཀྲུང་ཞའོ།   ཧྲའོ་ཞའོ་བཅས་སུ་གཏན་འཁེལ་བྱས།

ཏ་ཞའོ་ཡི་དམག་མིའི་གོ་རྟགས་ཏེ་དམག་གི་རིགས་ལྟར་གཞིར་བཟུང་ནས་སྐམ་དམག་ཏ་ཞའོ་དང་མཚོ་དམག་ཏ་ཞའོ།   མཁའ་དམག་ཏ་ཞའོ་བཅས་སུ་དབྱེ།   སྤྱི་ལོ1988 ལོའི་ཟླ12བའི་ཚེས17ཉིན།   རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུ་ཡིས《ཀྲུང་གོ་མི་དམངས་ཉེན་རྟོག་དྲག་དཔུང་གིས་ཉེན་རྟོག་འགོ་བའི་ཉེན་རྟོག་གོ་རྟགས་ལམ་ལུགས་ཀྱི་བྱེ་བྲག་ཐབས་ལམ》ཁྱབ་བསྒྲགས་བྱས་ཤིང་།   དེའི་ནང་དྲག་ཆས་ཉེན་རྟོག་པའི་ཏ་ཞའོ་ཉེན་རྟོག་གོ་རྟགས་གསར་འཛུགས་བྱས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-26

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།