ཆུར་འཛུལ་དམག་གྲུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུར་འཛུལ་དམག་གྲུ།
ཆུར་འཛུལ་དམག་གྲུ་ནི་ཆུ་འོག་ནས་འགུལ་སྐྱོད་དང་འཐབ་འཁྲུག་བྱེད་པའི་དམག་གྲུ་ཞིག་ཡིན་ལ་མཚོ་དམག་གི་དམག་གྲུའི་རིགས་གཙོ་བོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
潜水艇
ཕྱི་ཡིག་གི་མིང་།
Submarine
ངོ་བོ།
ཆུ་འོག་ནས་འགུལ་སྐྱོད་དང་འཐབ་འཁྲུག་བྱེད་པའི་དམག་གྲུ།
རིགས།
ཆེ་གྲས་དང་འབྲིང་གྲས། ཆུང་གྲས།
1 གཞུང་དངོས།

འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ།  གཏོར་སྐྱོན་ཆེས་ཐེབས་དཀའ་བའི་གྲུ་ནི་ཆུར་འཛུལ་དམག་གྲུ་ཡིན་ཏེ།    སྤྱིར་བཏང་དུ་ཆུར་འཛུལ་དམག་གྲུ་གཅིག་ལ་གཏོར་སྐྱོན་གཏོང་བ་ལ་དམག་གྲུ25དང་གནམ་གྲུ100ཡི་རིན་དོད་འཇལ་དགོས།

ཆུར་འཛུལ་དམག་གྲུ་ནི་ཆུ་འོག་ནས་འགུལ་སྐྱོད་དང་འཐབ་འཁྲུག་བྱེད་པའི་དམག་གྲུ་ཞིག་ཡིན་ལ་མཚོ་དམག་གི་དམག་གྲུའི་རིགས་གཙོ་བོ་ཞིག་ཡིན།   ཆུར་འཛུལ་དམག་གྲུ་ནི་གཙོ་བོ་གྲུའི་གཟུགས་དང་བཀོལ་སྤྱོད་མ་ལག    སྒུལ་ཤུགས་སྒྲིག་ཆས།  མཚོན་ཆའི་མ་ལག་དང་ཕྱོགས་སྟོན་མ་ལག  འཚོལ་ཞིབ་མ་ལག་དང་བརྡ་འཕྲིན་སྒྲིག་ཆས།   ཆུ་སྒྲའི་འགྲན་རྒོལ་སྒྲིག་ཆས།   སྲོག་སྐྱོབ་སྒྲིག་ཆས་དང་འཚོ་སྡོད་ཅ་དངོས་སོགས་ཀྱིས་གྲུབ་པ་དང་།   དེ་ནི་གཙོ་བོ་སྐམ་སའི་འཐབ་ཇུས་དམིགས་འབེན་ལ་ཉིང་རྡུལ་ཕས་རྒོལ་དང་།   དགྲ་ཕྱོགས་ཀྱི་དམག་དོན་དང་ཆབ་སྲིད།  དཔལ་འབྱོར་གྱི་ལྟེ་གནས་ལ་གཏོར་སྐྱོན་དང་དགྲ་བོའི་སྐྱེལ་འདྲེན་དམག་གྲུ་མེད་བརླག་དང་མཚོ་ཐོག་གི་འགྲིམ་འགྲུལ་ལམ་ཐིག་ལ་གཏོར་བརླག་གཏོང་བ།   ཆུ་ཐོག་གི་གྲུ་གཟིངས་དང་ཆུར་འཛུལ་དམག་གྲུ་ཆེ་འབྲིང་གྲས་ལ་ཕས་རྒོལ་བྱེད་པ།   ཆུ་ནང་འབར་མདེལ་འཇོག་པ་དང་མྱུལ་ཞིབ།   སྐྱེལ་འདྲེན།  རོགས་སྐྱོབ་དང་ཁྱད་པར་ཅན་གྱི་མི་སྣ་སྐྱེལ་ལེན་དང་སྐམ་འབེབས་སོགས་ལ་བཀོལ་སྤྱོད་བྱེད་བཞིན་ཡོད།   འཐབ་འཁྲུག་གི་འོས་འགན་གཞིར་བཟུང་ནས་ཆུར་འཛུལ་དམག་གྲུ་ལ་ཕས་རྒོལ་ཆུར་འཛུལ་དམག་གྲུ་དང་འཐབ་ཇུས་འཕུར་མདེལ་ཆུར་འཛུལ་དམག་གྲུ།   སྒུལ་ཤུགས་ཀྱི་ཆ་ནས་རྒྱུན་ལྡན་སྒུལ་ཤུགས་ཆུར་འཛུལ་དམག་གྲུ་དང་ཉིང་རྡུལ་སྒུལ་ཤུགས་ཆུར་འཛུལ་དམག་གྲུ།   ཡང་གྲུའི་གཟུགས་གྲུབ་ཚུལ་གྱི་ཆ་ནས་ཟུང་ཤུན་ཆུར་འཛུལ་དམག་གྲུ་དང་ཕྱེད་ཤུན་ཆུར་འཛུལ་དམག་གྲུ།    ཁེར་ཤུན་ཆུར་འཛུལ་དམག་གྲུ་བཅས་དང་།   ཡང་ཆུ་ཕྱིར་གཏོང་ཚད་ཀྱི་ཆ་ནས་རྒྱུན་ལྡན་སྒུལ་ཤུགས་ཆུར་འཛུལ་དམག་གྲུ་ལ་ཆེ་གྲས(ཏུན2000ཡན)དང་འབྲིང་གྲས(ཏུན600ནས2000)།  ཆུང་གྲས(ཏུན100ནས 600)ཆེས་ཆུང་གྲས(ཏུན100)བཅས་སུ་དབྱེ་ཆོག་པ་དང་།   ཉིང་རྡུལ་སྒུལ་ཤུགས་ཆུར་འཛུལ་དམག་གྲུའི་ཆུ་ཕྱིར་གཏོང་ཚད་སྤྱིར་བཏང་དུ་ཏུན3000ཡན་ཡིན།

ཆུར་འཛུལ་དམག་གྲུས་ཆུ་རིམ་གྱི་འགེབ་སྲུང་ལ་བརྟེན་ནས་སྦས་སྐུང་གི་འགུལ་སྐྱོད་དང་དགྲ་ཕྱོགས་ལ་གློ་བུར་གྱི་ཕས་རྒོལ་བྱེད་ནུས་ཤིང་།   རང་གསོ་ནུས་པ་དང་བསྟུད་མར་བསྐྱོད་ཚད།  འཐབ་འཛིང་ཁྱབ་ཁོངས་སོགས་ཅུང་ཆེ་བ་དང་རྟེན་གཞི་དང་རྒྱང་བཀྱེད་ནས་དུས་ཡུན་རིང་བོ་ཞིག་དང་མཚོ་ཁོངས་ཆེ་ས་ཞིག་གམ་ཐ་ན་དགྲ་ཕྱོགས་ཀྱི་མཚོ་ཁུལ་ནས་ཁེར་རྐྱང་གིས་འཐབ་འཁྲུག་བྱེད་དགོས་ན།  འཕྲལ་རྒོལ་གྱི་དྲག་ཤུགས་ལྡན་ཞིང་ཆུ་འོག་ནས་འཕུར་མདེལ་འཕེན་པ་དང་ཆུ་འབོམ་དང་ཉ་འབོམ་བཞག་ནས་མཚོ་ཐོག་དང་སྐམ་སའི་དམིགས་འབེན་ལ་ཕས་རྒོལ་བྱེད་ཐུབ་མོད།     འོན་ཀྱང་འདིའི་རང་སྲུང་ནུས་པ་ཞན་ལ་ཕན་ཡོད་ཀྱིས་མཁའ་འགོག་གི་མཚོན་ཆ་བཀོལ་བ།   ཆུ་འོག་ནས་བརྡ་འཕྲིན་གཏོང་བ་ཅུང་ཁག་པོ་ཡིན་ཞིང་ཕྱོགས་ཟུང་དང་དུས་ཐོག  རྒྱང་རིང་ལ་བརྡ་འཕྲིན་གཏོང་རྒྱུ་ཁག་པོ་ཡིན་པ་དང་།   མྱུལ་ཞིབ་སྒྲིག་ཆས་ཀྱི་ཕན་ནུས་ཁྱབ་ཁོངས་ཐག་ཉེ་ཞིང་ལྟ་རྟོག་ལ་ཚོད་འཛིན་ཐེབས་པས།   དགྲ་ཕྱོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་དཀའ་བ་དང་རྒྱུན་ལྡན་སྒུལ་ཤུགས་ཆུར་འཛུལ་དམག་གྲུའི་ཆུ་འོག་མཚོ་འགྲུལ་མགྱོགས་ཚད་དམའ་བ་དང་གློག་གསོག་སྐབས་དབུགས་གཏོང་སྦུ་གུ་ཆུ་ཁུར་འབུད་དགོས་པས་ལྷང་ལ་འབུད་སླའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-26

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།