ཁྲི་དཔོན། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཁྲི་དཔོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དེང་རབས་དམག་གི་སྒྲིག་འཛུགས་དཔོན་རིགས།)

ཁྲི་དཔོན།
ཁྲི་དཔོན་ནི་ཁྲི་ཤོག་གི་ཆེས་མཐོའི་དམག་དོན་བཀོད་འདོམས་པ་ཡིན་ལ། དམག་མིའི་གོ་རྟགས་ནི་སྤྱིར་བཏང་དུ་ཧྲའོ་ཅང་ངམ་ཡང་ན་ཀྲུན་ཅང་ཡིན་ཞིང་། རྒྱལ་ཁབ་ལ་ལར་མཚོན་ན་དེ་དང་ཉེ་བའི་དམག་མིའི་གོ་རྟགས་རིམ་པས་འགན་ཁུར་བ་ཡིན་པ་དང་། དཔེར་ན་ཏ་ཞའོ་ཡིས་འགན་ཁུར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
师长
ཕྱི་ཡིག་གི་མིང་།
Division commander
དོན་འགྲེལ།
ཁྲི་ཤོག་གི་ཆེས་མཐོའི་དམག་དོན་བཀོད་འདོམས་པ།
གོང་རིམ།
འབུམ་དཔོན་ནམ་ཡང་ན་དམག་སྤྱི།
འོག་རིམ།
སྟོང་དཔོན་ནམ་ཡང་ན་མདའ་དཔོན།
1 གཞུང་དངོས།

ཁྲི་དཔོན་ནི་ཁྲི་ཤོག་གི་ཆེས་མཐོའི་དམག་དོན་བཀོད་འདོམས་པ་ཡིན་ལ།   དམག་མིའི་གོ་རྟགས་ནི་སྤྱིར་བཏང་དུ་ཧྲའོ་ཅང་ངམ་ཡང་ན་ཀྲུན་ཅང་ཡིན་ཞིང་།   རྒྱལ་ཁབ་ལ་ལར་མཚོན་ན་དེ་དང་ཉེ་བའི་དམག་མིའི་གོ་རྟགས་རིམ་པས་འགན་ཁུར་བ་ཡིན་པ་དང་།   དཔེར་ན་ཏ་ཞའོ་ཡིས་འགན་ཁུར་བ་ཡིན།

ཁྲི་དཔོན་ནི་ཁྲི་རིམ་སྒྲིག་གཞིའི་ཆེས་མཐོའི་དམག་དོན་བཀོད་འདོམས་གཙོ་འཛིན་ཡིན་ལ།   ཆབ་སྲིད་ཨུ་ཡོན་གསར་འཛུགས་བྱས་ཡོད་པའི་དམག་དཔུང་ཁྲོད།  ཁྲི་དཔོན་དང་ཁྲི་ཤོག་གི་ཆབ་སྲིད་ཨུ་ཡོན་ནི་ཁྲི་ཤོག་གི་མི་སྣ་ཡོངས་ཀྱི་གཙོ་འཛིན་ཡིན་ཞིང་།   མཉམ་གྱིས་ཁྲི་ཤོག་གི་བྱ་བ་ལ་འགན་འཁུར་དགོས་པ་ཡིན་པ་དང་།   ཁྲི་དཔོན་ནི་ཁྲི་ཤོག་གི་དམག་དོན་བྱ་བའི་འགན་གཙོ་བོ་འཁུར་མཁན་ཡིན།   འཇར་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་གི་སྐབས་ཁྲི་ཤོག་རེ་ལ་དམག་མི་སྟོང་བརྒྱད་ནས་ཁྲི་གཅིག་བར་ཡོད་ཅིང་།   གཞན་སྐམ་དམག་ལྕགས་ཁྲབ་ཁྲི་ཤོག་དང་སྐམ་དམག་འཕྲུལ་རྟ་ཅན་གྱི་རྐང་དམག་ཁྲི་ཤོག   སྐམ་དམག་རྫས་འགྱུར་གནོད་འགོག་ཁྲི་ཤོག   མཁའ་དམག་མཁའ་སྐྱོད་དམག་དཔུང་གི་ཁྲི་ཤོག    མཁའ་དམག་གནམ་གྲུ་ནས་མཆོང་མཁན་དམག་དཔུང་གི་ཁྲི་ཤོག    མཚོ་དམག་མཁའ་སྐྱོད་དམག་གི་ཁྲི་ཤོག    དྲག་ཆས་ཉེན་རྟོག་པའི་འཕྲུལ་སྒུལ་དམག་གི་ཁྲི་ཤོག་སོགས་ལ་ད་སྐབས་རྒྱུན་པར་དམག་མི་སྟོང་དྲུག་ནས་སྟོང་བརྒྱད་བར་ཡོད།  ཁྲི་དཔོན་གྱི་གོང་རིམ་ནི་འབུམ་དཔོན་ནམ་དམག་སྤྱི་ཡིན་པ་དང་།   འོག་རིམ་ནི་སྟོང་དཔོན་ནམ་མདའ་དཔོན་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།