ཀྲུང་ཞའོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཞའོ།
ཀྲུང་ཞའོ་ནི་རྒྱལ་ཁབ་ལ་ལའི་དམག་དཔུང་ཁྲོད་ཞའོ་རིམ་དམག་དཔོན་རིམ་པའི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག་ཡིན། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དམག་མིའི་གོ་རྟགས་ཀྱི་མ་ལག་ཁྲོད་ཀྲུང་ཞའོ་ཡི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ཡོད་ལ། སྤྱིར་བཏང་དུ་མདའ་དཔོན་གཞོན་པའམ་ཡང་ན་རུ་དཔོན་གྱི་སྒྲིག་གཞི་ཅན་གྱི་དམག་མིའི་གོ་རྟགས་ཡིན། ཀྲུང་གོའི་དམག་མིའི་གོ་རྟགས་ལམ་ལུགས་ཀྱི་ལོ་རྒྱུས་ཁྲོད། ཀྲུང་ཧྭ་མི་སེར་པེ་དབྱང་སྲིད་གཞུང་གི་དུས་སྐབས་དང་རྒྱལ་དམངས་སྲིད་གཞུང་གི་དུས་སྐབས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་ཚང་མ་ལ་ཀྲུང་ཞའོ་ཡི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中校
ཕྱི་ཡིག་གི་མིང་།
Lieutenant Colonel
རིགས།
དམག་མིའི་གོ་རྟགས།
དོན་འགྲེལ།
རྒྱལ་ཁབ་ཀྱི་དམག་དཔུང་ཁྲོད་ཞའོ་རིམ་དམག་དཔོན་རིམ་པའི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག
འབྱུང་ཁུངས།
དུས་རབས་བཅུ་བདུན་པའི་ཨུ་རུ་སུའི་དམག་དཔུང་གི་མདའ་དཔོན་གཞོན་པ་ལ་ཀྲུང་ཞའོ་རུ་འབོད།
དངོས་སུ་གསར་འཛུགས་བྱས་པའི་ལོ།
སྤྱི་ལོ1939ལོ།
1 ངོ་སྤྲོད།

ཀྲུང་ཞའོ་ནི་རྒྱལ་ཁབ་ལ་ལའི་དམག་དཔུང་ཁྲོད་ཞའོ་རིམ་དམག་དཔོན་རིམ་པའི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག་ཡིན།   འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དམག་མིའི་གོ་རྟགས་ཀྱི་མ་ལག་ཁྲོད་ཀྲུང་ཞའོ་ཡི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ཡོད་ལ། སྤྱིར་བཏང་དུ་མདའ་དཔོན་གཞོན་པའམ་ཡང་ན་རུ་དཔོན་གྱི་སྒྲིག་གཞི་ཅན་གྱི་དམག་མིའི་གོ་རྟགས་ཡིན།  ཀྲུང་གོའི་དམག་མིའི་གོ་རྟགས་ལམ་ལུགས་ཀྱི་ལོ་རྒྱུས་ཁྲོད།   ཀྲུང་ཧྭ་མི་སེར་པེ་དབྱང་སྲིད་གཞུང་གི་དུས་སྐབས་དང་རྒྱལ་དམངས་སྲིད་གཞུང་གི་དུས་སྐབས།    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་ཚང་མ་ལ་ཀྲུང་ཞའོ་ཡི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ཡོད་པ་ཡིན།

2 ལོ་རྒྱུས་ཀྱི་འཕེལ་ཕྱོགས།
2_1 འབྱུང་ཁུངས།

ཀྲུང་ཞའོ་ནི་རྒྱལ་ཁབ་ལ་ལའི་དམག་དཔུང་ཁྲོད་ཞའོ་རིམ་དམག་དཔོན་རིམ་པའི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག་ཡིན་ཞིང་།  དུས་རབས་བཅུ་བདུན་པའི་ཨུ་རུ་སུའི་དམག་དཔུང་གི་མདའ་དཔོན་གཞོན་པར་ཀྲུང་ཞའོ་ཞེས་འབོད་ལ།   རྗེས་སུ་རིམ་བཞིན་མདའ་དཔོན་གཞོན་པའི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་སུ་འགྱུར་བ་ཡིན།  ཡོ་རོབ་ནུབ་མའི་རྒྱལ་ཁབ་ཏུ་ཀྲུང་ཞའོ་ནི་མདའ་དཔོན་ཧྲང་ཞའོ་ཡི་ལག་རོགས་ཨང་དང་པོ་ཡིན།   སྤྱི་ལོ1722ལོར་ཨུ་རུ་སུའི་ཕི་ཏོ་སྐུ་ཕྲེང་དང་པོས《དཔོན་དམག་རིམ་པའི་རེའུ་མིག》ཁྲོད།    ཀྲུང་ཞའོ་ནི་ཞའོ་རིམ་དམག་དཔོན་གྱི་རིམ་པ་གཉིས་པའི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་སུ་བཟུང་ནས་གཏན་ཁེལ་བྱས།   སྤྱི་ལོ1935ལོར་སུའུ་ལེན་དམར་དམག་གིས་དམག་མིའི་གོ་རྟགས་ལམ་ལུགས་ལག་བསྟར་བྱ་དུས།   ཞའོ་རིམ་དམག་དཔོན་ཏེ་ཧྲང་ཞའོ་དང་ཧྲའོ་ཞའོ་བཅས་རིམ་པ་གཉིས་སུ་དབྱེ་ལ།   སྤྱི་ལོ1939ལོར་ད་གཟོད་ཀྲུང་ཞའོ་ཁ་སྣོན་བྱས་པ་ཡིན།  འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དམག་མིའི་གོ་རྟགས་ཀྱི་མ་ལག་ཁྲོད་ཀྲུང་ཞའོ་ཡི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ཡོད་ལ། སྤྱིར་བཏང་དུ་མདའ་དཔོན་གཞོན་པའམ་ཡང་ན་རུ་དཔོན་གྱི་སྒྲིག་གཞི་ཅན་གྱི་དམག་མིའི་གོ་རྟགས་ཡིན།

ཀྲུང་གོའི་དམག་མིའི་གོ་རྟགས་ལམ་ལུགས་ཀྱི་ལོ་རྒྱུས་ཁྲོད།   ཀྲུང་ཧྭ་མི་སེར་པེ་དབྱང་སྲིད་གཞུང་གི་དུས་སྐབས།   རྒྱལ་དམངས་སྲིད་གཞུང་གི་དུས་སྐབས།    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་ཚང་མ་ལ་ཀྲུང་ཞའོ་ཡི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ཡོད་པ་ཡིན།

2_2 མི་སེར་རྒྱལ་ཁབ་ཀྱི་དུས་སྐབས།
2_2_1 པེ་དབྱང་སྲིད་གཞུང་གི་དུས་སྐབས།

སྤྱི་ལོ1912ལོའི་ཟླ8པར།   པེ་དབྱང་སྲིད་གཞུང་གིས་སྤེལ་བའི《སྐམ་དམག་དམག་དཔོན་དམག་དཀྱུས་རིམ་པའི་རེའུ་མིག》ཁྲོད།   དམག་དཔོན་དམག་མིའི་གོ་རྟགས་ནང་ཨང་གསུམ་རིམ་དགུ་གསར་འཛུགས་བྱས་ཤིང་།  དེའི་ཁྲོད་ཞའོ་རིམ་དམག་དཔོན་ནི་ཧྲང་ཞའོ་དང་དང་ཀྲུང་ཞའོ།   ཧྲའོ་ཞའོ་བཅས་སུ་གཏན་འཁེལ་བྱས་ལ།   ཀྲུང་ཞའོ་ནི་ཞའོ་རིམ་དམག་དཔོན་རིམ་པའི་ཁྲོད་དཀྱུས་ན་ཡོད་པའི་རིམ་པ་ཡིན།

2_2_2 རྒྱལ་དམངས་སྲིད་གཞུང་གི་དུས་སྐབས།

སྤྱི་ལོ1931ལོའི་ཟླ4བར།  རྒྱལ་དམངས་སྲིད་གཞུང་གིས་སྤེལ་བའི《སྐམ་དམག་དམག་དཔོན་དམག་དཀྱུས་རིམ་པའི་རེའུ་མིག》ཁྲོད།  པེ་དབྱང་སྲིད་གཞུང་དུས་སྐབས་ཀྱི་དམག་མིའི་གོ་རྟགས་ལམ་ལུགས་སྔར་བཞིན་བེད་སྤྱོད་བྱས་ནས།   གོ་རྟགས་ཀྱི་རིམ་པ་དང་གོ་རྟགས་ཀྱི་འབོད་སྟངས་ཚང་མ་མི་འགྱུར་བ་ཡིན།   ཞའོ་རིམ་དམག་དཔོན་ནི་སྔར་བཞིན་ཧྲང་ཞའོ་དང་ཀྲུང་ཞའོ།   ཧྲའོ་ཞའོ་བཅས་སུ་གཏན་འཁེལ་བྱས།

2_3 ཀྲུང་གོ་གསར་བ་དབུ་བརྙེས་རྗེས།

སྤྱི་ལོ1955ལོའི་ཟླ2པའི་ཚེས8ཉིན།   རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་དང་པོའི་གྲོས་འཚོག་ཐེངས་དྲུག་པ་ནས《ཀྲུང་ཧྭ་མི་དམངས་བཅིངས་འགྲོལ་དམག་དམག་དཔོན་དམག་སྐུལ་དང་ལེན་གྱི་ཁྲིམས་སྲོལ》ཁྱབ་བསྒྲགས་བྱས་ཤིང་།   ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དངོས་སུ་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་ལག་བསྟར་བྱས་ལ།  དེའི་ནང་ཞའོ་རིམ་དམག་དཔོན་ནི་ཏ་ཞའོ་དང་ཧྲང་ཞའོ།   ཀྲུང་ཞའོ།   ཧྲའོ་ཞའོ་བཅས་སུ་གཏན་འཁེལ་བྱས།   སྤྱི་ལོ1965ལོའི་ཟླ5བའི་ཚེས22ཉིན།   རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་གསུམ་པའི་གྲོས་འཚོག་ཐེངས་དགུ་པ་ནས《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་མེད་པར་བཟོ་བའི་སྐོར་གྱི་ཐག་གཅོད》ཁྱབ་བསྒྲགས་བྱས་ཤིང་།  སྤྱི་ལོ1965ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་བརྩམས།

སྤྱི་ལོ1988ལོའི་ཟླ7པའི་ཚེས1ཉིན།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བདུན་པའི་གྲོས་འཚོག་ཐེངས་གཉིས་པ་ནས《ཀྲུང་ཧྭ་མི་དམངས་བཅིངས་འགྲོལ་དམག་དམག་དཔོན་དམག་མིའི་གོ་རྟགས་ཀྱི་ཁྲིམས་སྲོལ》ཁྱབ་བསྒྲགས་བྱས་ནས།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་བསྐྱར་གསོ་བྱས་ཤིང་།  ཞའོ་རིམ་དམག་དཔོན་ནི་སྔར་བཞིན་ཏ་ཞའོ་དང་ཧྲང་ཞའོ། ཀྲུང་ཞའོ།   ཧྲའོ་ཞའོ་བཅས་སུ་གཏན་འཁེལ་བྱས།

ཀྲུང་ཞའོ་ཡི་དམག་མིའི་གོ་རྟགས་ཏེ་དམག་གི་རིགས་ལྟར་གཞིར་བཟུང་ནས་སྐམ་དམག་ཀྲུང་ཞའོ་དང་མཚོ་དམག་ཀྲུང་ཞའོ།   མཁའ་དམག་ཀྲུང་ཞའོ་བཅས་སུ་དབྱེ།   སྤྱི་ལོ1988ལོའི་ཟླ12བའི་ཚེས17ཉིན།   རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུ་ཡིས《ཀྲུང་གོ་མི་དམངས་ཉེན་རྟོག་དྲག་དཔུང་གིས་ཉེན་རྟོག་འགོ་བའི་ཉེན་རྟོག་གོ་རྟགས་ལམ་ལུགས་ཀྱི་བྱེ་བྲག་ཐབས་ལམ》ཁྱབ་བསྒྲགས་བྱས་ཤིང་།   དེའི་ནང་དྲག་ཆས་ཉེན་རྟོག་པའི་ཀྲུང་ཞའོ་ཉེན་རྟོག་གོ་རྟགས་གསར་འཛུགས་བྱས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-26

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།