ཀྲུང་ཝེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཝེ།
ཀྲུང་ཝེ་ནི་རྒྱལ་ཁབ་ལ་ལའི་དམག་དཔུང་ཁྲོད་ཝེ་རིམ་དམག་དཔོན་རིམ་པའི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག་ཡིན། ཀྲུང་གོའི་དམག་མིའི་གོ་རྟགས་ལམ་ལུགས་ཀྱི་ལོ་རྒྱུས་ཁྲོད། ཀྲུང་ཧྭ་མི་སེར་ནན་ཅིང་གནས་སྐབས་སྲིད་གཞུང་གི་དུས་སྐབས་དང་པེ་དབྱང་སྲིད་གཞུང་གི་དུས་སྐབས། རྒྱལ་དམངས་སྲིད་གཞུང་གི་དུས་སྐབས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་ཚང་མ་ལ་ཀྲུང་ཝེ་ཡི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ཡོད་པ་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་གིས་སྤྱི་ལོ1955ལོ་དང་སྤྱི་ལོ1988ལོར་ཐེངས་གཉིས་ལ་དམག་མིའི་གོ་རྟགས་ལམ་ལུགས་ལག་བསྟར་བྱས་པའི་ཁྲོད་ཀྲུང་ཝེ་ནི་ཝེ་རིམ་དམག་དཔོན་གྱི་རིམ་པ་གཉིས་པར་གསར་འཛུགས་བྱས་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中尉
ཕྱི་ཡིག་གི་མིང་།
Lieutenant
རིགས།
དམག་མིའི་གོ་རྟགས།
རིམ་པ།
ཝེ་རིམ་དམག་དཔོན་གྱི་རིམ་པ་ཞིག
1 ངོ་སྤྲོད།

ཀྲུང་ཝེ་ནི་རྒྱལ་ཁབ་ལ་ལའི་དམག་དཔུང་ཁྲོད་ཝེ་རིམ་དམག་དཔོན་རིམ་པའི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག་ཡིན།   ཀྲུང་གོའི་དམག་མིའི་གོ་རྟགས་ལམ་ལུགས་ཀྱི་ལོ་རྒྱུས་ཁྲོད།   ཀྲུང་ཧྭ་མི་སེར་ནན་ཅིང་གནས་སྐབས་སྲིད་གཞུང་གི་དུས་སྐབས་དང་པེ་དབྱང་སྲིད་གཞུང་གི་དུས་སྐབས།   རྒྱལ་དམངས་སྲིད་གཞུང་གི་དུས་སྐབས།    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་ཚང་མ་ལ་ཀྲུང་ཝེ་ཡི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ཡོད་པ་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་གིས་སྤྱི་ལོ1955ལོ་དང་སྤྱི་ལོ1988ལོར་ཐེངས་གཉིས་ལ་དམག་མིའི་གོ་རྟགས་ལམ་ལུགས་ལག་བསྟར་བྱས་པའི་ཁྲོད་ཀྲུང་ཝེ་ནི་ཝེ་རིམ་དམག་དཔོན་གྱི་རིམ་པ་གཉིས་པར་གསར་འཛུགས་བྱས་ཡོད་པ་ཡིན།

2 ལོ་རྒྱུས་ཀྱི་འཕེལ་ཕྱོགས།
2_1 འབྱུང་ཁུངས། 

ཀྲུང་ཝེ་ནི་རྒྱལ་ཁབ་ལ་ལའི་དམག་དཔུང་ཁྲོད་ཝེ་རིམ་དམག་དཔོན་རིམ་པའི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག་ཡིན། ཀྲུང་ཝེ་ཞེས་པའི་མིང་འདི་ཧྥ་རན་སེའི་སྐད༼ལས་ཚབ༽དང༼འགོ་འཛིན་གཞོན་པ༽ལས་བྱུང་བ་ཡིན་ལ། ཀྲུང་ཝེ་ནི་དམག་དཔུང་གི་ལས་འགན་གྱི་མིང་དུ་བཟུང་བ་ནས་ཆེས་སྔོན་ལ་ཧྥ་རན་སེ་ནས་བྱུང་བ་ཡིན་ཞིང་། སྤྱི་ལོ1444ལོའི་ཧྥ་རན་སེའི་དམག་དཔུང་གིས་རུ་གཙོ་གཞོན་པའི་འགན་འཁུར་འགོ་གཙོ་ལ་ཀྲུང་ཝེ་འབོད་པ་དང་།   དུས་རབས་བཅོ་ལྔ་བའི་དུས་མཇུག་ཏུ་བརྒྱ་དཔོན་གཞོན་པའི་མིང་དུ་གྱུར།   དུས་རབས་བཅུ་བདུན་པའི་དུས་སྨད་ནས་བཟུང་།  ཀྲུང་ཝེ་ནི་ཧྥ་རན་སེ་བཅས་ཡོ་རོབ་ནུབ་མའི་རྒྱལ་ཁབ་ཀྱི་སྐམ་དམག་དང་མཚོ་དམག་གི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་སུ་གྱུར།  ཨུ་རུ་སུ་རྒྱལ་ཁབ་ཀྱི་དམག་དཔུང་གིས་དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཁྲོད་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་གསར་བའི་ནང་ཀྲུང་ཝེ་ཡི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ལ།   ཐོག་མར་རྐང་དམག་བརྒྱ་ཤོག་དང་སྐྱ་དམག་བརྒྱ་ཤོག་གི་རུ་གཙོ་གཞོན་པར་བསྐོ་བཞག་བྱས་ཤིང་།   རྗེས་སུ་ཀྲུང་ཝེ་ནི་བརྒྱ་དཔོན་དུ་བསྐོ་བཞག་བྱ་བ་ཡིན།  འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དམག་མིའི་གོ་རྟགས་ཀྱི་མ་ལག་ཁྲོད་ཀྲུང་ཝེ་ཡི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ཡོད་ལ།   རྒྱལ་ཁབ་ལ་ལས་ཀྲུང་ཝེ་ནི་རིམ་པ་དང་པོའི་ཀྲུང་ཝེ་དང་རིམ་པ་གཉིས་པའི་ཀྲུང་ཝེ་བཅས་རིམ་པ་གཉིས་སུ་བཀར་བ་ཡིན།

ཀྲུང་གོའི་དམག་མིའི་གོ་རྟགས་ལམ་ལུགས་ཀྱི་ལོ་རྒྱུས་ཁྲོད།   ཀྲུང་ཧྭ་མི་སེར་ནན་ཅིང་གནས་སྐབས་སྲིད་གཞུང་གི་དུས་སྐབས་དང་པེ་དབྱང་སྲིད་གཞུང་གི་དུས་སྐབས།   རྒྱལ་དམངས་སྲིད་གཞུང་གི་དུས་སྐབས།    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་ཚང་མ་ལ་ཀྲུང་ཝེ་ཡི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ཡོད་པ་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་གིས་སྤྱི་ལོ1955ལོ་དང་སྤྱི་ལོ1988ལོར་ཐེངས་གཉིས་ལ་དམག་མིའི་གོ་རྟགས་ལམ་ལུགས་ལག་བསྟར་བྱས་པའི་ཁྲོད་ཀྲུང་ཝེ་ནི་ཝེ་རིམ་དམག་དཔོན་གྱི་རིམ་པ་གཉིས་པར་གསར་འཛུགས་བྱས་ཡོད་པ་ཡིན།

2_2 མི་སེར་རྒྱལ་ཁབ་ཀྱི་དུས་སྐབས།
2_2_1 ནན་ཅིང་གནས་སྐབས་སྲིད་གཞུང་།

ལྕགས་ཕག་ལོའི་གསར་བརྗེ་ཡི་རྗེས་སུ།   ཀྲུང་ཧྭ་མི་སེར་ནི་སྤྱི་ལོ1912ལོའི་ལོ་གསར་ཚེས་གཅིག་ལ་དངོས་སུ་དབུ་བརྙེས་པ་ཡིན།   ཀྲུང་ཧྭ་མི་སེར་ནན་ཅིང་གནས་སྐབས་སྲིད་གཞུང་གིས་ཆིང་མཇུག་གི་དམག་མིའི་གོ་རྟགས་ལམ་ལུགས་ཀྱི་རྨང་གཞིའི་ཐོག་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་གསར་བ་ཞིག་བཟོས་ལ།  དམག་དཔོན་དམག་མིའི་གོ་རྟགས་ནང་ཨང་གསུམ་རིམ་དགུ་གསར་འཛུགས་བྱས་ཤིང་།   དེའི་ཁྲོད་དམའ་རིམ་དམག་དཔོན་ནི་ཏ་ཝེ་དང་ཀྲུང་ཝེ།  ཧྲའོ་ཝེ་བཅས་སུ་གཏན་ཁེལ་བྱས་པ་དང་།    ཅུང་མ་འགྱངས་པར།  ནན་ཅིང་གནས་སྐབས་སྲིད་གཞུང་གིས་ཡང་བསྐྱར་དམག་མིའི་གོ་རྟགས་རིམ་པ་དང་མཚན་བྱང་ལ་བཅོས་བསྒྱུར་བྱས་ནས།   དམའ་རིམ་དམག་དཔོན་གྱི་མཚན་བྱང་ནི་ཅུན་ཞའོ་ཆེ་བ་དང་ཅུན་ཞའོ་གཡོན་པ།   ཅུན་ཞའོ་གཡས་པ་བཅས་སུ་བསྒྱུར།

2_2_2 པེ་དབྱང་སྲིད་གཞུང་གི་དུས་སྐབས།

སྤྱི་ལོ1912ལོའི་ཟླ8པར།   པེ་དབྱང་སྲིད་གཞུང་གིས་སྤེལ་བའི《སྐམ་དམག་དམག་དཔོན་དམག་དཀྱུས་རིམ་པའི་རེའུ་མིག》ཁྲོད།   དམག་དཔོན་དམག་མིའི་གོ་རྟགས་ནང་ཨང་གསུམ་རིམ་དགུ་གསར་འཛུགས་བྱས་ཤིང་།  དེའི་ཁྲོད་ཝེ་རིམ་དམག་དཔོན་ནི་ཧྲང་ཝེ་དང་ཀྲུང་ཝེ།   ཧྲའོ་ཝེ་བཅས་སུ་གཏན་འཁེལ་བྱས།

2_2_3 རྒྱལ་དམངས་སྲིད་གཞུང་གི་དུས་སྐབས།

སྤྱི་ལོ1931ལོའི་ཟླ4བར།  རྒྱལ་དམངས་སྲིད་གཞུང་གིས་སྤེལ་བའི《སྐམ་དམག་དམག་དཔོན་དམག་དཀྱུས་རིམ་པའི་རེའུ་མིག》ཁྲོད།  པེ་དབྱང་སྲིད་གཞུང་དུས་སྐབས་ཀྱི་དམག་མིའི་གོ་རྟགས་ལམ་ལུགས་སྔར་བཞིན་བེད་སྤྱོད་བྱས་ནས།   གོ་རྟགས་ཀྱི་རིམ་པ་དང་གོ་རྟགས་ཀྱི་འབོད་སྟངས་ཚང་མ་མི་འགྱུར་བ་ཡིན།   ཝེ་རིམ་དམག་དཔོན་ནི་སྔར་བཞིན་ཧྲང་ཝེ་དང་ཀྲུང་ཝེ།   ཧྲའོ་ཝེ་བཅས་སུ་གཏན་འཁེལ་བྱས།

2_3 ཀྲུང་གོ་གསར་བ་དབུ་བརྙེས་རྗེས།

སྤྱི་ལོ1955ལོའི་ཟླ2པའི་ཚེས8ཉིན།   རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་དང་པོའི་གྲོས་འཚོག་ཐེངས་དྲུག་པ་ནས《ཀྲུང་ཧྭ་མི་དམངས་བཅིངས་འགྲོལ་དམག་དམག་དཔོན་དམག་སྐུལ་དང་ལེན་གྱི་ཁྲིམས་སྲོལ》ཁྱབ་བསྒྲགས་བྱས་ཤིང་།   ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དངོས་སུ་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་ལག་བསྟར་བྱས་ལ།  དེའི་ནང་ཝེ་རིམ་དམག་དཔོན་ནི་ཏ་ཝེ་དང་ཧྲང་ཝེ།   ཀྲུང་ཝེ།   ཧྲའོ་ཝེ་བཅས་སུ་གཏན་འཁེལ་བྱས།   སྤྱི་ལོ1965ལོའི་ཟླ5བའི་ཚེས22ཉིན།   རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་གསུམ་པའི་གྲོས་འཚོག་ཐེངས་དགུ་པ་ནས《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་མེད་པར་བཟོ་བའི་སྐོར་གྱི་ཐག་གཅོད》ཁྱབ་བསྒྲགས་བྱས་ཤིང་།  སྤྱི་ལོ1965ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་བརྩམས།

སྤྱི་ལོ1988ལོའི་ཟླ7པའི་ཚེས1ཉིན།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བདུན་པའི་གྲོས་འཚོག་ཐེངས་གཉིས་པ་ནས《ཀྲུང་ཧྭ་མི་དམངས་བཅིངས་འགྲོལ་དམག་དམག་དཔོན་དམག་མིའི་གོ་རྟགས་ཀྱི་ཁྲིམས་སྲོལ》ཁྱབ་བསྒྲགས་བྱས་ནས།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་བསྐྱར་གསོ་བྱས་ཤིང་།  ཝེ་རིམ་དམག་དཔོན་གྱི་དམག་མིའི་གོ་རྟགས་བསྒྱུར་བཅོས་བྱས་ནས་ཧྲང་ཝེ་དང་ཀྲུང་ཝེ།   ཧྲའོ་ཝེ་བཅས་སུ་གཏན་འཁེལ་བྱས་ནས་ཏ་ཝེ་ཡི་དམག་མིའི་གོ་རྟགས་མེད་པར་བཟོས།

ཀྲུང་ཝེ་ཡི་དམག་མིའི་གོ་རྟགས་ཏེ་དམག་གི་རིགས་ལྟར་གཞིར་བཟུང་ནས་སྐམ་དམག་ཀྲུང་ཝེ་དང་མཚོ་དམག་ཀྲུང་ཝེ།   མཁའ་དམག་ཀྲུང་ཝེ་བཅས་སུ་དབྱེ།   སྤྱི་ལོ1988ལོའི་ཟླ12བའི་ཚེས17ཉིན།   རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུ་ཡིས《ཀྲུང་གོ་མི་དམངས་ཉེན་རྟོག་དྲག་དཔུང་གིས་ཉེན་རྟོག་འགོ་བའི་ཉེན་རྟོག་གོ་རྟགས་ལམ་ལུགས་ཀྱི་བྱེ་བྲག་ཐབས་ལམ》ཁྱབ་བསྒྲགས་བྱས་ཤིང་།   དེའི་ནང་དྲག་ཆས་ཉེན་རྟོག་པའི་ཀྲུང་ཝེ་ཉེན་རྟོག་གོ་རྟགས་གསར་འཛུགས་བྱས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-26

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།