ཀྲུང་ཅང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཅང་།
ཀྲུང་ཅང་ནི་རྒྱལ་ཁབ་ལ་ལའི་ཅང་རིམ་དམག་དཔོན་ཁྲོད་ཀྱི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག་ཡིན་ཞིང་། ཀྲུང་གོའི་དམག་མིའི་གོ་རྟགས་ལམ་ལུགས་ཀྱི་ལོ་རྒྱུས་ཁྲོད། ཀྲུང་ཧྭ་མི་སེར་པེ་དབྱང་སྲིད་གཞུང་གི་དུས་སྐབས་དང་རྒྱལ་དམངས་སྲིད་གཞུང་གི་དུས་སྐབས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་ཚང་མ་ལ་ཀྲུང་ཅང་གི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中将
ཕྱི་ཡིག་གི་མིང་།
Lieutenant General
རིགས།
དམག་མིའི་གོ་རྟགས།
གནང་བའི་མི་སྣ།
རྒན་གཞོན་དམག་ཁུལ་ཆེན་པོའི་ལས་གནས་གཞོན་པ་སོགས།
དབྱེ་བ།
སྐམ་དམག་ཀྲུང་ཅང་། མཚོ་དམག་ཀྲུང་ཅང་། མཁའ་དམག་ཀྲུང་ཅང་།
1 ངོ་སྤྲོད།

ཀྲུང་ཅང་ནི་རྒྱལ་ཁབ་ལ་ལའི་ཅང་རིམ་དམག་དཔོན་ཁྲོད་ཀྱི་དམག་མིའི་གོ་རྟགས་ཀྱི་འབོད་སྟངས་ཤིག་ཡིན་ཞིང་།  ཀྲུང་གོའི་དམག་མིའི་གོ་རྟགས་ལམ་ལུགས་ཀྱི་ལོ་རྒྱུས་ཁྲོད།   ཀྲུང་ཧྭ་མི་སེར་པེ་དབྱང་སྲིད་གཞུང་གི་དུས་སྐབས་དང་རྒྱལ་དམངས་སྲིད་གཞུང་གི་དུས་སྐབས།    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་ཚང་མ་ལ་ཀྲུང་ཅང་གི་དམག་མིའི་གོ་རྟགས་གསར་འཛུགས་བྱས་ཡོད་པ་ཡིན།

2 ལོ་རྒྱུས་ཀྱི་འཕེལ་ཕྱོགས།
2_1 མི་སེར་རྒྱལ་ཁབ་ཀྱི་དུས་སྐབས།
2_1_1 པེ་དབྱང་སྲིད་གཞུང་གི་དུས་སྐབས།

སྤྱི་ལོ1912ལོའི་ཟླ8པར།   པེ་དབྱང་སྲིད་གཞུང་གིས་སྤེལ་བའི《སྐམ་དམག་དམག་དཔོན་དམག་དཀྱུས་རིམ་པའི་རེའུ་མིག》ཁྲོད།   དམག་དཔོན་དམག་མིའི་གོ་རྟགས་ནང་ཨང་གསུམ་རིམ་དགུ་གསར་འཛུགས་བྱས་ཤིང་།  དེའི་ཁྲོད་ཅང་རིམ་དམག་དཔོན་ནི་ཧྲང་ཅང་དང་ཀྲུང་ཅང།   ཧྲའོ་ཅང་བཅས་སུ་གཏན་འཁེལ་བྱས་ལ།   ཀྲུང་ཅང་ནི་ཅང་རིམ་དམག་དཔོན་གྱི་རིམ་པའི་ཁྲོད་དཀྱུས་ན་ཡོད་པའི་རིམ་པ་ཡིན།

2_1_2 རྒྱལ་དམངས་སྲིད་གཞུང་གི་དུས་སྐབས།

སྤྱི་ལོ1931ལོའི་ཟླ4བར།  རྒྱལ་དམངས་སྲིད་གཞུང་གིས་སྤེལ་བའི《སྐམ་དམག་དམག་དཔོན་དམག་དཀྱུས་རིམ་པའི་རེའུ་མིག》ཁྲོད།  པེ་དབྱང་སྲིད་གཞུང་དུས་སྐབས་ཀྱི་དམག་མིའི་གོ་རྟགས་ལམ་ལུགས་སྔར་བཞིན་བེད་སྤྱོད་བྱས་ནས།   གོ་རྟགས་ཀྱི་རིམ་པ་དང་གོ་རྟགས་ཀྱི་འབོད་སྟངས་ཚང་མ་མི་འགྱུར་བ་ཡིན།  སྐབས་དེར་གཅིག་གྱུར་རང་བཞིན་གྱི་དམག་མིའི་གོ་རྟགས་གནང་སའི་ལས་ཁུངས་མེད་པས།   རྒྱལ་དམངས་སྲིད་གཞུང་གིས་གནང་ཆོག་ཅིང་།   སྤྱི་ཁྱབ་དམག་སྤྱི་ཁང་གིས་ཡང་གནང་ཆོག   གཞན་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་གནང་ཆོག་པ་མ་ཟད།   གོང་རིམ་ལས་ཁུངས་སམ་ཡང་ན་དམག་སྲིད་དམག་དཔོན་གྱིས་ཀྱང་གནང་ཆོག་པ་ཡིན།   དེའི་སྟབས་ཀྱིས་སྐབས་དེར་དམག་མིའི་གོ་རྟགས་ལ་རྙོག་འཛིང་ཆེན་པོ་བྱུང་ཞིང་།   རྗེས་སུ་དམག་དཔུང་གི་དམག་མིའི་གོ་རྟགས་ཀྱི་རྙོག་འཛིང་གི་གནས་ཚུལ་ལ་དག་ཐེར་དང་།   དམག་དོན་སྟེང་གི་དགོས་མཁོ་སྐོང་ཆེད།   རྒྱལ་དམངས་སྲིད་གཞུང་གིས་དམག་མིའི་གོ་རྟགས་ལ་བསྒྱུར་བཅོས་བྱ་རྒྱུའི་ཐག་གཅོད་བྱས།   སྤྱི་ལོ1934ལོའི་ཟླ7པ་དང་སྤྱི་ལོ1935ལོའི་ཟླ1པོའི་ནང་།    རྒྱལ་དམངས་སྲིད་གཞུང་གིས་ཡང་བསྐྱར་སྐམ་དམག་དང་མཚོ་དམག   མཁའ་དམག་གི《དཔོན་པོའི་ལམ་ལུགས་ཀྱི་རེའུ་མིག》དང《དམག་མིའི་རིམ་གྲངས་ཀྱི་རེའུ་མིག》གཏན་འབེབས་བྱས།   སྤྱི་ལོ1935ལོའི་ཟླ3པར།   དམག་མིའི་གོ་རྟགས་ཀྱི་རིམ་གྲངས་རེའུ་མིག་གསར་བ་ཁྱབ་བསྒྲགས་བྱས་ཏེ།    ཅང་རིམ་དམག་དཔོན་ནི་ཆེས་མཐོའི་ཧྲང་ཅང་དང་རིམ་པ་དང་པོའི་ཧྲང་ཅང་།   རིམ་པ་གཉིས་པའི་ཧྲང་ཅང་།    ཀྲུང་ཅང་།   ཧྲའོ་ཅང་བཅས་སུ་གཏན་འཁེལ་བྱས།

2_2 ཀྲུང་གོ་གསར་བ་དབུ་བརྙེས་རྗེས།

སྤྱི་ལོ1955ལོའི་ཟླ2པའི་ཚེས8ཉིན།   རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་དང་པོའི་གྲོས་འཚོག་ཐེངས་དྲུག་པ་ནས《ཀྲུང་ཧྭ་མི་དམངས་བཅིངས་འགྲོལ་དམག་དམག་དཔོན་དམག་སྐུལ་དང་ལེན་གྱི་ཁྲིམས་སྲོལ》ཁྱབ་བསྒྲགས་བྱས་ཤིང་།   ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དངོས་སུ་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་ལག་བསྟར་བྱས་ལ།  དེའི་ནང་ཅང་རིམ་དམག་དཔོན་ནི་ཏ་ཅང་དང་ཧྲང་ཅང་།   ཀྲུང་ཅང་།   ཧྲའོ་ཅང་བཅས་སུ་གཏན་འཁེལ་བྱས།   སྤྱི་ལོ1965ལོའི་ཟླ5བའི་ཚེས22ཉིན།   རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་གསུམ་པའི་གྲོས་འཚོག་ཐེངས་དགུ་པ་ནས《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་མེད་པར་བཟོ་བའི་སྐོར་གྱི་ཐག་གཅོད》ཁྱབ་བསྒྲགས་བྱས་ཤིང་།  སྤྱི་ལོ1965ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་བརྩམས།

སྤྱི་ལོ1988ལོའི་ཟླ7པའི་ཚེས1ཉིན།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བདུན་པའི་གྲོས་འཚོག་ཐེངས་གཉིས་པ་ནས《ཀྲུང་ཧྭ་མི་དམངས་བཅིངས་འགྲོལ་དམག་དམག་དཔོན་དམག་མིའི་གོ་རྟགས་ཀྱི་ཁྲིམས་སྲོལ》ཁྱབ་བསྒྲགས་བྱས་ནས།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་མིའི་གོ་རྟགས་ཀྱི་ལམ་ལུགས་བསྐྱར་གསོ་བྱས་ཤིང་།  ཅང་རིམ་དམག་དཔོན་ནི་རིམ་པ་དང་པོའི་ཧྲང་ཅང་དང་ཧྲང་ཅང་། ཀྲུང་ཅང་།   ཧྲའོ་ཅང་བཅས་སུ་གཏན་འཁེལ་བྱས།  དེའི་ཁྲོད་རིམ་པ་དང་པོའི་ཧྲང་ཅང་སྟོང་བུར་ལུས་པས་གོ་རྟགས་མ་གནང་པ་ཡིན།

སྤྱི་ལོ1994ལོའི་ཟླ5བའི་ཚེས12ཉིན།   རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བརྒྱད་པའི་གྲོས་འཚོག་ཐེངས་བདུན་པ་ནས《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་དཔོན་དམག་མིའི་གོ་རྟགས་ཀྱི་ཁྲིམས་སྲོལ》ལ་བཅོས་བསྒྱུར་བྱ་བའི་ཐག་གཅོད་བྱས་ནས།   རིམ་པ་དང་པོའི་ཧྲང་ཅང་མི་འཛུགས་པ་གཏན་འཁེལ་བྱས།   བཅོས་བསྒྱུར་བྱས་རྗེས་ཀྱི་དམག་མིའི་གོ་རྟགས་ནང་ཨང་གསུམ་རིམ་བཅུ་གསར་འཛུགས་བྱས་ཤིང་།  དེའི་ཁྲོད་ཅང་རིམ་དམག་དཔོན་ནི་ཧྲང་ཅང་དང་ཀྲུང་ཅང་།   ཧྲའོ་ཅང་བཅས་སུ་གཏན་འཁེལ་བྱས་པ་དང་།   ཞའོ་རིམ་དམག་དཔོན་ནི་ཏ་ཞའོ་དང་ཧྲང་ཞའོ།   ཀྲུང་ཞའོ།  ཧྲའོ་ཞའོ་བཅས་སུ་གཏན་འཁེལ་བྱས།   གཞན་ཝེ་རིམ་དམག་དཔོན་ནི་ཧྲང་ཝེ་དང་ཀྲུང་ཝེ།   ཧྲའོ་ཝེ་བཅས་སུ་གཏན་འཁེལ་བྱས་པ་ཡིན།

ཀྲུང་ཅང་ཡི་དམག་མིའི་གོ་རྟགས་ཏེ་དམག་གི་རིགས་ལྟར་གཞིར་བཟུང་ནས་སྐམ་དམག་ཀྲུང་ཅང་དང་མཚོ་དམག་ཀྲུང་ཅང་།   མཁའ་དམག་ཀྲུང་ཅང་བཅས་སུ་དབྱེ།   སྤྱི་ལོ1988ལོའི་ཟླ12བའི་ཚེས17ཉིན།   རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུ་ཡིས《ཀྲུང་གོ་མི་དམངས་ཉེན་རྟོག་དྲག་དཔུང་གིས་ཉེན་རྟོག་འགོ་བའི་ཉེན་རྟོག་གོ་རྟགས་ལམ་ལུགས་ཀྱི་བྱེ་བྲག་ཐབས་ལམ》ཁྱབ་བསྒྲགས་བྱས་ཤིང་།   དེའི་ནང་དྲག་ཆས་ཉེན་རྟོག་པའི་ཀྲུང་ཅང་ཉེན་རྟོག་གོ་རྟགས་གསར་འཛུགས་བྱས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-26

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།