རྒྱལ་དམངས་དཔལ་འབྱོར་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་དམངས་དཔལ་འབྱོར་རིག་པར་ལ་རྒྱུས་ལོན་བྱ་དགོས་ན། ཐོག་མར་རྒྱལ་དམངས་དཔལ་འབྱོར་གྱི་གོ་དོན་རྟོགས་དགོས་པ་ཡིན། རྒྱལ་དམངས་དཔལ་འབྱོར་ནི། རྒྱལ་ཁབ་ཅིག་གི་སྤྱི་ཚོགས་དཔལ་འབྱོར་བྱ་བའི་སྤྱི་འདུས་ལ་བརྗོད་པ་ཡིན་ཞིང་། དེ་ནི་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་ཤན་ཤུགས་ཐེབས་པའི་དཔལ་འབྱོར་གྱི་ལྷུ་ཚིགས་དང་། དཔལ་འབྱོར་གྱི་རིམ་པ། དཔལ་འབྱོར་སྡེ་ཁག་དང་དཔལ་འབྱོར་གྱི་ས་ཁུལ་སོགས་ཀྱིས་གྲུབ་པ་ཞིག་ཡིན། རྒྱལ་དམངས་དཔལ་འབྱོར་ཞེས་པའི་གོ་དོན་འདིས་དཔལ་འབྱོར་གྱི་རྡོག་སྒྲིལ་རང་བཞིན་དང་འབྲེལ་བའི་རང་བཞིན་ནན་གྱིས་སྟོན་པ་ཞིག་ཡིན་པ་དང་། གོ་དོན་འདི་ནི་རྒྱལ་དམངས་དཔལ་འབྱོར་དེ་རྒྱལ་ཁབ་ཀྱི་དཔལ་འབྱོར་སྡེ་ཁག་སོ་སོའི་གྲུབ་ཚུལ་སྤྱིའི་ཚད་ཐིག་ལས་བརྒལ་ཅིང་། ནང་དོན་དེ་སྤྱི་ཚོགས་དཔལ་འབྱོར་བྱ་བའི་ཁྱབ་ཁོངས་སུ་རྒྱ་ཆེར་ཁྱབ་པ་ཞིག་ཡིན། དེ་ལ་དཔེར་ན། ཐོན་སྐྱེད་དང་བརྗེ་རེས། བགོ་བཤའ། འཛད་སྤྱོད་སོགས་ཀྱི་ནང་དོན་འདུ་བ་ཡིན་ལ། དཔལ་འབྱོར་གྱི་རིམ་པ་ནི། ཕྲ་མཐོང་དཔལ་འབྱོར་རིག་པ་དང་སྙོམས་མཐོང་དཔལའ་བྱོར་རིག་པ། རགས་མཐོང་དཔལ་འབྱོར་རིག་པ་སོགས་ཡིན། དཔལ་འབྱོར་གྱི་སྡེ་ཁག་ལ། བཟོ་ལས་དང་ཞིང་ལས། འཛུགས་སྐྲུན་ལས་རིགས། ཚོང་ལས། རིག་གནས། སློབ་གསོ། ཚན་རིག་ཞིབ་འཇུག་སོགས་ཐོན་སྐྱེད་སྡེ་ཁག་དང་ཐོན་སྐྱེད་སྡེ་ཁག་མ་ཡིན་པའི་སྡེ་ཁག་སོགས་ཡོད། དཔལ་འབྱོར་ས་ཁུལ་ལ། རྒྱལ་ནང་གི་མི་འདྲ་བའི་དཔལ་འབྱོར་ས་ཁུལ་དང་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་མི་འདྲ་བའི་དཔལ་འབྱོར་ས་ཁུལ། རྒྱལ་སྤྱིའི་རང་བཞིན་གྱི་ས་ཁུལ་སོགས་ཀྱི་དབྱེ་བ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国民经济学
རིགས་དབྱེ།
འཛུགས་སྐྲུན་ལས་རིགས། ཚོང་ལས། འཕྲིན་གཏོང་། རིག་གནས།
བསྡུས་དོན།
ཉེར་སྤྱོད་རགས་མཐོང་ཁུང་སྐྱེད་དཔལ་འབྱོར་རིག་པ།
1 བྱུང་བ་དང་འཕེལ་རྒྱས།

རྒྱལ་དམངས་དཔལ་འབྱོར་རིག་པའི་བསམ་བློའི་ཡོང་ཁུངས་ནི། ཡཱ་ཏིང་སི་མིའི «རྒྱལ་ཁབ་དར་རྒྱས་ཀྱི་རྣམ་བཤད» ཅེས་པར་རྒྱལ་དམངས་སྟོབས་འབྱོར་གྱི་ཐོན་སྐྱེད་དང་། བགོ་འགྲེམ་དང་འཕེལ་རྒྱས་ཇི་ལྟར་གཏོང་བ་བཤད་པ་དེ་ཡིན་པ་དང་། མིང་བརྡ་དེ་ཐོག་མར་དུས་རབས་བཅོ་བརྒྱད་པར་ཡོ་རོབ་གླིང་དུ་བྱུང་བ་དང་། དབྱི་ཐ་ལིའི་ཨོ་ཐི་སིས་ཐོག་མར་བེད་སྤྱོད་བཏང་བ་ཡིན། དེའི་རྗེ་སུ་ཝ་འུར་ཏི་ཨུག་ཁིན་གྱི «རྒྱལ་དམངས་དཔལ་འབྱོར་རིག་པའི་རྨང་གཞི» ཞེས་པ་བྱུང་པ་རེད། ཀྲུང་གོ་རུ་ཉེར་སྤྱོད་དཔལ་འབྱོར་རིག་པས་རིག་ཚན་སྒྲིག་འགོད་ཀྱིས་རྒྱལ་དམངས་དཔལ་འབྱོར་དོ་དམ་རིག་པ་དང་དོན་ཉེ་བར་བྱས་པ་ཞིག་ཡིན།

2 ཞིབ་འཇུག་བྱ་ཡུལ།

རྒྱལ་དམངས་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་རྒྱལ་དམངས་དཔལ་འབྱོར་ཡིན་ཏེ། དེ་ལ་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་ཀྱི་གོ་རིམ་དང་། རྒྱལ་དམངས་དཔལ་འབྱོར་སྙོམས་སྒྲིག་གི་དཔལ་འབྱོར་གཞུང་ཤིང་རྩ་དོན་དང་། རྒྱལ་དམངས་དཔལ་འབྱོར་གྱི་འཁོར་སྐྱོད་བྱ་སྟངས་། སྲིད་ཇུས་ཀྱི་དམིགས་ཡུལ་སོགས་འདུ་བ་ཡིན།

3 འཁོར་སྐྱོད་གོ་རིམ།

(1) དངོས་པོ་དང་དངུལ་ལོར་གྱི་འབྲེལ་བ།

(2) ཐོན་སྐྱེད། བགོ་འགྲེམ། འཁོར་རྒྱུག འཛད་སྤྱོད་བཅས་བར་གྱི་འབྲེལ་བ།

(3) དཔལ་འབྱོར་དང་། སྤྱི་ཚོགས་དང་། ཁོར་ཡུག་བཅས་ཀྱི་འབྲེལ་བ། ད་ལྟ་དང་མ་འོངས་བའི་འབྲེལ་བ།

(4) བསྡོམས་འབོར་དང་འཕར་གྲངས་ཀྱི་འབྲེལ་བ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-26

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།