རང་བྱུང་དཔལ་འབྱོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རང་བྱུང་དཔལ་འབྱོར(Natural Economy) ཞེས་པ་དེ་སྟབས་བདེ་སྒོས་འབྲེལ་ན། རང་མཁོ་རང་འདང་གི་དཔལ་འབྱོར་གཉེར་སྟངས་ཙམ་ལས་ཚོང་ཟོང་གི་བརྗེ་རེས་མེད་པ་ཞིག་ཡིན། ཐོན་སྐྱེད་བྱེད་པ་ནི་ཐད་གར་ཐོན་སྐྱེད་བྱེད་མཁན་མི་སྒེར་རམ་ཡང་ན་དཔལ་འབྱོར་ལས་ཁུངས་ཀྱི་དགོས་མཁོ་སྐོང་བའི་ཆེད་དུ་ཡིན་པ་ལས། བརྗེ་རེས་ཀྱི་དཔལ་འབྱོར་རྣམ་པ་ནི་མིན། རང་བྱུང་དཔལ་འབྱོར་ནི་ཚོང་ཟོང་དཔལ་འབྱོར་གྱི་ལྟོས་ཟླར་གྱུར་བ་ཞིག་ཡིན་ལ། སྒེར་ལ་དབང་བའི་ལམ་ལུགས་དཔལ་འབྱོར་གྱི་སྣང་ཚུལ་ཞིག་ཡིན་ཞིང་། དེ་ནི་ཁྲོམ་རའི་གཞི་ཁྱོན་ཅུང་ཆུང་བའི་དུས་སྐབས་ཀྱི་དཔལ་འབྱོར་རྣམ་པ་ཞིག་ཡིན་པ་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དམའ་བ་དང་སྤྱི་ཚོགས་ལས་བགོས་འཕེལ་རྒྱས་བྱུང་མེད་པའི་སྐབས་ཀྱི་ཐོན་དངོས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
自然经济
ཕྱི་ཡིག་གི་མིང་།
Natural Economy
རིགས་དབྱེ།
སྤྱི་ཚོགས་མཚན་ཉིད་རིག་པ།
ཁ་གཏད་ཡུལ།
ཚོང་ཟོང་དཔལ་འབྱོར།
1 རྩ་བའི་ཁྱད་ཆོས།

རང་བྱུང་དཔལ་འབྱོར་ནི་ཁྱིམ་ཚང་གཙོ་བོར་བཟུང་བའི་ཐོན་སྐྱེད་ལས་ཁུངས་གཞི་རྩར་བཟུང་བ་ཞིག་དང་། ཐོན་སྐྱེད་ཀྱི་གཞི་རྒྱ་ཅུང་ཆུང་བ་དཔལ་འབྱོར་གཉེར་སྟངས་ཤིག་ཡིན། གནས་ཚུལ་མང་པོ་ཞིག་གི་འོག་ཏུ་ཐོན་རྫས་ཀྱི་མ་བཅོས་རྒྱུ་ཆ་འཚོལ་བསྡུ་དང་། ཐོན་རྫས་ཐོན་སྐྱེད་དང་ཐ་ན་འཛད་སྤྱོད་ཡོད་ཚད་ནི་ངལ་རྩོལ་པ་རང་ཉིད་ཀྱི་དགོས་མཁོ་སྐོང་བའི་ཆེད་དུ་ཡིན་པ་དང་། ཐོན་སྐྱེད་བྱས་པའི་ཐོན་རྫད་ལྷག་མ་ཡོད་པའི་གནས་ཚུལ་འོག་ཏུ། ད་གཟོད་ཐོན་རྫས་ཁྲོམ་རར་ཁྱེར་ཏེ་བརྗེ་རེས་བྱེད་པ་ཞིག་དང་། ད་དུང་རང་བྱུང་དཔལ་འབྱོར་ཁྲོད་དུ་ཞིང་ལས་ཐོན་སྐྱེད་བྱེད་པ་དང་མཉམ་དུ། ཁྱིམ་ཚང་ལག་ཤེས་བཟོ་ལས་ཀྱི་བཟོ་སྐྲུན་དང་མཉམ་དུ་འབྲེལ་བ་ཞིག་དང་། ཞིང་ལས་ཐོན་རྫས་དང་གཞན་ཡང་ལག་ཤེས་བཟོ་ལས་ཀྱི་ཚོང་ཟོང་གང་ཞིག་ཡིན་ཡང་སྒེར་གྱིས་ཐོན་སྐྱེད་དང་བཀོལ་སྤྱོད་བྱེད་པ་ཞིག་ཡིན་ལ། དེ་ནི་ཕོས་ཞིང་རྨོ་བ་དང་མོས་གོས་འཐག་པའི་རྣམ་པའི་སྣང་ཚུལ་ཞིག་ཀྱང་ཡིན།

2 དཔལ་འབྱོར་ལམ་ལུགས་མི་འདྲ་བ་གསུམ།

ད་ལྟའི་ལོ་རྒྱུས་དཔེ་དེབ་ཁག་ཏུ་རྒྱུན་པར་རང་བྱུང་དཔལ་འབྱོར་དང་ཞིང་ཆུང་དཔལ་འབྱོར། རང་རྨོ་དཔལ་འབྱོར་བཅས་དཔལ་འབྱོར་གྱི་གོ་དོན་མི་འདྲ་བ་གསུམ་མངོན་གྱི་ཡོད། ཞིང་ཆུང་དཔལ་འབྱོར་ནི་ལྕགས་བཟོས་ཞིང་ཆས་དང་། བ་གླང་གིས་ཞིང་རྨོ་བའི་ཐབས་རྩལ་གྱི་བྱུང་བ་དང་ས་ཞིང་སྒེར་ལ་དབང་བའི་ལམ་ལུགས་བྱུང་བའི་རྗེས་ཀྱི་ཐོན་འབྲས་ཤིག་ཡིན་ཞིང་། ཁྱིམ་ཚང་ནི་རྩ་བའི་ལས་ཁུངས་དང་། ཞིང་ལས་དང་ལག་ཤེས་བཟོ་ལས་མཉམ་དུ་སྦྲེལ་བ་ཞིག་ཡིན། ཁྱིམ་ཚང་གི་དགོས་མཁོ་སྐོང་རྒྱུ་ནི་ཐོན་སྐྱེད་ཀྱི་དམིགས་ཡུལ་གཙོ་བོ་ཡིན།

རང་བྱུང་དཔལ་འབྱོར་ནི་ཚོང་ཟོང་དཔལ་འབྱོར་ལ་བལྟས་རེ་བརྗོད་བརྗོད་པ་ཞིག་ཡིན་ཞིང་། དེ་ནི་རང་མཁོ་རང་སྤྲོད་བྱེད་པའི་དཔལ་འབྱོར་གྱི་རིགས་ཤིག་ཡིན་པ་དང་། དེ་ནི་འཚོ་གནས་ཀྱི་དགོས་མཁོའི་ཆེད་དུ་ཐོན་སྐྱེད་བྱེད་པ་ཞིག་ཡིན་པ་ལས། ཚོང་རའི་དགོས་མཁོའི་ཆེད་དུ་ཐོན་སྐྱེད་བྱེད་པ་ཞིག་མིན། གནས་ཚུལ་འདི་ལས་བལྟས་ན། རང་བྱུང་དཔལ་འབྱོར་དང་ཞིང་ལས་དཔལ་འབྱོར་གཉིས་ནི་གཅིག་མཐུན་དུ་སྣང་། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-26

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།