ཚོང་ལས་དཔལ་འབྱོར་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོང་ལས་དཔལ་འབྱོར་རིག་པ་ནི་ཆེད་དུ་ཚོང་ལས་ལས་རིགས་ཀྱི་དཔལ་འབྱོར་འབྲེལ་བ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་པ་དང་། ཚན་ཁག་དཔལ་འབྱོར་རིག་པའི་ཚོང་ལས་དཔལ་འབྱོར་རིག་པ་ནི། དུས་རབས་ཉི་ཤུ་བའི་ཨུ་རུ་སུའི་ཟླ་བཅུ་བའི་གསར་བརྗེའི་རྗེས་སུ་སུའུ་ལེན་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་གོ་རིམ་ཁྲོད་དུ་གསར་འཛུགས་བྱས་པ་ཞིག་ཡིན། སྐབས་དེའི་ཞིབ་འཇུག་གི་ཁྱབ་ཁོངས་ནི་སུའུ་ལེན་ཙམ་ལས་བརྒལ་མེད་ཅིང་། དེ་ལ “སུའུ་ཝེ་ཨེད་ཉོ་ཚོང་དཔལ་འབྱོར” ཞེས་འབོད་ཀྱི་ཡོད། དེའི་རྗེས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ཡུན་རིང་མ་དགོར་བར། ཀྲུང་གོའི་ཚོང་ལས་ཁྱབ་ཁོངས་ལ་ཞིབ་འཇུག་བྱས་ཏེ་ཚོང་ལས་དཔལ་འབྱོར་རིག་པ་གསར་དུ་འཛུག་པའི་མགོ་བརྩམས་པ་དང་། དེ་ལ “ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཚོང་ལས་དཔལ་འབྱོར་རིག་པ” ཞེས་བརྗོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
商业经济学
ཕྱི་ཡིག་གི་མིང་།
Business economics
ཁྱད་ཆོས།
དེང་རབས་ཁྲོམ་རའི་དཔལ་འབྱོར།
དངོས་ཚུལ།
རྒྱུན་རིང་གི་ལོ་རྒྱུས།
1 མཚམས་སྦྱོར།

ཚོང་ལས་ནི་ཚོང་ཟོང་བརྗེ་རེས་འཕེལ་རྒྱས་བྱུང་བའི་རྣམ་པ་ཞིག་ཡིན་ཞིང་། དེའི་ལོ་རྒྱུས་ཀྱི་བཤུད་ལམ་ནི་རྒྱུན་རིང་བ་ཞིག་ཡིན། དེང་རབས་ཁྲོམ་རའི་དཔལ་འབྱོར་དུ་ཚོང་ལས་ཀྱིས་གལ་ཆེ་བའི་གནད་འགག་གི་ནུས་པ་འདོན་གྱི་ཡོད། འཛམ་གླིང་ཁྱབ་ཁོངས་ལ་བལྟས་ན། དེང་རབས་ཀྱི་རྒྱུགས་ཆེ་བའི་ཁྱབ་ཁོངས་དེ་རྒྱལ་ཁབ་སོ་སོའི་འགྲན་རྩོད་གྱི་ལྟེ་བ་རུ་གྱུར་ཡོད་པ་དང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ན། ཚོང་ལས་དེ་རྒྱལ་དམངས་དཔལ་འབྱོར་གྱི་སྣེ་འདྲེན་ཐོན་ལས་སུ་འགྱུར་བཞིན་པའི་སྒང་ཡིན། འདི་ལྟ་བུའི་གནས་ཚུལ་འོག་ཏུ། དེང་རབས་ཚོང་ལས་གཞུང་ལུགས་ཀྱི་ཞིབ་འཇུག་དང་། དེང་རབས་ཚོང་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་གལ་ཆེ་བའི་གནད་འགག་ཅིག་ཡིན་པ་ཤེས་ཐུབ། «ཚོང་ལས་དཔལ་འབྱོར་རིག་པ» འཁོར་རྒྱུགས་ཆེ་བ་དང་། ཁྲོམ་ར་ཆེ་བ། བརྗེ་རེས་མང་བ་བཅས་ནི་དཔལ་འབྱོར་རིག་ཚན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་བསྟན་ཡོད། «ཚོང་ལས་དཔལ་འབྱོར་རིག་པ»ས་མར་ཁེ་སི་རིང་ལུགས་མཛུབ་སྟོན་དུ་བཟུང་ནས། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ཚན་རིག་ཐབས་ལམ་སྤྱད་དེ། ཚོང་ཟོང་འཁོར་རྒྱུག་གི་ཁྱད་ཆོས་དང་ཆོས་ཉིད། དེང་རབས་དཔལ་འབྱོར་གྱི་སྤྱོད་སྒོ། ད་དུང་འཕེལ་རྒྱས་ཀྱི་ཁ་ཕྱོགས་སོགས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། དེའི་ཡོངས་ཁྱབ་རང་བཞིན་དང་ངོ་བོའི་རང་བཞིན་གྱི་གནད་དོན་ལ་དབྱེ་ཞིབ་བྱེད་པར་མཐོང་ཆེན་བྱེད་ཀྱི་ཡོད།

2 ཞིབ་འཇུག་བྱ་ཡུལ།

ཚོང་ལས་སྡེ་ཁག་གི་དཔལ་འབྱོར་འབྲེལ་བར་ཕྱི་དང་ནང་ཕྱོགས་གཉིས་ལྡན་པ་ཡིན་ལ། ནང་གི་འབྲེལ་བ་ནི།

1. ཐོན་སྐྱེད་རྒྱུ་ཆ་དབང་བའི་ལམ་ལུགས་ཀྱི་རྣམ་པ་ཡིན་ཞིང་། དེ་ནི་སུ་ཞིག་གིས་ཚོབ་ལས་ལས་གཉེར་ལ་མ་དངུལ་གཏོང་བའམ། ཡང་ན་ཚོང་ལས་བྱ་འགུལ་གྱི་ཐོན་སྐྱེད་རྒྱུ་ཆ་སུ་ཞིག་ལ་དབང་བ་དེ་ཡིན།

2. སྡེ་ཁག་ནང་ཁུལ་ནི་སྣའི་གོ་གནས་དེ་ཕན་ཚུན་འབྲེལ་བ་ལྡན་པ་ཞིག་ཡིན།

3.  ཐོན་སྐྱེད་རྒྱུ་ཆ་དབང་བའི་ལམ་ལུགས་དང་ཚོང་ལས་ལས་གཉེར་གོ་རིམ་གྱི་མི་རྣམས་ཀྱི་གོ་གནས་བརྗེ་སྤོར་བྱེད་པའི་ལས་གཉེར་བགོ་བཤའ་བྱེད་པའི་རྣམ་པ་ཞིག་ཡིན།

ཚོང་ལས་བྱ་འགུལ་རང་སྟེང་དང་ཉོ་ཚོང་བྱེད་པའི་གོ་རིམ་དུ་བྱུང་བའི་དཔལ་འབྱོར་འབྲེལ་བ་ལ། ཐོན་སྐྱེད་མཁན་དང་ལས་གཉེར་མཁན་གྱི་འབྲེལ་བ། ལས་གཉེར་མཁན་དང་འཛད་སྤྱོད་པའི་འབྲེལ་བ། ལས་གཉེར་མཁན་ཕན་ཚུལ་དབར་གྱི་འབྲེལ་བ། དེ་ནི་ཚོང་ལས་སྡེ་ཁག་གི་དཔལ་འབྱོར་བྱ་འགུལ་ཡོད་ཚད་ནི་དཔལ་འབྱོར་འབྲེལ་བ་ངེས་ཅན་སྙོམས་སྒྲིག་བྱེད་པ་ལས་བྱུང་གི་ཡོད་པས་སོ། ། དེ་བས་ཚོང་ལས་སྡེ་ཁག་གི་དཔལ་འབྱོར་བྱ་འགུལ་སྣ་ཚོགས་ལ་ཚོང་ལས་རང་སྟེང་གི་འགུལ་སྐྱོད་ཆོས་ཉིད་ཀྱིས་ཚོད་འཛིན་ཐེབས་ཀྱི་ཡོད་ལ། སྤྱི་ཚོགས་དངོས་གཙོ་དཔལ་འབྱོར་ཆོས་ཉིད་ཀྱིས་ཀྱང་ཚོད་འཛིན་ཐེབས་ཀྱི་ཡོད།

3 ད་ལྟའི་གནས་བབ།  

ཁྲོམ་རའི་དཔལ་འབྱོར་གྱི་ཁྱད་ཆོས་དེ། སྤྱི་ཚོགས་ཐོན་ཁུངས་ཀྱི་ཁྲོམ་རའི་སྒྲིག་སྦྱོར་ཀྱི་ཐབས་ལམ་ཀྱིས་གོ་གནས་གཙོ་བོ་བཟུང་ཡོད་པའི་སྟེང་ནས་མཚོན་གྱི་ཡོད། དེའི་རྐྱེན་གྱིས་འདས་པའི་བགོ་བཤའ་དང་འཆར་གཞིའི་བགོ་བཤའ་གཉིས་ཀྱི་ཐབས་ལམ་གྱིས་སྤྱི་ཚོགས་ཐོན་ཁུངས་སྒྲིག་འགོད་ཀྱི་གནས་ཚུལ་ཇེ་ཉུང་དུ་གཏོང་གི་ཡོད། ཁེ་ཕན་གྱི་གཙོ་གཞི་སྣ་ཚོགས་ངེས་པར་དུ་ཁྲོམ་རའི་བརྗེ་རེས་བྱ་བ་བརྒྱུད་ནས་ཐོན་རྫས་ཕྱིར་འཚོང་དང་ཐོན་ཁུངས་ཚུར་ཉོ་བྱེད་ཀྱི་ཡོད།

ཁྲོམ་རའི་དགོས་འདོད་ཀྱི་འབྲེལ་བའི་འགྱུར་ལྡོག་གིས་ཚོང་ལས་འཁོར་སྐྱོད་ཀྱི་གལ་ཆེའི་རང་བཞིན་མངོན་གསལ་དུ་གཏོང་བ་དང་། ལོ་རབས་དགུ་བཅུ་བ་ནས་བཟུང་། ཁྲོམ་རའི་དགོས་འདོད་ཀྱི་འབྲེལ་བར་རྩ་བའི་སྟེང་ནས་འགྱུར་ལྡོག་བྱུང་ཞིང་། ཁྲོམ་རའི་མཁོ་སྤྲོད་ལས་འདོད་འདུན་ཆེ་བའི་གནས་ཚུལ་ཚབ་ཆེན་ནས་ཚབ་ཆེན་དུ་འགྱུར་བཞིན་ཡོད། 1999 ལོར་འབྲེལ་ཡོད་སྡེ་ཁག་གིས་ཞིབ་དཔྱོད་བྱས་པ་བརྒྱུད་མཁོ་སྤྲོད་ལས་འདོད་འདུན་ཆེ་བའི་ཚོང་ཟོང་གི་རིགས 80% བརྒལ་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-25

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།