ཚན་རིག་དཔལ་འབྱོར་རིག་པ།
དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་དངོས་ཚུར་སྣང་བྱེད་པའི་དཔལ་འབྱོར་རིག་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ལ་ཚན་རིག་དཔལ་འབྱོར་རིག་པ་ཟེར། ཚན་རིག་དཔལ་འབྱོར་རིག་པས་རང་རྟོགས་སྒོས་ཚན་རིག་གི་བྱེད་ཐབས་སྤྱད་དེ། ཕྱོགས་ཡོངས་ནས་མིའི་རིགས་ཀྱི་དཔལ་འབྱོར་གཉེར་བའི་རིན་ཐང་གི་ཆོས་ཉིད་དམ་ཡང་ན་དཔལ་འབྱོར་གྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན། དཔལ་འབྱོར་གྱི་ཆོས་ཉིད་ནི་ཚན་རིག་དཔལ་འབྱོར་རིག་པའི་གཙོ་སྙིང་ཡིན། ཚན་རིག་དཔལ་འབྱོར་རིག་པའི་ངོས་ནས་བལྟས་ན། ཐོན་ཁུངས་ལེགས་བསྒྲིག་དང་སླར་སྐྱེས་ལེགས་བཅོས་ནི་དཔལ་འབྱོར་ཆོས་ཉིད་ཀྱི་སྒོ་དབྱེ་དང་བྱེ་བྲག་གི་མངོན་སྟངས་ཁོ་ན་ཡིན་པ་དང་། དཔལ་འབྱོར་རིག་པའི་ཁ་གཏད་ཡུལ་ནི་ཐོན་ཁུངས་ལེགས་བསྒྲིག་དང་སླར་སྐྱེས་ལེགས་བཅོས་རྗེས་ཀྱི་དཔལ་འབྱོར་ཆོས་ཉིད་དང་དཔལ་འབྱོར་གྱི་ངོ་བོ་ཡིན་འོས་པ་ལས། ཐོན་ཁུངས་ལེགས་བསྒྲིག་དང་སླར་སྐྱེས་ལེགས་བཅོས་ཀྱི་རིམ་པ་ལས་རང་སོར་འདུག་རྒྱུ་དེ་མིན། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ནི་ངེས་པར་དུ་དཔལ་འབྱོར་གྱི་མངོན་སྟངས་ལ་གཅིག་གྱུར་གྱིས་ཞིབ་འཇུག་བྱ་རྒྱུ་དེ་ཡིན།
ཚན་རིག་དཔལ་འབྱོར་རིག་པ་ལ་ཚན་རིག་ཞིབ་འཇུག་དཔལ་འབྱོར་རིག་པ་ཞེས་ཀྱང་བརྗོད་ཀྱི་ཡོད་ལ། ཚན་རིག་ལག་རྩལ་ལ་ཞིབ་འཇུག་བྱ་བའི་ཁྱབ་ཁོངས་ནི་དཔལ་འབྱོར་འབྲེལ་བ་དང་དཔལ་འབྱོར་ཆོས་ཉིད་ཀྱི་ཚན་རིག་ཡིན།
ཞིབ་འཇུག་གི་ནང་དོན་གཙོ་བོ་ནི། ཚན་རིག་ཞིབ་འཇུག་གི་རྩ་བའི་དཔལ་འབྱོར་གྱི་ཁྱད་ཆོས་དང་དཔལ་འབྱོར་ཆོས་ཉིད་ཀྱི་ཞིབ་ཕྲའི་མངོན་སྟངས་ཀྱི་རྣམ་པ་དང་། ཚན་རིག་ལག་རྩལ་དང་རྒྱལ་དམངས་དཔལ་འབྱོར་ཆ་སྙོམས་ཀྱིས་འཕེལ་རྒྱས་འགྲོ་བ་དང་ཕན་ཚུན་ལ་འདོན་པའི་བྱེད་ནུས་ཡིན་ལ། ཚན་རིག་ཞིབ་འཇུག་གི་དཔལ་འབྱོར་དོ་དམ་གྱི་སྒྲིག་རིམ་དང་ཐབས་ལམ། རྩ་དོན། ཚན་རིག་ཞིབ་འཇུག་གི་དཔལ་འབྱོར་གྱི་ཁེ་ཕན་ལ་གདེངས་འཇོག་བྱ་བ་སོགས་ཡིན།
འཛམ་གླིང་དམག་འཁྲུགས་གཉིས་པའི་རྗེས་སུ། ཚན་རིག་མདུན་བསྐྱོད་ཀྱིས་སྤྱི་ཚོགས་ལས་གཉེར་ལ་ཐེབས་པའི་ཤན་ཤུགས་ནི་ཉིན་རེ་བཞིན་ཤུགས་ཆེར་འགྲོ་བཞིན་ཡོད་པ་དེས། དཔལ་འབྱོར་རིག་པའི་ངོས་ནས་རྟོགས་དཔྱོད་ཞིབ་འཇུག་བྱ་བ་ནས་འཕེལ་རྒྱས་ཀྱི་གནད་དོན་ལ་ཕྱི་རོལ་ཡུལ་གྱི་དགོས་ངེས་རང་བཞིན་ལྟ་བའི་རིག་པ་གྲུབ་པར་བྱས། དུས་རབས 20 བའི་ལོ་རབས 60 དཀྱིལ་དུ། སུའུ་ལེན་སྔོན་མས་ཚན་རིག་དཔལ་འབྱོར་རིག་པའི་སྲོལ་ཐོག་མར་བཏོད།
གཞུང་ལུགས་ཀྱིས་ཚན་རིག་གི་མ་ལག་ལ་བཟུང་བའི་ལྟ་ཚུལ་ནི་གཅིག་གྱུར་ཞིག་ཡིན་མི་སྲིད་དེ། གཞུང་ལ་ལ་ཞིག་གིས་ཚན་རིག་རིག་པའི་གྲུབ་ཆའི་ཁག་དེ་ཚན་ཁག་དཔལ་འབྱོར་རིག་པའི་ཆ་ཤས་ཤིག་ཀྱང་ཡིན་པར་འདོད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ལྟ་ཚུལ་ནི་ཁྱབ་ཁོངས་ཞིབ་འཇུག་ལ་རང་རྐྱ་ཐུབ་པའི་རིག་ཚན་ཞིག་ཡོད་མི་སྲིད་ལ། དེ་ནི་རྟག་ཏུ་ཚན་རིག་དང་མཐུན་པར་སྲིད་ཇུས་ལ་ཞིབ་འཇུག་བྱ་བའི་ཁྱབ་ཁོངས་ལས་འདའ་ཐབས་མེད་པར་འདོད་ཀྱི་ཡོད་པ་སོགས་སོ། །