ཚད་ལྡན་དཔལ་འབྱོར་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚད་ལྡན་འབྱོར་རིག་པ (Normative Economics) ནི་ངེས་གཏན་གྱི་རིན་ཐང་གདམས་གསེས་དག་གཞིར་བཟུང་སྟེ། དཔལ་འབྱོར་གྱི་གནད་དོན་རིགས་ཤིག་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་ཚད་འདོན་པ་དེ་ཡིན་པར་མ་ཟད། དེ་ལྟར་དཔལ་འབྱོར་གཞུང་ལུགས་འཛུགས་པའི་རྨང་གཞིའི་སྟེང་། དཔལ་འབྱོར་སྲིད་ཇུས་གཏན་འབེབས་བྱེད་པའི་གཞི་འཛིན་ས་ཡང་ཡིན། ནུབ་ཕྱོགས་དཔལ་འབྱོར་རིག་པ་ལྟར་ན། ཐོན་ཁུངས་ལ་ཧ་ཅང་དཀོན་པའི་རང་བཞིན་ལྡན་པའི་རྐྱེན་གྱིས། རྣམ་པ་མང་པོའི་བགྲོལ་ལམ་སྟེང་གདམས་གསེས་ངེས་ཅན་ཀྱི་གནད་དོན་ལྷག་གི་ཡོད་པ་དང་། གདམས་གསེས་དེར་ཡང་གདམས་གསེས་བྱ་ཚུལ་ཞིག་ཡོད་པ་དང་། གདམས་གསེས་བྱ་ཚུལ་ནི་དཔལ་འབྱོར་བྱ་བའི་ཚད་ལྡན་གྱི་རང་བཞིན་ཡིན། དེ་བས། གནད་དོན་ངོ་མ་ག་འདྲ་ཞིག་ཡིན་པ་ཐག་གཅོད་བྱ་རྒྱུ་ནི་ ཚད་ལྡན་དཔལ་འབྱོར་རིག་པའི་ལས་སུ་ལྷག་ཡོད།
1 འགྲེལ་བ།

ཚད་ལྡན་དཔལ་འབྱོར་རིག་པ་ནི་མི་ཆོས་དམ་ཚིག་དང་རིན་ཐང་འདོན་སྤྲོད་ཀྱི་གདམས་གསེས་དང་འབྲེལ་བ་ཡོད་པ་ཞིག་ཡིན། དབུལ་བོ་དག་གིས་ངེས་པར་དུ་ངལ་རྩོལ་བྱས་ན་ད་གཟོད་སྲིད་གཞུང་གི་རོགས་སྐྱོར་ཐོབ་པ་ཞིག་ཡིན་པ་དང་། ཡང་ན་ལས་ཤོར་གྱི་ཚད་མཐོ་རུ་སོང་ན་དངུལ་ལོར་འགྲེམ་ཐལ་ཤོར་བའི་མྱུར་ཚད་ལ་ཁག་ཐེག་བྱ་ཐུབ་པ་ཞིག་ཡིན་པར་འདོད་ཀྱི་ཡོད་མོད། དེ་འདྲ་ཞིག་གཏན་ནས་ཡིན་མི་སྲིད་ལ། གནད་དོན་དེ་དག་གི་འབྱུང་རྩ་ནི་མི་ཆོས་ཚུལ་མཐུན་གྱི་ལས་དང་མིའི་ཡིད་རྟོན་གྱི་ཚད་གཞི་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན། དེ་བས་ཆབ་སྲིད་ཀྱི་དཔྱད་འཇོག་དང་སྲིད་ཇུས་ཀྱི་ཐབས་ལམ་ལ་བརྟེན་ནས་ཐག་གཅོད་བྱ་དགོས་པ་ལས། དཔལ་འབྱོར་དབྱེ་ཞིབ་ཀྱི་ཐབས་ལམ་ཁོ་ནར་བརྟེན་པས་ཆོག་པ་ཞིག་མིན།

2 བྱེད་ནུས་གཙོ་བོ།

ཚད་ལྡན་དཔལ་འབྱོར་རིག་པའི་བྱུང་བ་ནི་རིན་ཐང་བརྡར་གཅོད་བྱས་པའི་ནང་ཁུལ་རང་ཕྱོགས་ཀྱི་འདོད་མོས་དེ་ཁོ་ན་མ་ཡིན་པར། དེ་ལས་བྱུང་བའི་ངོས་འཛིན་ཟབ་མོའི་གཞུང་ལུགས་ཀྱི་རྨང་གཞི་ཡང་འཛོམས་དགོས་པ་ཞིག་ཡིན། ཚད་ལྡན་རིང་ལུགས་ནི་དཔལ་འབྱོར་རིག་པའི་གལ་ཆེའི་ཐབས་ལམ་སྨྲ་བའི་མཚན་ཉིད་རིགས་པའི་གྲུབ་མཐའི་རིགས་ལ་ཤན་ཤུགས་ཐེབས་པ་ཞིག་ཡིན་ཞིང་། དེ་ནི་ཁེ་ཕན་རིང་ལུགས་འཕེལ་རྒྱུས་བྱུང་བའི་ཐོན་དངོས་ཤིག་ཡིན་པ་དང་། རིན་ཐང་ལྟ་བ་དང་སྦྱོར་བ་སྤེལ་སྟངས་ཀྱི་མི་ཆོས་རྨང་གཞིར་འཛིན་པར་མཐོང་ཆེན་བྱེད་པ་ཞིག་ཡིན་ལ། ཆ་རྐྱེན་དང་གནས་བབ། བྱ་དངོས། སྤྱོད་སྟངས་བཅས་དང་འབྲེལ་བའི་བཟང་ངན་ཤན་འབྱེད་གྱིས་བྱུང་བའི་ཆོས་ཉིད་རང་བཞིན་ལ་བྱེད་ནུས་ཐོན་གྱི་ཡོད་ཅིང་། དེ་ནི་དགོས་ངེས་ཤིག་ཀྱང་ཡིན།

3 ཞིབ་འཇུག་གི་ཐབས་ལམ།

མི་རྣམས་ཀྱིས་དཔལ་འབྱོར་རིག་པར་ཞིབ་འཇུག་བྱེད་པའི་སྐབས་སུ། ལྟ་ཚུལ་དང་ཐབས་ལམ་རིགས་གཉིས་ཡོད་ཅིང་། གལ་ཏེ་དཔལ་འབྱོར་གྱི་ད་ལྟའི་གནས་ཚུལ་དང་འཕེལ་འགྱུར་བཟང་མིན་ལ་དཔྱད་འཇོག་སྤེལ་བ་དང་། ཡང་ན་དེ་ལྟ་བུའི་བརྡར་གཅོད་བྱས་ན་འགྲིག་གམ་མི་འགྲིག་པའི་ཕྱོགས་ལ་བསམ་བློ་ཡག་པོ་གཏོང་བ་དེ་ཡིན། འདི་ལྟ་བུའི་དཔལ་འབྱོར་རིག་པའི་ཞིབ་འཇུག་གི་ཐབས་ལམ་ལ་ཚད་ལྡན་དཔལ་འབྱོར་རིག་པ་ཟེར་བ་ཡིན།

མི་དང་མིའི་འབྲེལ་བར་ཞིབ་འཇུག་ནན་ཏན་བྱེད་པའི་དཔལ་འབྱོར་རིག་པ་ནི་ཚད་ལྡན་དཔལ་འབྱོར་རིག་པ་ཡིན་པ་དང་། དེས་མི་རྣམས་ཀྱི་དཔལ་འབྱོར་གཉེར་སྟངས་དོན་དམ་པས་ག་འདྲ་ཞིག་ཡིན་དགོས་པ་འི་ཕྱོགས་ལ་ཐུགས་ཁུར་བྱེད་ཀྱི་ཡོད་ཅིང་། དཔལ་འབྱོར་རིག་པས་ཀུན་སྤྱོད་ཚུལ་མཐུན་དང་རིན་ཐང་བརྡར་གཅོད་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པ། རིན་ཐང་བརྡར་གཅོད་ངེས་ཅན་གྱི་རྩ་དོན་གཞིར་བཟུང་། མི་རྣམས་ཀྱི་དཔལ་འབྱོར་གཉེར་སྟངས་ལེགས་མིན་ལ་གདེངས་འཇོག་བྱེད་པ་ཞིག་དང་། ཡང་ན། དེ་ནི་རིན་ཐང་བརྡར་གཅོད་ངེས་གཏན་ཞིག་ལས་མགོ་བརྩམས་ཏེ། མི་རྣམས་ལ་དཔལ་འབྱོར་གཉེར་སྟངས་ཚུལ་མཐུན་ཡང་དག་ཅེས་པ་དེ་ཇི་ལྟ་བུ་ཞིག་ཡིན་པ་སྟོན་གྱི་ཡོད་པ་ཞིག་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-25

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།