མི་འབོར་དཔལ་འབྱོར་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་འབོར་དཔལ་འབྱོར་རིག་པ་ནི། སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་མི་འབོར་དང་དཔལ་འབྱོར་ཕན་ཚུན་བར་གྱི་འབྲེལ་བ་དང་། དེ་བཞིན་འགྱུར་ལྡོག་གི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན། མི་འབོར་འཁོར་སྐྱོད་དང་དཔལ་འབྱོར་བྱ་འགུལ་གཉིས་ཀྱི་འགལ་བ་གཅིག་གྱུར་གྱིས། མི་འབོར་དཔལ་འབྱོར་བྱ་འགུལ་དང་དེ་བཞིན་བབ་མཚུངས་ཀྱི་མི་འབོར་དཔལ་འབྱོར་གྱི་འབྲེལ་བ་གྲུབ་ཀྱི་ཡོད། མི་འབོར་དཔལ་འབྱོར་རིག་པའི་འོས་འགན་ནི། མི་འབོར་དཔལ་འབྱོར་འབྲེལ་བའི་བྱ་འགུལ་གྱི་ཆོས་ཉིད་གསལ་སྟོན་བྱེད་པ་དེ་ཡིན། མི་འབོར་དཔལ་འབྱོར་རིག་པ་དེ་གསར་བྱུང་བསྡུས་གྲུབ་རིག་ཚན་ཞིག་ཡིན་ལ། དེས་གཙོ་བོ་མི་འབོར་སྤོ་འགྱུར་གྱིས་དཔལ་འབྱོར་གོང་འཕེལ་ལམ་ཡང་ན་འཕེལ་རྒྱས་ལ་ཐེབས་པའི་ཤན་ཤུགས་ལ་རྟོགས་ཞིབ་བྱེད་ཀྱི་ཡོད། སྤྱིར་བཏང་དུ། མི་འབོར་དཔལ་འབྱོར་རིག་པ་ནི་ཉེར་སྤྱོད་དཔལ་འབྱོར་རིག་པའི་ཁོངས་སུ་གཏོགས་པ་ཞིག་ཡིན།
1 རིག་ཚན་གྱི་གོ་དོན། 

མི་འབོར་དཔལ་འབྱོར་རིག་པ(population economics )ནི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་མི་འབོར་དང་དཔལ་འབྱོར་ཕན་ཚུན་བར་གྱི་འབྲེལ་བ་དང་། དེ་བཞིན་འགྱུར་ལྡོག་གི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན་པ་དང་། མི་འབོར་འཁོར་སྐྱོད་དང་དཔལ་འབྱོར་བྱ་འགུལ་གཉིས་ཀྱི་འགལ་བ་གཅིག་གྱུར་གྱིས། མི་འབོར་དཔལ་འབྱོར་བྱ་འགུལ་ད་ང་དེ་བཞིན་གྱི་བབ་མཚུངས་མི་འབོར་དཔལ་འབྱོར་གྱི་འབྲེལ་བ་གྲུབ་ཀྱི་ཡོད།

2 ཞིབ་འཇུག་བྱ་ཡུལ་དང་ནང་དོན།

མི་འབོར་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་མི་འབོར་དཔལ་འབྱོར་བྱ་བའི་བརྒྱུད་རིམ་གྱི་མི་འབོར་དང་དཔལ་འབྱོར་ཕན་ཚུན་བར་གྱི་འབྲེལ་བ་སྟེ། མི་འབོར་དཔལ་འབྱོར་གྱི་འགྲེལ་བ་དེ་ཡིན་ཞིང་། ཕྱོགས་གཅིག་ནས་དཔལ་འབྱོར་གྱིས་མི་འབོར་ལ་ཐོན་པའི་ཚོད་འཛིན་གྱི་ནུས་པར་རྟོགས་ཞིབ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་མི་འབོར་གྱིས་དཔལ་འབྱོར་ལ་ཐེབས་པའི་ཤན་ཤུགས་ཀྱི་ནུས་པར་ཞིབ་འཇུག་བྱེད་ཀྱི་ཡོད། ཕྱོགས་འདི་གཉིས་ཀྱི་དཔྱད་ཞིབ་བརྒྱུད་ནས། མི་འབོར་དང་དཔལ་འབྱོར་གཉིས་ཕན་ཚུན་བར་གྱི་འབྲེལ་བ་དང་། དེ་བཞིན་ལས་འགུལ་གྱི་ཆོས་ཉིད་གསལ་འདོན་བྱེད་ཀྱི་ཡོད་པ་ཞིག་ཡིན།

ཞིབ་འཇུག་གི་ནང་དོན་ལ་གཙོ་བོ། མི་འབོར་དང་ཐོན་སྐྱེད། བརྗེ་རེས། བགོ་འགྲེམ། འཛད་སྤྱོད་དང་དེ་བཞིན་འགྱུར་ལྡོག་གི་ཆོས་ཉིད་སོགས་ཡོད་པ་དང་། ད་དུང་མི་འབོར་དང་རྒྱལ་དམངས་དཔལ་འབྱོར་གྱི་ཕྱོགས་བསྡུས་དོ་མཉམ། མི་འབོར་དང་ཐོན་ཁུངས། མི་འབོར་དང་སྐྱེ་ཁམས་དོ་མཉམ། མི་འབོར་མ་གཏོང་དང་དཔལ་འབྱོར་མ་གཏོང་། བྱིས་པའི་མ་རྩའི་ཁེ་ཕན་གྱི་དབྱེ་སོགས་ཡོད།

3 ཞིབ་འཇུག་གི་ཐབས་ལམ།

(1) རྟོགས་དཔྱོད་དང་སྡོམ་རྩིས་དབྱེ་ཞིབ།

(2) དགུལ་མེད་དབྱེ་ཞིབ་དང་འགུལ་ལྡན་དབྱེ་ཞིབ་གཉིས་ཟུང་འབྲེལ་བྱེད་པ།

(3) ངེས་པ་ཅན་གྱི་དབྱེ་ཞིབ་དང་གྲངས་ཚད་ངེས་ཅན་གྱི་དབྱེ་ཞིབ་གཉིས་ཟུང་འབྲེལ་བྱེད་པ།

(4) ཕྲ་མཐོང་དབྱེ་ཞིབ་དང་རགས་མཐོང་དབྱེ་ཞིབ་གཉིས་ཟུང་འབྲེལ་བྱེད་པ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-25

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།