ཕྲ་མཐོང་དཔལ་འབྱོར་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕྲ་མཐོང་དཔལ་འབྱོར་རིག་པ (Macroeconomics) ནི། རྒྱལ་དམངས་ཀྱི་ཡོངས་སྒོ་དང་དཔལ་འབྱོར་སྤྱིའི་མ་གཏོང་། འཛད་སྤྱོད་པ་སོགས་ཀྱི་སྤྱིའི་རང་བཞིན་ཀྱི་སྡོམ་རྩིས་གོ་དོན་སྤྱད་ནས་དཔལ་འབྱོར་འཁོར་སྐྱོད་ཀྱི་ཆོས་ཉིད་ལ་དབྱེ་ཞིབ་བྱེད་པའི་དཔལ་འབྱོར་རིག་པའི་ཁྱབ་ཁོངས་ཤིག་ཡིན་པ་དང་། ཕྲ་མཐོང་དཔལ་འབྱོར་རིག་པ་ནི་གནའ་གཞུང་དུ་བྱུང་བའི་རགས་མཐོང་དཔལ་སྦྱོར་རིག་པར་བལྟས་ཏེ་བརྗོད་པ་ཞིག་ཡིན་ཞིང་། དེ་ནི་མེ་ན་ཏུ་ཆོས་ཨིན་སིའི «ལས་ཞུགས་དང་སྐྱེད་ཀ དངུལ་ལོར་བཅས་ཀྱི་རྒྱས་བཤད» ཅེས་པ་ལས་བྱུང་སྟེ་མགྱོགས་མྱུར་གྱིས་འཕེལ་རྒྱས་ཕྱིན་པའི་དཔལ་འབྱོར་རིག་པའོ་ཁོལ་དུ་བྱུང་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宏观经济学
ཕྱི་ཡིག་གི་མིང་།
Macroeconomics
མིང་གཞན།
ལས་འཁོད་རྣམ་བཤད་དམ་ཡང་ན་ཡོང་སྒོའི་རྣམ་བཤད།
རིགས་དབྱེ།
དཔལ་འབྱོར་རིག་པའི་གྲུབ་མཐའ།
གསར་འབྱེད་མཁན།
ཡུའེ་ཧན་མེ་ན་ཏོ་ཁའེ་ཨུན་སི།
1 མཚན་ཉིད།

ཕྲ་མཐོང་དཔལ་འབྱོར་རིག་པ་ནི་རྒྱལ་དམངས་དཔལ་འབྱོར་སྤྱིའི་བརྒྱུད་རིམ་གྱི་བྱ་འགུལ་དེ་ཞིབ་འཇུག་བྱ་ཡུལ་དུ་བཟུང་བ་ཞིག་ཡིན་པ་དང་། གཙོ་བོ་ལས་ཞུགས་སྤྱིའི་ཆུ་ཚད་དང་རྒྱལ་དམངས་ཀྱི་ཡོང་སྒོ་སྤྱི་སོགས་དཔལ་འབྱོར་གྱི་བསྡོམས་ཚད་ལ་ཟེར། དེ་བས་ཕྲ་མཐོང་དཔལ་འབྱོར་རིག་པ་ལ་ལས་ཞུགས་གཞུང་ལུགས་དང་ཡོང་སྒོའི་གཞུང་ལུགས་ཀྱང་ཟེར་བ་ཡིན།

ཕྲ་མཐོང་དཔལ་འབྱོར་རིག་པས་དཔལ་འབྱོར་ཐོན་ཁུངས་ཀྱི་སྤྱོད་སྒོའི་གནད་དོན་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན་ཞིང་། དེ་ལ་རྒྱལ་དམངས་ཡོང་སྒོ་ཐག་གཅོད་ཀྱི་གཞུང་ལུགས་དང་ལས་ཞུགས་ཀྱི་གཞུང་ལུགས། དངུལ་འགྲེམ་ཚུལ་གྱི་གཞུང་ལུགས། དཔལ་འབྱོར་འཕར་སྣོན་གྱི་གཞུང་ལུགས་། ནོར་སྲིད་དང་དངུལ་ལོར་གྱི་སྲིད་ཇུས་བཅས་ཀྱི་དབྱེ་བ་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

ཕྲ་མཐོང་དཔལ་འབྱོར་རིག་པ་ནི་ཧྥ་རན་སེའི་ཁུའེ་ནའེ་ཡི«དཔལ་འབྱོར་བྲིས་རིས» ཞེས་པ་དང་དབྱིན་ཇིའི་མ་ཨར་སཱ་སིའི«མ་ཨར་སཱ་སིའི་མི་གྲངས་ཀྱི་རྣམ་བཤད»ཅེས་པ་ལས་བྱུང་བ་ཡིན་ཞིང་། སྤྱི་ལོ 1933ལོར། ནོར་ཝེ་རྒྱལ་ཁབ་ཀྱི་དཔལ་འབྱོར་རིག་པ་བ་ཧྥུ་རུའེ་ཞི་ཡིས«ཕྲ་མཐོང་དཔལ་དབྱོར་རིག་པ» འི་གོ་དོན་གསར་དུ་བཏོན་པ་དང་། དེང་རབས་ཕྲ་མཐོང་དཔལ་འབྱོར་རིག་པ་ནི་སྤྱི་ལོ1936 ལོར་ཁའེ་ཨུན་སིའི«ལས་འཁོད་དང་ཁེ་སྤོགས། དངུལ་ལོར་བཅས་ཀྱི་རྒྱས་བཤད» ཅེས་པ་པར་བསྐྲུན་བྱས་པ་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན།

ཕྲ་མཐོང་དཔལ་འབྱོར་རིག་པའི་བྱུང་བ་དང་འཕེལ་རྒྱས་དེ་ད་ལྟའི་བར་དུ་འཕེལ་རིམ་བཞི་བརྒྱུད་ནས་འོང་བ་ཞིག་ཡིན་ཏེ། དུས་རིམ་དང་པོ་ནི། དུས་རབས 17 པའི་དུས་དཀྱིལ་ནས་དུས་རབས19བའི་དུས་དཀྱིལ་བར་ཡིན་པ་དང། དེ་ནི་དུས་སྔ་མོའི་ཕྲ་མཐོང་དཔལ་འབྱོར་རིག་པའི་དུས་རིམ་ལ་ངོས་འཛིན་ཞིང་། ཡང་ན་གནའ་གཞུང་ཕྲ་མཐོང་དཔལ་འབྱོར་རིག་པའི་དུས་རིམ་ཞེས་བརྗོད། དུས་རིམ་གཉིས་པ་ནི དུས་རབས 19 བའི་དུས་མཇུག་ནས་དུས་རབས 20 བའི་ལོ་རབས 30བའི་བར་ཡིན་ཞིང་། དེ་ནི་དེང་རབས་ཕྲ་མཐོང་དཔལ་འབྱོར་རིག་པ་གཞི་རྐང་འཛིགས་པའི་དུས་རིམ་དེ་ཡིན། དུས་རིམ་གསུམ་པ་ནི། དུས་རབས 20བའི་ལོ་རབས 30 ནས་ལོ་རབས60 བའི་བར་ཡིན་ཞིང་། དེ་ནི་ཕྲ་མཐོང་དཔལ་འབྱོར་རིག་པ་འཛུགས་སྐྲུན་བྱེད་པའི་དུས་རིམ་དེ་ཡིན། དུས་རིམ་བཞི་བ་ནི། དུས་རབས20བའི་ལོ་རབས60 བའི་རྗེས་ལ་ངོས་འཛིན་ཞིང་། དེ་ནི་ཕྲ་མཐོང་དཔལ་འབྱོར་རིག་པ་གོམ་གང་མདུན་སྤོས་ཀྱིས་འཕེལ་འགྱུར་འགྲོ་བའི་དུས་རིམ་ཞིག་ཡིན།

3 ལྟ་བ་གཙོ་བོ།
3_1 ཇེ་མགྱོགས་སུ་གཏོང་བའི་རྩ་དོན།

ཕྲ་མཐོང་དཔལ་འབྱོར་རིག་པས་ཞིབ་འཇུག་བྱེད་པའི་དཀྱིལ་སྙིང་གི་གནད་དོན་ནི། རྒྱལ་དམངས་ཡོང་སྒོའི་ཆུ་ཚད་དེ་ཇི་ལྟར་ཐག་གཅོད་བྱ་དགོས་ཞེ་ན། ཕྲ་མཐོང་དཔལ་འབྱོར་རིག་པས་ནི་རྒྱལ་དམངས་ཡོང་སྒོའི་ཆུ་ཚད་ཀྱིས་སྤྱི་ཚོགས་ཡོངས་ཀྱི་ཐོན་སྐྱེད་དང་ལས་ཞུགས་ཀྱི་ཆུ་ཚད་ཚུར་སྣང་བྱ་ཐུབ་པར་འདོད་ཀྱི་ཡོད།

ཕྲ་མཐོང་དཔལ་འབྱོར་རིག་པས་དཔལ་འབྱོར་འཁོར་ཡུན་འགྲེལ་བཤད་བྱེད་པའི་སྐབས་སུ་མ་གཏོང་གི་འགྱུར་བ་སྙོམས་སྒྲིག་བྱེད་པར་གནད་འགག་གི་བྱེད་ནུས་ཐོན་གྱི་ཡོད། དེ་བས་དེས་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་ཕན་ནུས་གལ་ཆེན་འདོན་གྱི་ཡོད།

3_2 རིན་གོང་གི་གནད་དོན།

ཕྲ་མཐོང་དཔལ་འབྱོར་རིག་པས་དཔྱད་གླེང་བྱེད་པའི་རིན་གོང་གི་གནད་དོན་ནི། སྤྱིར་བཏང་དུ་རིན་གོང་གི་ཆུ་ཚད་ཡིན་པ་ལས། ཐོན་རྫས་བྱེ་བྲག་གི་རིག་གོང་གི་གནད་དོན་ནི་མིན། གོང་དུ་གླེང་བའི་རྒྱལ་དམངས་ཡོང་སྒོ་ཐག་གཅོད་ཀྱི་རྣམ་བཤད་གཞིར་བཟུང་ན། སྤྱིར་བཏང་དུ་རིན་གོང་གི་ཆུ་ཚད་དེ་གཙོ་བོ་སྤྱིའི་དགོས་འདུན་གྱི་ཆུ་ཚད་ལས་ཐག་གཅོད་བྱ་བ་ཞིག་ཡིན།

3_3 སྲིད་གཞུང་གི་བྱེད་ནུས།

ཕྲ་མཐོང་དཔལ་འབྱོར་རིག་པས་སྲིད་གཞུང་གིས་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་སོགས་ཀྱི་བྱ་ཐབས་སྤྱད་ནས་དགོས་མཁོ་སྤྱི་སྙོམས་སྒྲིག་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།

3_4 དངུལ་ལོར་སྲིད་ཇུས།

དངུལ་ལོར་སྲིད་ཇུས་ཀྱི་ཕྱོགས་ནས་དངུལ་ལོར་འབོར་ཆེན་མཁོ་འདོན་བྱ་ཚད་དང་སྐྱེད་ཀའི་ཚད་མར་ཆགས་པའི་བྱ་ཐབས་གཙོ་བོར་འཛིན་པ་ཞིག་ཡིན། 


བརྡ་འགྲེལ་གདོང་འཛར།

དཔྱལ་འབྱོར་རིག་པ། ཕྲ་མཐོང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-25

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།