སྤྱི་ཚོགས་བརྟག་དཔྱད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་བརྟག་དཔྱད།
སྤྱི་ཚོགས་ལས་ཁུངས་ནི་བརྟག་དཔྱད་ལས་ཁུངས་སམ་རྩ་འཛུགས་མཁན་དེ་གཞུང་ཕྱོགས་ཀྱི་སྤྱི་ཚོགས་ནུས་ཤུགས་མ་ཡིན་ཞིང་། སྤྱི་ཚོགས་ནུས་ཤུགས་ཀྱི་སློབ་སྒྲུབ་ཀྱི་དོན་སྤྱི་ལ་ཁྱབ་པ་དང་རིགས་མཚུངས། དེ་ཡང་དམངས་ཀྱི་འདོད་བློ་དང་དམངས་ཀྱི་གནས་ཚུལ་ལ་བརྟག་དཔྱད་ཀྱི་ལས་ཁུངས་དང་། སྤྱི་ཚོགས་ཐུན་མོང་གི་ལས་དོན་བརྟག་དཔྱད་ཞིབ་འཇུག་ལས་ཁུངས། སྤྱི་ཚོགས་བརྟག་དཔྱད་ཀུང་སི། དམངས་ཁྲོད་བརྟག་དཔྱད་ཀུང་སི། ཚོང་ལས་བརྟག་དཔྱད་ཀུང་སི། ཚོང་དོན་བརྟག་དཔྱད་ཀུང་སི་སོགས་སྤྱི་ཚོགས་བརྟག་དཔྱད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་ཤིང་། དེའི་ཞབས་ཞུའི་རྣམ་གྲངས་གཙོ་བོ་ནི་སྤྱི་ཚོགས་ལས་དོན་དང་སྤྱི་ཚོགས་ཆ་འཕྲིན་བརྟག་དཔྱད་ཁོ་ན་ཙམ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会调查
རྣམ་པ།
གཞུང་ཕྱོགས་མ་ཡིན་པ།
ཞབས་ཞུའི་རྣམ་གྲངས།
སྤྱི་ཚོགས་ལས་དོན་དང་སྤྱི་ཚོགས་ཆ་འཕྲིན་བརྟག་དཔྱད།
དབྱེ་བ།
སྤྱི་ཁོག་བརྟག་དཔྱད་དང་བྱེ་བྲག་བརྟག་དཔྱད།
1 ཐབས་ལམ།

སྤྱི་ཚོགས་བརྟག་དཔྱད་ཐབས་ལམ་ནི་དམིགས་ཡུལ་ཡོད་པ། འཆར་གཞི་ཡོད་པ། མ་ལག་ཡོད་པའི་སྒོ་ནས་ཞིབ་འཇུག་བྱེད་ཡུལ་གྱི་དངོས་ཡོད་གནས་ཚུལ་ལམ་ལོ་རྒྱུས་གནས་ཚུལ་གྱི་རྒྱུ་ཆ་ལ་ཞིབ་འཇུག་བྱེད་པའི་ཐབས་ལམ་ལ་ཟེར། སྤྱི་ཚོགས་བརྟག་དཔྱད་ཐབས་ལམ་ནི་ཞིབ་འཇུག་རང་བཞིན་གྱི་ཆེད་དོན་སློབ་སྦྱོང་ཁྲོད་རྒྱུན་དུ་བཀོལ་སྤྱོད་བྱེད་བཞིན་པའི་ཞིབ་འཇུག་ཐབས་ལམ་ཞིག་ཡིན། དེས་ལོ་རྒྱུས་ཞིབ་འཇུག་ཐབས་ལམ་དང་། བརྟག་དཔྱད་ཞིབ་འཇུག་ཐབས་ལམ་སོགས་ཕྱོགས་བསྡུས་བེད་སྤྱོད་བྱེད་པ་དང་། དེ་ལས་གཞན་གླེང་མོལ་དང་། འདྲི་ཤོག དཔེ་གཞི་བྱེ་བྲག་པའི་ཞིབ་འཇུག ཚོད་ལྟ་སོགས་ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་ནས། འབྲེལ་ཡོད་སྤྱི་ཚོགས་སྣང་ཚུལ་ལ་འཆར་གཞི་ཡོད་པ་དང་། ཚགས་དམ་པ། མ་ལག་ལྡན་པའི་སྒོ་ནས་རྒྱུས་ལོན་བྱེད་པར་མ་ཟད། བརྟག་དཔྱད་འཚོལ་སྡུད་བྱས་པའི་རྒྱུ་ཆ་ལ་དབྱེ་ཞིབ་། ཕྱོགས་བསྡུས་དང་ཞིབ་བསྡུར་སོགས་བྱས་པར་བརྒྱུད། སྤྱི་ཚོགས་གནད་དོན་བཙལ་ཏེ་འབྲེལ་ཡོད་ཆོས་ཉིད་འཚོལ་ཞིབ་བྱེད་པའི་ཞིབ་འཇུག་ཐབས་ལམ་དེ་ཡིན།

2 སྒྲོམ་གཞི།

སྤྱི་ཚོགས་བརྟག་དཔྱད་ཀྱི་དམིགས་འབེན་གཙོ་བོ་ནི་རྒྱུ་ཆ་ཐོག་མ་འདང་ངེས་པ་ཞིག་འཚོལ་སྡུད་བྱས་ཏེ། ཞིབ་འཇུག་བྱེད་པའི་གནད་དོན་ཐག་གཅོད་བྱེད་པ་དེ་ཡིན། ཞིབ་འཇུག་ཐབས་ལམ་གྱིས་གཞུང་ལུགས་ཞིབ་འཇུག་ལ་ཞབས་ཞུ་བྱེད་པ། རིགས་མི་འདྲ་བའི་ཞིབ་འཇུག་གནད་དོན་ལ་རིགས་མི་འདྲ་བའི་ཞིབ་འཇུག་ཐབས་ལམ་བཀོལ་སྤྱོད་བྱེད་པ་ཡིན། ཅུང་ཆ་ཚང་བའི་ཞིབ་འཇུག་མ་ལག་ལ་ཚང་དགོས་པ་ནི་ངོ་བོ་གཏན་འཁེལ་གྱི་ཞིབ་འཇུག་དང་གྲངས་ཚད་གཏན་ཁེལ་གྱི་ཞིབ་འཇུག་གཉིས་ཡིན།

3 ཞིབ་འཇུག

སྤྱི་ཚོགས་བརྟག་དཔྱད་ནི་ཞིབ་འཇུག་རང་བཞིན་གྱི་སློབ་སྦྱོང་ཁྲོད་རྒྱུན་དུ་སྤྱོད་བཞིན་པའི་ཐབས་ལམ་གཅིག་ཡིན། དེའི་ནང་དོན་ཆ་ཤས་གསུམ་ལས་གྲུབ་པ་ཡིན།

གཅིག སྤྱི་ཚོགས་གནད་དོན་གང་ཡིན་པ་གསལ་བོར་རྟོགས་དགོས་པ།

གཉིས། ཅིའི་ཕྱིར་གནད་དོན་དེ་ཡིན་པའི་རྒྱུ་རྐྱེན་འཚོལ་བ།

གསུམ། ཇི་ལྟར་ཐག་གཅོད་པའི་ཐབས་ལམ་འཚོལ་བ།

4 བྱེད་ནུས།

ཞིབ་འཇུག་མི་སྣ་ལ་ཆེད་དོན་ཞིབ་འཇུག་གི་རྒྱུ་ཆ་དང་པོ་དང་གཞི་གྲངས་འདོན་སྤྲོད་བྱེད་པ། དངོས་ཡོད་སྤྱི་ཚོགས་ཁྲོད་གནས་པའི་གནད་དོན་དང་འགལ་བ་ཐེར་འདོན་བྱེད་པ། རིགས་སོ་སོའི་གནད་དོན་མུ་མཐུད་དུ་ཐག་གཅོད་བྱས་ནས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ།

འབྲེལ་ཡོད་ལས་ཁུངས་ཀྱིས་སྲིད་ཇུས་དང་། འཆར་འགོད། བཅོས་བསྒྱུར་བཅས་གཏན་འབེབས་བྱེད་པར་དོན་དངོས་བདེན་དཔང་འདོན་སྤྲོད་བྱེད་པ་དང་།རིམ་པ་སོ་སོ་དང་རེ་འདུན་མི་འདྲ་བའི་དོ་དམ་དང་སྔོན་དཔག་མངོན་འགྱུར་ལ་ཞབས་ཞུ་སྒྲུབ་པ།

སྤྱི་ཚོགས་གནས་བབ་རྟོགས་པའི་ཁར། ཞིབ་འཇུག་ཆེད་དོན་གསར་བ་དང་། སྔོན་ཐོན་གྱི་ཉམས་མྱོང་ངམ་གནས་པའི་གནད་དོན་བཙལ་བར་མ་ཟད། གནད་དོན་ཐག་གཅོད་ཀྱི་ཐབས་ལམ་གསར་བ་དང་གཞུང་ལུགས་གསར་བ་བཏོན་ནས། དེ་ལས་ཁྱབ་ཁོངས་དེའི་ལས་ཀ་ཚན་རིག་ཅན་གྱི་ཕྱོགས་ལ་བསྐུལ་བ།

5 གོ་རིམ།

དཔྱད་གཞི་འདེམ་པའི་རིམ་པ།

གྲ་སྒྲིག་གི་རིམ་པ།

བརྟག་དཔྱད་ཀྱི་རིམ་པ།

དབྱེ་ཞིབ་ཀྱི་རིམ་པ།

སྤྱི་བསྡོམས་ཀྱི་རིམ་པ།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས་བརྟག་དཔྱད་ཐབས་ལམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-19

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།