ལིའོ་ཉིང་ཞིང་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལིའོ་ཉིང་ཞིང་ཆེན།
ལིའོ་ཉིང་ཞིང་ཆེན་གྱི་བསྡུས་མིང་ལ་ལུའོ་ཞེས་ཟེར་བ་ཡིན་ལ། ས་ཁུལ་རིམ་པའི་གྲོང་ཁྱེར14དང་། ཞིང་ཆེན་རིམ་པའི་གྲོང་ཁྱེར་ཕལ་བ2ཡོད་པ་ཡིན། དེ་ནི་ཀྲུང་གོའི་བྱང་ཤར་ས་ཆའི་ལྷོ་རྒྱུད་དུ་ཡོད་དེ། ལྷོ་ཕྱོགས་སུ་ཧོང་ཧའེ་དང་པོ་ཧའེ་གཉིས་ལ་སྦྲེལ་ཡོད་ཅིང་། ཤར་ཕྱོགས་སུ་ཁྲའོ་ཞན་གྱི་གཙང་བོ་ཞིག་གིས་བཅད་ཡོད། ཡང་ཉི་ཧོང་དང་ཁོ་རེ་ཡའི་རྒྱ་མཚོར་ཐུག་ཡོད་པས། བྱང་ཤར་ས་ཆའི་མཚོ་འགྲམ་རྒྱུད་དུ་གནས་པའི་ཞིང་ཆེན་གཅིག་པུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
辽宁省
ཕྱི་ཡིག་གི་མིང་།
Liaoning Province
མིང་གཞན།
ལིའོ་ཉིང་། ཤར་ཕྱོགས་ཀྱི་ལུའུ་ཨེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་བྱང་ཤར་ས་ཁུལ།
མངའ་ཁོངས།
ཧྲེན་དབྱང་དང་ཏ་ལེན། ཨན་ཧྲན། ཅིན་ཀྲོའུ་སོགས་གྲོང་ཁྱེར་བཅུ་བཞི།
ས་ཁོངས་ཁ་པར་ཨང་རྟགས།
(+86)024.0411—0429
སྦྲག་སྲིད་ཨང་རྟགས།
110000 —125000
གནས་ཡུལ།
(118°E—125°E;38°N—43°N)
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཆིག་འབུམ་བཞི་ཁྲི་དང་གྲངས་ཆུང་བརྒྱད་ཡོད།
མི་གྲངས།
བྱེ་བ་བཞི་དང་ས་ཡ་གསུམ། དགུ་འབུམ་ཡོད།(སྤྱི་ལོ2013ལོར།
སྐད་རིགས།
གཙོ་བོ་བྱང་ཤར་སྤྱི་སྐད།
གནམ་གཤིས།
དྲོད་ཁུལ་དུས་རླུང་གི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཧྲེན་དབྱང་ཕོ་བྲང་། སྟོང་རི། ལོའོ་ཧོ་ཐང་།
གནམ་གྲུ་ཐང་།
ཧྲེན་དབྱང་ཐོ་ཧྲན་རྒྱལ་སྤྱིའི་གནམ་གྲུ་ཐང་།
རླངས་འཁོར་ཨང་རྟགས།
辽A-辽P
1 མི་རིགས།

ལིའོ་ཉིང་ཞིང་ཆེན་ནི་རྒྱལ་ཡོངས་སུ་མི་རིགས་གྲངས་ཉུང་གི་མི་གྲངས་ཆེས་མང་བའི་ཞིང་ཆེན་གྱི་གྲས་ཤིག་ཡིན་ལ། ཞིང་ཆེན་ཡོངས་སུ་རྒྱ་མི་རིགས་ལས་གཞན། ད་དུང་མན་ཇུ་རིགས་དང་སོག་རིགས། ཧུའེ་རིགས། ཁྲའོ་ཞན་རིགས། ཞི་པོ་རིགས་སོགས་མི་རིགས་གྲངས་ཉུང51 ཡོད་ཅིང་། མི་རིགས་གྲངས་ཉུང་གི་མི་གྲངས་ནི6700000 ལྷག་ཡིན་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི16.02% ཟིན་ཡོད་པར་མ་ཟད། ཞིང་ཆེན་དེའི་མི་རིགས་གྲངས་ཉུང་གི་མི་གྲངས་ནི་རྒྱལ་ཡོངས་ནས་ཨང5པ་ཡིན། ཡང་ཞིང་ཆེན་ཡོངས་སུ་མི་རིགས་གྲངས་ཉུང་གི་རང་སྐྱོང་རྫོང8ཡོད་ལ། དེའི་ཁྲོད་དུ་མན་ཇུ་རིགས་ཀྱི་རང་སྐྱོང་རྫོང6དང་སོག་རིགས་རང་སྐྱོང་རྫོང2བཅས་ཡོད། གཞན་ད་དུང་ཞིང་ཆེན་ནང་ཁུལ་དུ་མི་རིགས་གྲངས་ཉུང་གི་དམིགས་བསལ་དབང་ཆ་ལག་བསྟར་གྱི་གྲོང་ཁྱེར2ཡོད། དེ་ཡང་མི་རིགས་གྲངས་ཉུང་གི་རང་སྐྱོང་རྫོང8ཀྱི་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ40000.43 ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི23.3% ཟིན་ཡོད་ཅིང་། མི་རིགས་གྲངས་ཉུང་གི་མི་གྲངས་ནི1740000 ལྷག་ཡོད་ལ། རང་སྐྱོང་རྫོང་གི་སྤྱིའི་མི་གྲངས་ལས་བརྒྱ་ཆའི54.3% ཟིན་ཡོད་དེ། ཞིང་ཆེན་ཡོངས་ཀྱི་མི་རིགས་གྲངས་ཉུང་གི་སྤྱིའི་མི་གྲངས་ལས26% ཟིན་ཡོད།

2 ས་དབྱིབས།

ལིའོ་ཉིང་ཞིང་ཆེན་གྱི་ས་བབ་ནི་སྤྱིའི་ཆ་ནས་བྱང་ནས་ལྷོ་དང་། ཤར་ནུབ་གཉིས་ནས་དབུས་སུ་གསེག་ནས་ཡོད་པ་ཡིན། རི་ཁུལ་དང་དེའུ་འབུར་ནི་ཤར་ནུབ་ནས་དབུས་ཁུལ་གྱི་བདེ་ཐང་དུ་མར་བབས་ཡོད་དེ། རྟའི་རྨིག་པའི་དབྱིབས་ཀྱིས་པོ་ཧའེ་ཡི་ཕྱོགས་སུ་གསེག་ནས་ཡོད་པ་ཡིན། ཡང་ལིའུ་ཧོ་གཙང་བོའི་ཤར་ངོས་དང་ལིའུ་ཧོ་གཙང་བོའི་ནུབ་ངོས་ཀྱི་ཆ་སྙོམས་ཀྱི་མཚོ་འཕགས་ནི་སྨི850ཡིན་པའི་རི་ཁུལ་དང་དེའུ་འབུར་ཡིན། གཞན་དབུས་རྒྱུད་ནི་མཚོ་འཕགས་ལ་སྨི200ཡོད་པའི་ལིའུ་ཧོ་གཙང་བོའི་བདེ་ཐང་ཡོད་པ་ཡིན།

3 རྒྱ་མཚོ།

ལིའུ་ཏུང་ཕྱེད་གླིང་གི་ནུབ་ངོས་ནི་པོ་ཧའེ་ཡིན་པ་དང་། དེའི་ཤར་ངོས་ནི་ཧོང་ཧའེ་དང་སྦྲེལ་ཡོད་ཅིང་། རྒྱ་མཚོའི་གཞི་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ150000 ཡིན་ལ། དེའི་ཁྲོད་ཀྱི་རྒྱ་མཚོ་དང་ཐག་ཉེ་བའི་ཆུ་བོའི་གཞི་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ60000.4 ཡིན།

4 གནམ་གཤིས།

ལིའོ་ཉིང་ཞིང་ཆེན་ནི་ཡ་ཨོ་སྐམ་ས་ཆེན་པོའི་ཤར་ངོགས་དང་འཕྲེད་ཐིག་དབུས་མའི་ས་ཁུལ་དུ་གནས་ཤིང་། དྲོད་ཁུལ་སྐམ་ས་ཆེན་པོ་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁུལ་གྱི་ཁོངས་སུ་གཏོགས། དགུན་གྱི་དུས་ཚིགས་རིང་བ་དང་དབྱར་དུས་དྲོ་བ་ཡིན་ལ། དཔྱིད་ཀ་དང་སྟོན་ཀ་གཉིས་ཐུང་བས་དུས་བཞིའི་དབྱེ་མཚམས་ཧ་ཅང་མངོན་གསལ་ཡིན། 

1

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཞིང་ཆེན། ལིའོ་ཉིང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-10

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།