ཧྥུ་ཅན་ཞིང་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥུ་ཅན་ཞིང་ཆེན།
ཧྥུ་ཅན་ཞིང་ཆེན་གྱི་མིང་བསྡུས་ན་མིན་ཞེས་ཟེར་ཞིང་། ཞིང་ཆེན་གྱི་ལྟེ་གནས་ནི་ཧྥུ་ཀྲོའུ་ཡིན། ཀྲུང་གོའི་ཤར་ལྷོའི་མཚོ་འགྲམ་དུ་ཆགས་པ་དང་། ཤར་དུ་ཐའེ་ཝན་མཚོ་འགག་དང་འབྲེལ་ཞིང་ཐའེ་ཝན་ལ་རྒྱང་གཟིགས་བྱེད་ཐུབ། ཞིང་ཆེན་གྱི་མང་ཆེ་བ་ནི་ཨེ་ཤ་ཡ་དབུས་མའི་ཚ་ཁུལ་གྱི་གནམ་གཤིས་སུ་གཏོགས། མིན་གྱི་ཤར་ལྷོའི་ས་ཁུལ་འགའ་ཤས་ཨེ་ཤ་ཡ་ལྷོ་མའི་ཚ་ཁུལ་དུ་གཏོགས། ཞིང་ཆེན་ཡོངས་ཀྱི་སའི་རྒྱ་ཁྱོན་ནི་སྟོང་སྨི་གྲུ་བཞི་མ་124000ཡིན་པ་དང་། མཚོ་འགྲམ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ136000ཡོད། ཧྥུ་ཅན་ཞིང་ཆེན་ནི་མཚོ་ཁའི་འཚོ་སྡོད་གཙོར་བྱེད་ཅིང་། བརླན་པའི་སྐབས་ཀྱི་མཚོ་དང་མཚེའུ། ཆུ་བོའི་རྒྱ་ཁྱོན་ནི་ཧ་ལམ་སྤྱི་ཆིང200000དང་། ཐང་ངོས་ནི་འདམ་དང་བྱེ་འདམ་གཙོར་ཡིན་པའི་མཚོ་ཁུག་གཙོ་བོ་མང་དུ་འདུག གླིང་ཕྲན་ཁྲ་ལམ་མེར་བསྡོམས་པས1500ལྷག་ཡོད་ལ། ཧའེ་ཐན་གླིང་ཕྲན་ནི་ཞིང་ཆེན་ཡོངས་ཀྱི་གླིང་ཕྲན་གྲགས་ཆེ་ཤོས་དེ་ཡིན། ཧྥུ་ཅན་ཞིང་ཆེན་ནི་ཀྲུང་གོའི་ཤར་ལྷོའི་མཚོ་འགྲམ་དུ་ཆགས་ཤིང་། ཤར་བྱང་ནི་ཀྲེ་ཅང་ཞིང་ཆེན་དང་ཉེ་འབྲེལ་དུ་གནས་པ་དང་། ནུབ་དང་། ནུབ་བྱང་ནི་ཅང་ཞི་ཞིང་ཆེན་དང་འབྲེལ་ཡོད། ལྷོ་ནུབ་ནི་ཀོང་ཏུང་ཞིང་ཆེན་དང་འབྲེལ་བ་དང་། ཤར་ནི་ཐའེ་ཝན་མཚོ་འགག་དང་དབར་ཕྱེ་ཞིང་ཐའེ་ཝན་ལ་རྒྱང་གཟིགས་བྱེད་ཐུབ། སྐམ་སའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ124000ཡོད་ཅིང་། དེར་ཞིང་ཆེན་ཟུར་རིམ་པའི་གྲོང་ཁྱེར1དང་ས་གནས་རིམ་པའི་གྲོང་ཁྱེར8གཏོགས། ཧྥུ་ཅན་ཞིང་ཆེན་གྱི་རྒྱུན་སྡོད་མི་གྲངས་ནི37480000དང་། སྤྱི་ལོ2013ལོར། ཐོག་མར་སྔོན་རྩིས་བྱས་པའི་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་སྤྱི་གྲངས་ནི་སྒོར་དུང་ཕྱུར31910ཡིན་ལ། 11%འཕར་སྣོན་བྱུང་། སྤྱི་ལོ2013ལོར། ཧྥུ་ཅན་ཞིང་ཆེན་གྱི་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར3428.76མངོན་འགྱུར་བྱུང་། ཧྥུ་ཅན་ནི་རི་ལ་བརྟེན་ཞིང་མཚོ་ཁར་ཉེ་བ་དང་། སྐམ་སའི་རྒྱ་ཁྱོན་མང་ཆེ་ཤོས་ནི་དེའུ་འབུར་གྱི་ས་ཁུལ་ཡིན་ཞིང་། ཧྥུ་ཅན་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་དང65.95%ཟིན། ཧྥུ་ཅན་གྱི་མཚོ་འགྲམ་ཀྱག་ཀྱོག་ཆེ་ཞིང་སྐམ་སའི་མཚོ་ཁའི་རིང་ཚད་ནི་སྟོང་སྨི3751.5ལ་བསླེབས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
福建省
ཕྱི་ཡིག་གི་མིང་།
Fujian Province
མིང་གཞན།
པ་མིན། ཧྥུ་ཅན།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཞིང་ཆེན།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཁུལ།
མངའ་ཁོངས།
ཧྥུ་ཀྲོའུ་དང་ཞ་མོན། ཆོན་ཀྲོའུ་སོགས།
ས་ཁོངས་ཁ་པར་ཨང་རྟགས།
0591-0599
སྦྲག་སྲིད་ཨང་རྟགས།
350000 - 365000
གནས་ཡུལ།
ཀྲུང་གོའི་ཀྲུང་གོའི་ཤར་ལྷོ་མཚོ་འགྲམ་དུ་ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཆིག་འབུམ་ཉིས་ཁྲི་བཞི་སྟོང་ཡོད།
མི་གྲངས།
བྱེ་བ་གསུམ་དང་ས་ཡ་བརྒྱད། འབུམ་མེད་དྲུག་ཁྲི་ཡོད། (སྤྱི་ལོ2014ལོར)
གནམ་གཤིས།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
1 ལོ་རྒྱུས།

ཧྥུ་ཅན། ཀྲོའུ་རྒྱལ་རབས་ཀྱི་དུས་སྐབས་སུ་ཆི་མིན་ཏའེ་དང་། ཁྲུན་ཆིའུ་སྐབས་སུ་མིན་ཡའོ་ཏའེ་ཟེར། ཆིན་རྒྱལ་རབས་ཀྱི་དུས་སྐབས་སུ་མིན་ཀྲུང་ཅུན་བཙུགས་པ་དང་། ཀྲུང་དབྱང་སྲིད་དབང་ཧྥུ་ཅན་དུ་ཐོན་འགོ་བརྩམས། ཧན་རྒྱལ་རབས་ཀྱི་དུས་འགོར་དེ་ནི་མིན་ཡའོ་རྒྱལ་ཁབ་ཀྱི་ས་ཁོངས་ཡིན་ཞིང་། མིན་ཡའོ་བྱང་དུ་སྤར་རྗེས་ཧན་རྒྱལ་རབས་ཀྱི་དུས་སྐབས་སུ་སྔོན་གྱི85ལོར་དབྱེ་ཞན་ཁས་ལེན་དང་ཤར་ཕྱོགས་ཀྱི་ཏུའུ་ཝེ་བཙུགས་པ་ནས་བཟུང་། ཀྲུང་ཅིན་ཏུའུ་ཝེ་དེ་དབྱེ་ཞན་ནས་ཀྲང་ཨན་དུ་སྤར་ལ། ཧིའུ་ཀོན་ཤུལ་དུ་བསྐྱུར་ཏེ་དབྱེ་ཞན་ལ་དོ་དམ་བྱས། དེ་ནས་ལྷོ་ཕྱོགས་ཀྱི་ཏུའུ་ཝེ་བཙུགས་པ་དང་། དེ་ནས་ཅན་ཨན207ལོར་དངོས་སུ་ཅན་ཨན་ཅུན་ཀྲི་བཙུགས་ཤིང་། ཧྥུ་ཅན་ཏུའུ་ནི་རྒྱལ་བོའི་དམག་དོན་གྱི་དོ་དམ་འོག་གཏོགས།

རྒྱལ་ཁབ་གསུམ་གྱི་སྐབས་སུ་ཝུའུ་རྒྱལ་ཁབ་ལ་གཏོགས་ཤིང་། ཅན་ཨན་ཏུའུ་བཙུགས་པ་དང་། དེར་ཅན་ཨན་དང་། ནན་ཕིང་། ཅང་ལི། ཅན་ཕིང་། ཏུང་ཕིང་། ཀྲའོ་ཝུའུ། ཝུའུ་ཞིང་། དེ་མོན་ཧོའུ་ཀོན་དང་ཏུང་ཨན་བཅས་བསྡོམས་པས་རྫོང9གཏོགས།

ཅིན་ནུབ་མའི་ཐའེ་ཁང282ལོར། ཅན་ཨན་ཅུན་ནི་ཅན་ཨན་དང་ཅིན་ཨན་བཅས་ཅུན་གཉིས་སུ་བཅོས་པ་དང་། དེ་ནས་ལིང་ཐའེ་ཅན་གྱི་སྐབས་སུ(སྤྱི་ལོ502ནས519ལོར)ཅིན་ཨན་ཅུན་ནས་ཡང་ནན་ཨན་ཅུན་ཞིག་དབྱེ་བ་དང་། དེར་ཞིན་ཧྭ་དང་། ཆོན། ཀྲང་སོགས་ས་ཁུལ་གཏོགས།

སུའེ་རྒྱལ་རབས་ཀྱི607ལོར། ཅན་ཨན་དང་ཅིན་ཨན། ནན་ཨན་བཅས་ཅུན་གསུམ་གཅིག་ཏུ་སྡེབ་སྟེ་ཅན་ཨན་ཅུན་དུ་བསྒྱུར། སྔར་བཙུགས་པའི་རྫོང15ནི་མིན་རྫོང་དང་། ཅན་ཨན་རྫོང་། ནན་ཨན་རྫོང་། ལུང་ཞི་རྫོང་བཅས་སུ་སྡེབ་སྒྲིག་བྱས།

ཐང་རྒྱལ་རབས་ཀྱི་ཅིན་ཡུན607ལོར། མིན་ཀྲོའུ་ཏུའུ་ཏུའུ་ཧྥུ་བཙུགས་པ་དང་། མིན་དང་། ཅན། ཆོན། ཀྲང་། ཁྲའོ་བཅས་ཁུལ་ལྔ་དང་འབྲེལ། ཁེ་ཡོན725ལོར། མིན་ཀྲིག་ཏུའུ་ཏུའུ་ཧྥུ་དེ་ཧྥུ་ཀྲོའུ་ཏུའུ་ཏུའུ་ཧྥུ་རུ་བསྒྱུར་བ་དང་། དེ་ནི་ཧྥུ་ཀྲོའུ་ཞེས་པའི་མིང་འདི་བྱུང་བའི་ཐོག་མ་ཡིན།

རྒྱལ་རབས་ལྔ་དང་རྒྱལ་ཁབ་བཅུའི་སྐབས་སུ། ཧྥུ་ཅན་ནི་སྔ་གཞུག་ཏུ་མིན་དང་། ཆིན། ཐང་ལྷོ་མ། ཝུའུ་ཡའོ་བཅས་རྒྱལ་ཁབ་སོ་སོས་བདག་བཟུང་བྱས། དེ་ནས་ཐང་རྒྱལ་རབས་ཀྱི་ཁྲང་ཞིང933ལོར། ཝང་ཡན་ཅུན་རྒྱལ་བོར་བསྐོས་པ་དང་མིང་དུ་ཏ་མིན་གསོལ་ཞིང་། ཡོན་ལུང་ཆི་རུ་བསྒྱུར། ཧྥུ་ཀྲོའུ་དེ་ཁྲང་ལི་ཧྥུ་རུ་མཚན་འཕར་བ་དང་ཏུང་ཏུའུ་རུ་བཏགས། ཧྥུ་དང་། ཆོན། ཅན།  ཐིང་། ཀྲང་བཅས་ཁུལ་ལྔ་དང་འབྲེལ་ཡོད།

སུང་རྒྱལ་རབས་ཀྱི་ཅིན་ཡན1276ལོར། ཡོན་གྱི་དམག་གིས་སུང་རྒྱལ་རབས་ཀྱི་རྒྱལ་ས་ལིན་ཨན(ད་ལྟའི་ཧང་ཀྲོའུ)དུ་ཕར་རྒོལ་བྱས་ཤིང་། སུང་རྒྱལ་རབས་ཀྱི་རྒྱལ་བོ་ཀྲའོ་ཞན་འཛིན་བཟུང་བྱས།

ཡོན་རྒྱལ་རབས་ཀྱི1280ལོར། ཧྥུ་ཅན་ས་ཁོངས་སུ་དུས་མཉམ་དུ་ཧྥུ་ཀྲོའུ་དང་ཆོན་ཀྲིའུ་བཅས་ཞིང་ཆེན་གཉིས་བཙུགས། ཡོན་རྒྱལ་རབས་ཀྱི་དུས་དཀྱིལ་དུ་རྒྱལ་ཡོངས་སུ་ཞིང་ཆེན11ཏུ་བགོས་ཤིང་། ཧྥུ་ཅན་ས་ཁོངས་སུ་ལུའུ8བཙུགས་པ་དང་། སྤྱི་ལོ1356ལོར་ད་གཟོད་ཧྥུ་ཅན་ཞིང་ཆེན་སླར་གསོ་བྱུང་།

མིང་རྒྱལ་རབས་ཀྱི་ཧོང་ཝུའུ1368ལོར། ཧྥུ་ཅན་ཞིང་ཆེན་ཡོངས་སུ་ལུའུ8དེ་ཧྥུ་ཀྲོའུ་དང་། ཅན་ཉིང་། ཡན་ཕིང་། ཧྲའོ་ཝུའུ། ཞིང་ཧྭ། ཆོན་ཀྲོའུ། ཐིང་ཀྲོའུ་བཅས་ཧྥུའུ8དུ་བསྒྱུར།

ཆིང་རྒྱལ་རབས་ཀྱི་སྐབས་སུ། ཧྥུ་ཅན་ས་ཁོངས་སུ་མིན་ལམ་ལུགས་རྒྱུན་འཛིན་བྱས་པ་དང་། ཞིང་ཆེན་དུ་ཧྥུ་ཀྲོའུ་དང་། ཞིང་ཧྭ། ཆོན་ཀྲོའུ། ཀྲང་ཀྲོའུ། ཡན་ཕིང་། ཅན་ཉིང་། ཧྲའོ་ཝུའུ། ཐིང་ཀྲོའུ་བཅས་ཧྥུའུ8དང་ཧྥུ་ཉིང་ཀྲོའུ་གཏོགས།

ལྕགས་ཕག་ལོའི་གསར་བརྗེའི་རྗེས་སུ། སྐབས་སོ་སོའི་ཀྲུང་དབྱང་སྲིད་དབང་ཕལ་ཆེར་ཧྥུ་ཅན་ཞིང་ཆེན་དུ་བཙུགས། སྤྱི་ལོ1913ལོར་ཧྥུའུ་དང་ཁུལ་གྱི་ལམ་ལུགས་མེད་པར་བཟོས་ཤིང་། སོ་སོར་ཤར་དང་། ལྷོ། ནུབ། བྱང་བཅས་ལུའུ་བཞིའི་ལྟ་ཞིབ་ཁང་བཙུགས།

སྤྱི་ལོ1951ལོར། ཆོན་ཀྲོའུ་གྲོང་ཁྱེར་དང་ཀྲང་ཀྲོའུ་གྲོང་ཁྱེར་བཙུགས་པ་དང་། སོ་སོར་ཅིན་ཅང་ཆེད་བཙུགས་ཁང་དང་ལུང་ཞི་ཆེད་བཙུགས་ཁང་བགོས་ཏེ་དོ་དམ་བྱས།

སྤྱི་ལོ1953ལོར། སྔར་ཅིན་ཅང་ཆེད་བཙུགས་ཁང་གིས་སྣེ་ཁྲིད་པའི་ཆོན་ཀྲོའུ་དང་ལུང་ཞི་ཆེད་བཙུགས་ཁང་གིས་སྣེ་ཁྲིད་པའི་ཀྲང་ཀྲོའུ་བཅས་གྲོང་ཁྱེར་གཉིས་ཞིང་ཆེན་གྱི་ཁོངས་གཏོགས་སུ་བསྒྱུར།

སྤྱི་ལོ1956ལོར། ནན་ཕིང་གྲོང་ཁྱེར་བཙུགས་པ་དང་ཞིང་ཆེན་ལ་གཏོགས་པའི་གྲོང་ཁྱེར་དུ་བྱས། མོན་ཧོའུ་དང་། ཡུང་ཨན། ཅན་དབྱང་བཅས་ཆེད་ལྡན་ས་ཁུལ་གསུམ་མེད་པར་བཟོས།

སྤྱི་ལོ1958ལོར། སྔར་ཞིང་ཆེན་ལ་ཐད་གཏོགས་ཀྱི་ཆོན་ཀྲོའུ་གྲོང་ཁྱེར་དེ་ཅིན་ཅང་ཆེད་བཙུགས་ཁང་དུ་བགོས་ཏེ་དོ་དམ་དང་། ཀྲང་ཀྲོའུ་གྲོང་ཁྱེར་དེ་ལུང་ཞི་ཆེད་བཙུགས་ཁང་དུ་བགོས་ཏེ་དོ་དམ། ནན་ཕིང་གྲོང་ཁྱེར་དེ་ནན་ཕིང་ཆེད་བཙུགས་ཁང་གིས་དོ་དམ། མོན་ཧོའུ་རྫོང་དེ་ཧྥུ་ཀྲོའུ་གྲོང་ཁྱེར་ལ་བགོས་ཏེ་དོ་དམ། ཐུང་ཨན་རྫོང་དེ་ཞ་མོན་གྲོང་ཁྱེར་ལ་བགོས་ཏེ་དོ་དམ་བྱས།

སྤྱི་ལོ1984ལོའི་ཟླ9བར། ཡུང་ཨན་རྫོང་མེད་པར་བཟོས་ཏེ་ཡུང་ཨན་གྲོང་ཁྱེར(རྫོང་རིམ་པ)བཙུགས།

སྤྱི་ལོ1985ལོར། ཀྲང་ཀྲོའུ་གྲོང་ཁྱེར་ནི་ས་གནས་རིམ་པའི་གྲོང་ཁྱེར་དུ་རིམ་པ་འཕར་ཞིང་། ལུང་ཞི་ས་ཁུལ་མེད་པར་བཟོས། ལུང་ཧའེ་དང་། ཡུན་ཞའོ། ཀྲང་ཕུའུ། ཀྲའོ་ཨན། ཁྲང་ཐའེ། ཏུང་ཧྲན། ནན་ཅིང་། ཕིང་ཧོ། ཧྭ་ཨན་རྫོང་བཅས་ཀྲང་ཀྲོའུ་གྲོང་ཁྱེར་དུ་བགོས། ཆོན་ཀྲོའུ་གྲོང་ཁྱེར་ནི་ས་གནས་རིམ་པའི་གྲོང་ཁྱེར་དུ་རིམ་འཕར་བྱས་ཤིང་། ཅིན་ཅང་ས་ཁུལ་མེད་པར་བཟོས། ཧུའེ་ཨན་དང་། ཅིན་ཅང་། ནན་ཨན། ཨན་ཞི། ཡུང་ཁྲུན། ཏེ་ཧྭ། ཅིན་མིན་རྫོང་བཅས་ཆོན་ཀྲོའུ་གྲོང་ཁྱེར་དུ་བགོས།

སྤྱི་ལོ1988ལོར། ཅན་དབྱང་ས་ཁུལ་སྲིད་འཛིན་སྤྱི་སྒྲུབ་གནས་གཞི་ས་ཁུལ་དེ་ཅན་དབྱང་རྫོང་ནས་ནན་ཕིང་གྲོང་ཁྱེར་དུ་སྤར་བ་མ་ཟད་ནན་ཕིང་ས་ཁུལ་དུ་མིང་བསྒྱུར།

སྤྱི་ལོ1989ལོའི་ཟླ8པའི་ཚེས21ཉིན། ཁྲུང་ཨན་རྫོང་མེད་པར་བཟོས་ཤིང་། ཝུའུ་དབྱི་ཧྲན་གྲོང་ཁྱེར་བཙུགས་པ་དང་། ཟླ11པའི་ཚེས13ཉིན། ཧྥུ་ཨན་རྫོང་མེད་པར་བཟོས་པ་དང་ཧྥུ་ཨན་གྲོང་ཁྱེར་བཙུགས(རྫོང་རིམ་པ)

སྤྱི་ལོ1990ལོའི་ཟླ8པའི་ཚེས15ཉིན། ཀྲང་ཕིང་རྫོང་མེད་པར་བཟོས་ཤིང་ཀྲང་ཕིང་གྲོང་ཁྱེར(རྫོང་རིམ་པ)བཙུགས་པ་དང་། ཟླ12པའི་ཚེས26ཉིན། ཧྥུ་ཆིང་རྫོང་མེད་པར་བཟོས་ཤིང་། ཧྥུ་ཆིང་གྲོང་ཁྱེར(རྫོང་རིམ་པ)བཙུགས།

སྤྱི་ལོ1992ལོར། ཅིན་ཅང་རྫོང་མེད་པར་བཟོས་ཤིང་ཅིན་ཅང་གྲོང་ཁྱེར(རྫོང་རིམ་པ)བཙུགས་པ་དང་། ཅན་ཨོའུ་རྫོང་མེད་པར་བཟོས་ཤིང་ཅན་ཨོའུ་གྲོང་ཁྱེར(རྫོང་རིམ་པ)བཙུགས་པ་དང་། སྔར་གྱི་སྲིད་འཛིན་ས་ཁུལ་ཚང་མར་འགྱུར་བ་མེད་ལ། ལས་ཁུངས་སོགས་ཀྱང་ཁ་སྣོན་མེད།

སྤྱི་ལོ1994ལོར། ནན་ཕིང་ས་ཁུལ་མེད་པར་བཟོས་ཤིང་ནན་ཕིང་གྲོང་ཁྱེར(ས་གནས་རིམ་པའི་གྲོང་ཁྱེར)བཙུགས་པ་དང་། དེ་ནས་ནན་ཕིང་གྲོང་ཁྱེར་མེད་པར་བཟོས་ཏེ་ཡན་ཕིང་ས་ཁུལ་བཙུགས། ཁྲང་ལེ་རྫོང་མེད་པར་བཟོས་པ་དང་ཁྲང་ལེ་གྲོང་ཁྱེར(རྫོང་རིམ་པ)བཙུགས། ཅན་དབྱང་རྫོང་མེད་པར་བཟོས་ཏེ་ཅན་དབྱང་གྲོང་ཁྱེར་བཙུགས། ཞིང་ཆེན་ཡོངས་སུ་ས་གནས་རིམ་པའི་གྲོང་ཁྱེར7དང་ས་ཁུལ2 རྫོང་རིམ་པའི་གྲོང་ཁྱེར15 རྫོང48 ས་ཁུལ18བཅས་བཙུགས།

2 སྲིད་འཛིན་ས་ཁོངས།

ཧྥུ་ཅན་ཞིང་ཆེན་ཕིང་ཐན་རྫོང་དེ་ཧྥུ་ཅན་ཞིང་ཆེན་ཕིང་ཐན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་དུ་རིམ་འཕར་བྱས་པ་དང་། ས་ཁུལ་དང་གྲོང་ཁྱེར9དང་གཅིག་ཏུ་སྡེབ། དོན་དངོས་སུ་ཕིང་ཐན་རྫོང་ནི་ཧྥུ་ཀྲོའུ་གྲོང་ཁྱེར་གྱི་དོ་དམ་ཁྱབ་ཁོངས་སུ་མི་གཏོགས་ཤིང་། ཕིང་ཐན་རྫོང་ནི་ཧྥུ་ཅན་ཞིང་ཆེན་ཕིང་ཐན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱིས་དོ་དམ་བྱེད་པ་ཡིན།

ཧྥུ་ཅན་ཞིང་ཆེན་གྱི་ཅིང་མིན་དང་མ་ཙོ་ས་ཁུལ་གཉིས་ལ་ཞིབ་ཕྲའི་ངང་ཅིང་མིན་གླིང་ཕྲན་གྱི་ཁྱུ་དང་། མ་ཙོ་ལེ་གླིང་ཕྲན། ཝུའུ་ཆིའུ་གླིང་ཕྲན་སོགས་ས་ཁོངས་འདུས་པ་དང་། དོན་དངོས་སུ་ཐའེ་ཝན་ས་གནས་ཅུའི་ཡིས་དོ་དམ་བྱེད་པར་མ་ཟད། ཅིང་མིན་གླིང་ཕྲན་དུ་ཧྥུ་ཅན་ཞིང་ཆེན་སྲིད་གཞུང་བཙུགས་ཡོད་ཅིང་དེའི་སྲིད་འཛིན་ས་ཁོངས་སོ་སོ་ནི། ཅིང་མིན་རྫོང་དང་། ལན་ཅང་རྫོང་། ཝུའུ་ཆིའུ་ཡུལ་ཚོ་བཅས་ཡིན་ལ། སྤྱིར་བཏང་དུ་ཅིན་མ་ས་ཁུལ་ཟེར།

3 ས་དབྱིབས།

སྤྱིའི་ཆ་ནས་ནུབ་བྱང་མཐོ་ཞིང་ཤར་ལྷོ་དམའ། ཧྭ་ཞ་གསར་བའི་སྒྲིག་གཞིའི་ཚོད་འཛིན་གྱི་དབང་གིས་ནུབ་རྒྱུད་དང་དབུས་རྒྱུད་དེ་བྱང་ནས་ཤར་དུ་གཟུར་ལ་ཞིང་ཆེན་ཡོངས་སུ་མིན་ནུབ་རི་ཁུག་དང་མིན་དབུས་རི་ཁུག་ཏུ་བརྒལ་ཡོད། རུ་ཁུག་ཆེན་མོ་གཉིས་ཀྱི་བར་དུ་ཕན་ཚུན་མི་འདྲེས་པའི་ཆུ་འགག་དང་གཞོང་ས། དེ་མིན་ཤར་ཕྱོགས་མཚོ་རྒྱུད་ས་ཁུལ་ནི་དེའུ་འབུར་དང་རི་སྒང་། མཚོ་འགྲམ་ཐང་གཞོང་དུ་གྲུབ་ཡོད།

སྐམ་སའི་མཚོ་ཁའི་རིང་ཚད་ནི་སྟོང་སྨི3752ཡོད་ཅིང་། མཚོ་འགག་མང་སྟེ་བྱང་ནས་ལྷོ་རུ་ཧྲ་ཁྲེང་མཚོ་འགག་དང་། སན་ཏུའུ་མཚོ་འགག  ལོ་ཡོན་མཚོ་འགག  མེ་ཀྲོའུ་མཚོ་འགག ཞ་མོན་མཚོ་འགག ཏུང་ཧྲན་མཚོ་འགག་སོགས་མཚོ་འགག6ཡོད། གླིང་ཕྲན་མང་ཞིང་བསྡོམས་པས1500ལྷག་འདུག

4 གནམ་གཤིས།

ཧྥུ་ཅན་ནི་བྱང་གི་ཉི་མའི་ལྡོག་ཐིག་དང་ཉེ་བས་དུས་རླུང་འཁོར་བརྒྱུད་དང་ས་གཤིས་ཀྱི་ཤུགས་རྐྱེན་ཐེབས་ཏེ་དྲོད་བཤེར་གྱི་ཚ་ཁུལ་རྒྱ་མཚོ་རང་བཞིན་གྱི་དུས་རླུང་གནམ་གཤིས་སུ་གྲུབ། ཞིང་ཆེན་ཡོངས་སུ70%ཡི་ས་ཁོངས་ནི≥10℃ཡི་བསྡོམས་དྲོད་དེ5000-7600℃བར་དུ་གནས་ལ། ཆར་ཆུ་མོད་ཅིང་། ལོའི་ཆ་སྙོམས་དྲོད་ཚད་ནི17-21℃དང་། ཆ་སྙོམས་ཆར་ཆུ་འབབ་ཚད་ནི་ཧོ་སྨི1400-2000བར་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཞིང་ཆེན། ཧྥུ་ཅན། པ་མིན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-12

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།