ཀོང་ཏུང་ཞིང་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོང་ཏུང་ཞིང་ཆེན།
ཀོང་ཏུང་ཞིང་ཆེན་ནི་ལིང་ལྷོ་ཤར་ལམ་དང་ཀོང་ལྷོ་ཤར་ལམ་ཡོད་པས་མིང་དུ་གྲགས་པ་དང་། མིང་བསྡུས་ན་ཡུའེ་ཞེས་འབོད་པ་ཡིན་ལ། ཞིང་ཆེན་གྱི་ལྟེ་གནས་ནི་ཀོང་ཀྲོའུ་ཡིན་ཞིང་། དེ་ནི་ཀྲུང་གོའི་སྐམ་ས་ཆེན་མོའི་ལྷོ་རྒྱུད་མཚོ་འགྲམ་གྱི་ཞིང་ཆེན་ཤིག་ཡིན་ཏེ། ནན་ལིང་གི་ལྷོ་ཕྱོགས་དང་ནན་ཧའེ་ཡི་འགྲམ་ངོགས་སུ་ཡོད་པ་དང་། ཞང་ཀང་དང་ཨའོ་མོན། ཀོང་ཞི། ཧུའུ་ནན། ཧྥུ་ཅན་བཅས་ལ་འབྲེལ་ཡོད། ཡང་ཧའེ་ནན་དང་ཁ་གཏད་དུ་ཡོད་པ་དང་། ཀྲུའུ་སན་ཅོ་དང་ཡུའེ་ཤར། ཡུའེ་ནུབ། ཡུའེ་བྱང་བཅས་ས་ཁུལ4རུ་བཀར་ཡོད་ཅིང་། ཞིང་ཆེན་རིམ་པའི་གྲོང་ཁྱེར་ཕལ་བ2དང་ས་ཁུལ་རིམ་པའི་གྲོང་ཁྱེར19 ཐད་གཏོགས་ས་ཁུལ60 རྫོང་རིམ་པའི་གྲོང་ཁྱེར20 རྫོང36 རང་སྐྱོང་རྫོང3བཅས་ཡོད། ཀོང་ཏུང་ཞིང་ཆེན་ལ་སྐད་བརྡའི་གོམས་གཤིས་དང་སྲོལ་རྒྱུན། ལོ་རྒྱུས་རིག་གནས་སོགས་ཀྱི་ཐད་ནས་ཐུན་མོང་མ་ཡིན་པའི་གཤིས་ལུགས་རེ་ཡོད་དེ། ལིང་ནན་རིག་གནས་ཀྱི་རྒྱུད་འཛིན་ས་ཁུལ་གཙོ་བོ་ཞིག་ཡིན་ལ། དེ་ནི་ཀྲུང་གོའི་མི་གྲངས་ཆེས་མང་བའི་ཞིང་ཆེན་ཡང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广东省
ཕྱི་ཡིག་གི་མིང་།
Guangdong Province
མིང་གཞན།
ལྷོ་ཡུའེ། ཀོང་ཏུང་།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ལྷོ་ས་ཁུལ།
མངའ་ཁོངས།
ཞིང་ཆེན་རིམ་པའི་གྲོང་ཁྱེར་ཉི་ཤུ་ཉེར་གཅིག་དང་རྫོང་རིམ་པའི་གྲོང་ཁྱེར་ཉི་ཤུ་ཉེར་གཅིག
ས་ཁོངས་ཁ་པར་ཨང་རྟགས།
020-066 075 076
སྦྲག་སྲིད་ཨང་རྟགས།
51-52(ཀོང་ཀྲོའུ། 510000)
གནས་ཡུལ།
ཀྲུང་གོའི་ནན་ལིང་གི་ལྷོ་ཕྱོགས་དང་ནན་ཧའེ་ཡི་འགྲམ་ངོགས་སུ་ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཆིག་འབུམ་བདུན་ཁྲི་དགུ་སྟོང་བདུན་བརྒྱ་ཡོད།
མི་གྲངས།
བྱེ་བ་གཅིག་དང་ས་ཡ་མེད། བདུན་འབུམ་ཉིས་ཁྲི་བཞི་སྟོང་ཡོད། (སྤྱི་ལོ2014ལོར)
གནམ་གཤིས།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
1 གནས་ཡུལ།

ཀོང་ཏུང་ཞིང་ཆེན་ནི་ཀྲུང་གོའི་སྐམ་ས་ཆེན་པོའི་ལྷོ་རྒྱུད་དུ་གནས་ཤིང་། ཤར་ཕྱོགས་ནས་ཧྥུ་ཅན་ཞིང་ཆེན་དང་ཐག་ཉེ་བ་དང་། བྱང་ཕྱོགས་སུ་ཅང་ཞི་དང་ཧུའུ་ནན་ཞིང་ཆེན་གཉིས་ལ་འབྲེལ་ཡོད། ཡང་ནུབ་ཕྱོགས་སུ་ཀོང་ཞི་ཞིང་ཆེན་དང་འབྲེལ་ཡོད་པ་དང་། ལྷོ་ཕྱོགས་ནི་ནན་ཧའེ་དང་ཐག་ཉེ་བ་ཡིན་ཞིང་། བྱང་གི་འཕྲེད་ཐིག20°09ˊ-25°31ˊདང་ཤར་གྱི་གཞུང་ཐིག109°45ˊ-117°20ˊཡི་བར་དུ་ཡོད་པ་ཡིན།

ཞིང་ཆེན་ཡོངས་ཀྱི་སྐམ་སའི་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ179800ཡོད་དེ། རྒྱལ་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་གྱི1.85%ཟིན་པ་དང་། གླིང་ཕྲན་གྱི་གཞི་ཁྱོན་ནི1592ཡིན་ཏེ། ཞིང་ཆེན་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་གྱི་0.85%ཟིན་ཡོད་ཅིང་། ཞིང་ཆེན་ཡོངས་སུ་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ500ཡི་ཡན་ཡོད་པའི་གླིང་ཕྲན759ཡོད་པ་དང་། རྒྱལ་ཡོངས་ཀྱི་ཨང་གསུམ་པར་བགྲངས་པ་ཡིན་ལ། དེའི་ཁྲོད་ཀྱི་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་ལ་གླིང་ཕྲན147ཡོད་པ་དང་། རྒྱལ་ནང་དུ་གླིང་ཕྲན་ཅུང་མང་བོ་ཡོད་པའི་གྲོང་ཁྱེར་གྱི་གྲས་ཤིག་ཡིན།

2 གནམ་གཤིས།

ཀོང་ཏུང་ཞིང་ཆེན་ནི་ཨེ་ཤ་ཡ་ཤར་མའི་དུས་རླུང་ཁུལ་གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། བྱང་ནས་ལྷོ་རུ་སོ་སོར་ཨེ་ཤ་ཡ་དབུས་མའི་ཚ་ཁུལ་དང་ཨེ་ཤ་ཡ་ལྷོ་མའི་ཚ་ཁུལ། ཚ་ཁུལ་གྱི་ནམ་ཟླ་བཅས་ནི་ཀྲུང་གོའི་འོད་དང་ཚ་ནུས། ཆུའི་ཐོན་ཁུངས་སོགས་ཧ་ཅང་འཛོམས་པོ་ཡིན་པའི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི19-24℃བར་ཡིན་ཞིང་། ཟླ་བ་དང་པོའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི16-19℃བར་ཡིན་པ་དང་། ཟླ་བ་བདུན་པའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི28~29℃་བར་ཡིན།

ཀོང་ཏུང་ཞིང་ཆེན་གྱི་ཆར་ཆུ་འབབ་ཚད་ཧ་ཅང་ཕུན་སུམ་ཚོགས་པ་ཡིན་ལ། ལོ་ཧྲིལ་བོའི་ནང་གི་ཆར་ཆུ་འབབ་ཚད་ནི་ཧོ་སྨི1300-2500བར་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧོ་སྨི1777ཡིན། དེའི་རྐྱེན་གྱིས་རྒྱུན་པར་ཆུ་ལོག་དང་ཐན་པ་སོགས་རང་བྱུང་གི་གནོད་འཚེ་འབྱུང་བ་ཡིན།

3 མི་རིགས།

ཀོང་ཏུང་ཞིང་ཆེན་ནི་མི་རིགས56འདུས་སྡོད་ཀྱི་ཞིང་ཆེན་ཞིག་ཡིན་ལ། སྤྱི་ལོ་2011ལོར་སྡོམ་རྩིས་བྱས་པ་ལྟར་ན། རྒྱ་མི་རིགས་ཀྱི་མི་གྲངས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི97.46%ཟིན་ཡོད། ཡང་མི་རིགས་གྲངས་ཉུང་གི་མི་གྲངས་ནི3070000ཡིན་ཞིང་། གཞིས་ཆགས་ཀྱི་མི་རིགས་གྲངས་ཉུང་ནི་ཀྲོང་རིགས་དང་ཡའོ་རིགས། ཧྲེ་རིགས། ཧུའེ་རིགས། མན་ཇུ་རིགས་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཞིང་ཆེན། ཀོང་ཏུང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-12

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།