ཀུའེ་ཀྲོའུ་ཞིང་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀུའེ་ཀྲོའུ་ཞིང་ཆེན།
ཀུའེ་ཀྲོའུ་ཞིང་ཆེན་གྱི་མིང་བསྡུས་ན་ཆན་ནམ་ཀུའེ་ཞེས་འབོད་པ་ཡིན་ལ། ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དུ་ཡོད་ཅིང་། ཞིང་ཆེན་གྱི་ལྟེ་གནས་ནི་ཀུའེ་དབྱང་ཡིན། དེ་ཡང་ཤར་ཕྱོགས་ནི་ཧུའུ་ནན་ཞིང་ཆེན་དང་ཐག་ཉེ་བ་དང་། ལྷོ་ཕྱོགས་ནི་ཀོང་ཞི་ཞིང་ཆེན་དང་ཐག་ཉེ་བ་ཡིན། ཡང་ནུབ་ཕྱོགས་ནི་ཡུན་ནན་ཞིང་ཆེན་དང་འབྲེལ་ཡོད་པ་དང་། བྱང་ཕྱོགས་སུ་སི་ཁྲོན་དང་ཁྲུང་ཆིང་གཉིས་ལ་འབྲེལ་ཡོད། གཞན་ས་ཁུལ་རིམ་པའི་གྲོང་ཁྱེར་དྲུག་དང་མི་རིགས་གྲངས་ཉུང་གི་རང་སྐྱོང་ཁུལ་གསུམ། རྫོང་རིམ་པའི་ཞིང་ཆེན་གྱི་ཐད་གཏོགས་ལས་ཁོངས་གཉིས་བཅས་ཡོད་པ་ཡིན། ཀུའེ་ཀྲོའུ་ཞིང་ཆེན་གྱི་ས་དབྱིབས་ནི་ཀྲུང་གོའི་ལྷོ་ནུབ་རྒྱུད་ཀྱི་མཐོ་སྒང་རི་ཁུལ་དུ་གཏོགས་ཤིང་། སྤྱིའི་ཆ་ནས་ནུབ་ཕྱོགས་མཐོ་བ་དང་ཤར་ཕྱོགས་དམའ་བ་ཡིན་ལ། དབུས་རྒྱུད་ནས་བྱང་དང་ཤར། ལྷོ་ཕྱོགས་བཅས་སུ་གསེག་ནས་ཡོད། ཡང་མཚོ་འཕགས་ནི་སྨི1100ཡས་མས་ཡིན་པ་དང་། ས་དབྱིབས་ལ་མཐོ་སྒང་དང་རི་ཁུལ། དེའུ་འབུར། གཤོངས་ས་བཅས་རིམ་པ་མི་འདྲ་བ་བཞི་ཡོད་ཅིང་། རྒྱལ་ཡོངས་སུ་བདེ་ཐང་གཏན་ནས་མེད་པའི་ཞིང་ཆེན་དེ་ཡིན། ཀུའེ་ཀྲོའུ་ཞིང་ཆེན་གྱི་གནམ་གཤིས་ནི་ཚ་ཁུལ་ཕལ་བའི་བཞའ་ཚན་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ཏེ། དུས་བཞིའི་དབྱེ་མཚམས་ཧ་ཅང་མངོན་གསལ་ཡིན་པ་དང་ཆར་ཆུ་ཤིན་ཏུ་མོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
贵州省
ཕྱི་ཡིག་གི་མིང་།
Guizhou Province
མིང་གཞན།
ཀུའེ། ཆན། ཀུའེ་ཀྲོའུ།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག
ཁོངས་གཏོགས་ས་ཁུལ་།
ཀྲུང་གོའི་ལྷོ་ནུབ་ས་ཁུལ་དུ་གཏོགས།
མངའ་ཁོངས།
ས་ཁུལ་རིམ་པའི་གྲོང་ཁྱེར་དྲུག་དང་རང་སྐྱོང་ཁུལ་གསུམ་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0851-0859
གནས་ཡུལ།
ཡུན་ཀུའེ་མཐོ་སྒང་གི་ཤར་ཕྱོགས་སུ་ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཆིག་འབུམ་བདུན་ཁྲི་དྲུག་སྟོང་ཆིག་བརྒྱ་ཡོད།
མི་གྲངས།
བྱེ་བ་གསུམ་དང་ས་ཡ་དྲུག བཞི་འབུམ་བདུན་ཁྲི་དགུ་སྟོང་དྲུག་བརྒྱ་ཡོད། (སྤྱི་ལོ2014ལོར)
གནམ་གཤིས།
ཚ་ཁུལ་ཕལ་བའི་བཞའ་ཚན་རང་བཞིན་གྱི་དུས་རླུང་གི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཙུན་དབྱི་ཚོགས་རའི་གནའ་ཤུལ་དང་ཧོང་གོ་ཧྲུའུ་རྦབ་ཆུ།
རླངས་འཁོར་ཨང་རྟགས།
贵A、B、C、D、E、F、G、H、J
1 ས་དབྱིབས།

ཀུའེ་ཀྲོའུ་ཞིང་ཆེན་གྱི་ས་དབྱིབས་ནི་སྤྱིའི་ཆ་ནས་ཀྲུང་གོའི་ལྷོ་ནུབ་རྒྱུད་ཀྱི་མཐོ་སྒང་རི་ཁུལ་དུ་གཏོགས་ཤིང་། ནུབ་ཕྱོགས་མཐོ་བ་དང་ཤར་ཕྱོགས་དམའ་བ་ཡིན་ལ། དབུས་རྒྱུད་ནས་བྱང་དང་ཤར། ལྷོ་ཕྱོགས་བཅས་སུ་གསེག་ནས་ཡོད་ལ། མཚོ་འཕགས་ནི་སྨི1100ཡས་མས་ཡིན། ཡང་ཞིང་ཆེན་ཡོངས་ཀྱི་ས་དབྱིབས་ལ་མཐོ་སྒང་དང་རི་ཁུལ། དེའུ་འབུར། གཤོངས་ས་བཅས་རིམ་པ་མི་འདྲ་བ་བཞི་ཡོད་པ་དང་། དེའི་ཁྲོད་ཀྱི་92.5%ཡི་གཞི་ཁྱོན་ནི་རི་ཁུལ་དང་དེའུ་འབུར་ཡིན།

2 གནམ་གཤིས།

ཀུའེ་ཀྲོའུ་ཞིང་ཆེན་གྱི་གནམ་གཤིས་ནི་ཚ་ཁུལ་ཕལ་བའི་བཞའ་ཚན་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དྲོད་ཚད་ཀྱི་འགྱུར་བ་ཆུང་བ་དང་དགུན་དུས་དྲོ་བ་དང་དབྱར་དུས་བསིལ་བ་ཡིན། དེ་ཡང་སྤྱི་ལོ2002ལོར། ཞིང་ཆེན་གྱི་ལྟེ་གནས་ཀུའེ་དབྱང་གྲོང་ཁྱེར་གྱི་ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི14℃ཡིན་པ་དང་། ལོ་སྔ་མ་དང་བསྡུར་ན0.3གྱིས་ཇེ་མཐོ་རུ་སོང་ཡོད་ལ། ཆེས་འཁྱག་པའི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི3-6℃གི་བར་ཡིན་ཏེ། འཕྲེད་ཐིག་འདྲ་མཉམ་ཡིན་པའི་ས་ཁུལ་གཞན་དག་དང་བསྡུར་ན་དྲོད་ཚད་ཅུང་མཐོ་བ་ཡིན། ཡང་ཆེས་དྲོ་བའི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་སྤྱིར་བཏང་དུ22-25℃ཡིན་ཞིང་། དབྱར་དུས་དཔེ་མཚོན་ཅན་གྱི་བསིལ་བའི་ས་ཁུལ་ཡིན།

སྤྱི་ལོ2002ལོར། ཀུའེ་ཀྲོའུ་ཞིང་ཆེན་གྱི་གྲོང་ཁྱེར་དགུའི་ནང་ནས་ཆར་ཆུ་ཆེས་མང་བ་ནི་ཞེང་དབྱི་གྲོང་ཁྱེར་ཡིན་ལ། ཧོ་སྨི1480ལ་སོན་ཡོད་པ་དང་། ཆར་ཆུ་ཆེས་ཉུང་བ་ནི་པི་ཅེ་གྲོང་ཁྱེར་ཡིན་ཞིང་། ཧོ་སྨི687ཡིན།

3 མི་རིགས།

ཀུའེ་ཀྲོའུ་ཞིང་ཆེན་ནི་མི་རིགས་མང་བོ་འདུས་སྡོད་ཀྱི་ཞིང་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་སུ་མི་རིགས56ཡོད་པ་དང་། དེའི་ཁྲོད་ཀྱི་གཞིས་ཆགས་མི་རིགས་ནི་རྒྱ་རིགས་དང་མིའོ་རིགས། པུའུ་དབྱི་རིགས། ཏུང་རིགས། ཐུའུ་ཅ་རིགས། དབྱིས་རིགས། མུའུ་ལའོ་རིགས། ཧྲུའེ་རིགས། ཧུའེ་རིགས། པའེ་རིགས། ཡའོ་རིགས། ཀྲོང་རིགས། ཧྲེ་རིགས། མའོ་ནན་རིགས། མན་ཇུ་རིགས། སོག་རིགས། ཀེ་ལའོ་རིགས། ཆང་རིགས་བཅས་མི་རིགས་བཅོ་བརྒྱད་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-10

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།