ཀན་སུའུ་ཞིང་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀན་སུའུ་ཞིང་ཆེན།
ཀན་སུའུ་ཞིང་ཆེན་གྱི་བསྡུས་མིང་ལ་ཀན་དང་ཡང་ན་ལུང་ཟེར་ཞིང་། ཀྲུང་གོའི་ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག་གི་གྲས་ཤིག་ཡིན། རྨ་ཆུའི་སྟོད་རྒྱུད་དུ་ཆགས་པ་དང་། ཀན་སུའུ་ནི་ཀན་ཀྲོའུ་དང་སུའུ་ཀྲོའུ་གཉིས་ཀྱི་ཡི་གེ་སྔ་མ་གཉིས་ལས་གྲུབ་ཅིང་། ཡང་ཞིང་ཆེན་གྱི་ས་ཁོངས་ཀྱི་མང་ཆེ་བ་ནི་ལུང་ཧྲན་གྱི་ནུབ་ཕྱོགས་སུ་ཡོད་པ་དང་། ཐང་རྒྱལ་རབས་ཀྱི་སྐབས་སུ་གནས་འདིར་ལུང་ཡིའུ་ཏའོ་བཙུགས་མྱོང་བའི་རྐྱེན་གྱིས་ལུང་ཞེས་ཀྱང་ཟེར། ཀན་སུའུ་ནི་བྱང་གི་འཕྲེད་ཐིག32°31′-42°57′དང་ཤར་གྱི་གཞུང་ཐིག92°13′-108°46′དང་། རྨ་ཆུའི་སྟོད་རྒྱུད་དུ་ཆགས་ཤིང་། ས་སེར་མཐོ་སྒང་དང་། མདོ་དབུས་མཐོ་སྒང་། ནང་སོག་མཐོ་སྒང་བཅས་ལ་འབྲེལ་ཡོད་པ་དང་། ཤར་དུ་ཧྲན་ཞི་དང་། ལྷོ་རུ་པ་ཧྲུའུ་དང་མཚོ་སྔོན། ནུབ་ཏུ་ཞིན་ཅང་། བྱང་དུ་ནང་སོག་དང་ཉིང་ཞ་བཅས་ལ་འབྲེལ་ཡོད། ཀན་སུའུ་ཞིང་ཆེན་ཤར་ནུབ་ཀྱག་ཀྱོག་ཡིན་ལ་སྤྱི་ལེ1600ལྷག་འདུག་ཅིང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ453700དང་། ཀྲུང་གོའི4.72%ཟིན། དེའི་ཁོངས་སུ་ས་གནས་རིམ་པའི་གྲོང་ཁྱེར12དང་རང་སྐྱོང་ཁུལ2གཏོགས་པ་དང་། ཞིང་ཆེན་གྱི་ལྟེ་གནས་ནི་ལན་ཀྲོའུ་གྲོང་ཁྱེར་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
甘肃省
ཕྱི་ཡིག་གི་མིང་།
Gansu Province
མིང་གཞན།
ཀན། ལུང་། ཀན་སུའུ།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཞིང་ཆེན།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ནུབ་བྱང་ས་ཁུལ།
མངའ་ཁོངས།
ས་ཁུལ་རིམ་པའི་གྲོང་ཁྱེར་བཅུ་གཉིས་དང་རང་སྐྱོང་ཁུལ་གཉིས།
ས་ཁོངས་ཁ་པར་ཨང་རྟགས།
0930-0939 0941 0943
སྦྲག་སྲིད་ཨང་རྟགས།
730000-747000
གནས་ཡུལ།
92°E-108°E;32°N-42°N
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་བཞི་འབུམ་ལྔ་ཁྲི་སུམ་སྟོང་བདུན་བརྒྱ་ཡོད།
མི་གྲངས།
བྱེ་བ་གཉིས་དང་ས་ཡ་ལྔ། དགུ་འབུམ་ཁྲི་མེད་བདུན་སྟོང་བརྒྱད་བརྒྱ་ཡོད། (སྤྱི་ལོ2014ལོར)
གནམ་གཤིས།
དྲོད་ཁུལ་དུས་རླུང་གི་ནམ་ཟླ་དང་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ། དྲོད་ཁུལ་སྐམ་ས་ཆེན་པོའི་ནམ་ཟླ། མཐོ་སྒང་ནམ་ཟླ་བཅས་ཡིན།
མཛེས་ལྗོངས་གྲགས་ཅན།
སངས་རྒྱས་སྟོང་སྐུའི་བྲག་ཕུག་དང་རི་བོ་མིང་ཧྲའི་ཟླ་གམ་མཚེའུ་སོགས།
རླངས་འཁོར་ཨང་རྟགས།
甘A/B/C/D/E/F/G/H/J/K/L/M/N/P
1 ལོ་རྒྱུས།

ཆིན་རྒྱལ་རབས་ཀྱི་དུས་འགོར། ཀྲུང་གོ་ནི་ཀྲོའུ་དགུ་རུ་དབྱེ་ཞིང་། ཀན་སུའུ་ཞིང་ཆེན་གྱི་ས་ཁོངས་མང་ཆེ་བ་ནི་ཡུང་དང་ལིང་གི་ཀྲོའུ་གཉིས་སུ་གཏོགས་ཡིན།

ཀྲོའུ་ནུབ་མའི་དུས་སྐབས་སུ། ཆིན་མིའི་ཕ་མེས་ཀྱིས་ཞིང་ཆེན་གྱི་ཤར་ཕྱོགས་ཏེ་ད་ལྟའི་ཐེན་ཧྲུའེ་ས་ཁུལ་དུ་གཞི་སྡོད་བྱས་ནས་ཕྱུགས་རིགས་དཔལ་འབྱོར་ནས་ཞིང་ལས་དཔལ་འབྱོར་དུ་དལ་གྱིས་བརྒལ་བ་ཡིན། ཡིན་ཡང་ཕྱུགས་རིགས་འཚོ་སྐྱོང་གིས་སྔར་བཞིན་གོ་གནས་གཙོ་བོ་ཟིན་ཡོད།

ཆིན་རྒྱལ་རབས་ཀྱི་དུས་སྐབས་སུ། སྤྱི་ལོའི་སྔོན་གྱི688ལོར། ཆིན་རྒྱལ་ཁབ་ཀྱིས་བཙན་བཟུང་བྱས་པའི་ཀུའེ་རུང་དང་ཅི་རུང་ས་ཁུལ་དུ་ཀུའེ་རྫོང་དང་ཅི་རྫོང་བཙུགས་པ་དང་། འདི་ནི་ཀྲུང་གོའི་ལོ་རྒྱུས་སྟེང་ཆེས་སྔ་བའི་རྫོང་གཉིས་ཡིན་ལ། ཀྲན་གོ་དུས་སྐབས་སུ། ཅིན་རྒྱལ་ཁབ་ཀྱི་མངའ་ཁོངས་ནི་ད་ལྟའི་ཀན་སུའུ་ཡི་ཤར་ལྷོ་ཕྱོགས་ཁག་ཏུ་ཁྱབ་ཅིང་། ཆིན་གྱི་རྒྱལ་བོ་ཀྲའོ་ཡི་དུས་སྐབས་ཏེ་སྤྱི་ལོའི་སྔོན་གྱི280ལོར། ལུང་ཞི་ཅུན་བཙུགས་པ་དང་། ལོ9ཡི་རྗེས་སུ། ཆིན་གྱི་རྒྱལ་བོ་ཀྲའོ་ཡི་དུས་སྐབས་ཏེ་སྤྱི་ལོའི་སྔོན་གྱི272ལོར། ཡང་བསྐྱར་པེ་ཏི་ཅུན་བཙུགས་པ་རེད།

ཐང་གི་དུས་སྐབས་སུ། ཐང་རྒྱལ་རབས་ཀྱིས་ཅུན་དེ་ཏའོ་རུ་བསྒྱུར་བ་དང་། ཞིང་ཆེན་གྱི་ཁོངས་སུ་ཀོན་ནེ་ཏའོ་དང་། ལུང་ཡིའུ་ཏའོ། ཧྲན་ནན་ཏའོ་བཅས་གཏོགས་པ་དང་། བསྡོམས་པས་ཀྲོའུ22ཡོད།

སུང་བྱང་མའི་དུས་སྐབས་སུ། མི་ཉག་གིས་ཧོ་ཞི་ལ་དབང་སྒྱུར་དུས་ཀན་སུའུ་ཅུན་སི་བཙུགས་ཡོད་པ་དང་། འདི་ནི་ཀན་སུའུ་ཡི་མིང་བྱུང་བ་ཆེས་སྔ་བ་དེ་ཡིན།

ཡོན་གྱི་དུས་སྐབས་སུ། ཀན་སུའུ་ཞིང་ཆེན་བཙུགས་པ་དང་། རྨ་ཆུའི་ནུབ་རྒྱུད་དུ་ཆི་ལུའུ་ཀྲོའུ་གཉིས་དང་། རྨ་ཆུའི་ཤར་རྒྱུད་དུ་ཧྲན་ཞི་ཞིང་ཡོན་ལུའུ་གཏོགས།

མིང་རྒྱལ་རབས་ཀྱི་དུས་སྐབས་སུ། ཞིང་ཆེན་དུ་བསྒྱུར་ནས་སི་བཙུགས་པ་དང་། ཞིང་ཆེན་ཁོངས་སུ་ཧྲན་ཞི་པུའུ་ཀྲེང་སི་དང་། ཧྲན་ཞི་ཏུའུ་སི། ཧྲན་ཞི་ཞིང་ཏུའུ་བཀོད་འདོམས་སི་སོགས་གཏོགས།

ཆིང་རྒྱལ་རབས་ཀྱི་སྐབས་སུ། ཧྲན་ཞིའི་ཡིའུ་པུའུ་ཀྲེང་སི་བཙུགས་ཤིང་། རྗེས་སུ་ཀན་སུའུ་པུའུ་ཀྲེང་སི་རུ་བསྒྱུར་བ་དང་། སྲིད་འཛིན་ལྟེ་གནས་དེ་ཀུང་ཁྲང་ནས་ལན་ཀྲོའུ་གྲོང་ཁྱེར་དུ་སྤར་ལ། ད་ལྟའི་ཀན་སུའུ་དང་ཞིན་ཅང་། མཚོ་སྔོན། ཉིང་ཞ་བཅས་ཀྱི་ཁོངས་སུ་གཏོགས་པ་དང་། ཀོང་ཞུ་ཁྲི་ལོ་བཅུ་བར། ཞིན་ཅང་དེ་ལས་ལོགས་སུ་བཀར་བ་རེད།

སྤྱི་ལོ1912ལོར། ཞིང་ཆེན་ཁོངས་ནི་ཉིང་ཞ་དང་། ཟི་ལིང་། ལན་ཧྲན། ཅིང་ཡོན། ཝེ་ཁྲོན། ཀན་ལིང་། ཨན་སུའུ་བཅས་ཏའོ་བདུན་དུ་བགོས་ཤིང་། དེའི་ཁོངས་སུ་ད་ལྟའི་ཀན་སུའུ་དང་། ནང་སོག་གི་ནུབ་རྒྱུད། མཚོ་སྔོན་གྱི་བྱང་རྒྱུད། ཤར་རྒྱུད་ཀྱི་ས་ཆ་འགའ། ཕྱི་སོག་གི་ལྷོ་ནུབ་མཐའ་མཚམས། ཉིང་ཞ་སོགས་གཏོགས་པ་ཡིན།

སྤྱི་ལོ1927ལོར། ཏའོ་ནི་ཞིང་ཆེན་དུ་བསྒྱུར་བ་དང་། སྤྱི་ལོ1929ལོར། མཚོ་སྔོན་དང་ཉིང་ཞ་ཞིང་ལྗོངས་གཉིས་དེ་ལས་ལོགས་སུ་བཀར་བ་དང་། རྒྱལ་ནང་གསར་བརྗེ་དམག་འཁྲུག་ཐེངས་གཉིས་པའི་སྐབས་སུ། ཞིང་ཆེན་གྱི་མངའ་ཁོངས་ལུང་ཤར་ས་ཁུལ་ནི་ཧྲན་ཀན་ཉིང་མཐའ་ཁུལ་གྱི་ལུང་ཤར་དང་ཀོན་དབུས་ཡན་ལག་ས་ཁུལ་གཉིས་སུ་གཏོགས། སྤྱི་ལོ1949ལོའི་ཟླ8པའི་ཚེས26ཉིན། ཀན་སུའུ་སྲིད་འཛིན་ཀུང་ཧྲུའུ་བཙུགས།

སྤྱི་ལོ1949ལོའི་ཟླ8པར། ཀན་སུའུ་སྲིད་འཛིན་ཀུང་ཧྲུའུ་བཙུགས་པ་དང་། དེའི་ཁོངས་སུ་ཅིའུ་ཆོན་དང་། ཀྲང་ཡེའ། ཝུའུ་ཝེ། ལན་ཀྲོའུ། ཏིང་ཞི། ལིན་ཞ། ཆིང་དབྱང་། ཐེན་ཧྲུའེ། ཕིང་ལིང་། ཝུའུ་ཏུའུ་བཅས་ཡན་ལག་ས་ཁུལ11དང་རྫོང73གཏོགས་པ་དང་། ཀན་སུའུ་སྲིད་འཛིན་ཀུང་ཧྲུའུ་ནི་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས།

སྤྱི་ལོ1950ལོའི་ཟླ1པའི་ཚེས8ཉིན། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དངོས་སུ་བཙུགས་པ་དང་། དེའི་ཁོངས་སུ་ད་ལྟའི་ཀན་སུའུ་དང་ནང་སོག་གི་ནུབ་རྒྱུད་གཏོགས་པ་རེད།  

སྤྱི་ལོ1954ལོར། ནང་སྲིད་པུའུ་ཡི་བརྡ་ལྟར་ན། མེད་པར་བཟོས་པའི་ཉིང་ཞ་ཞིང་ཆེན་ནི་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་བསྡུ་རུབ་བྱས།

སྤྱི་ལོ1957ལོར། སྔོན་ཆད་བཙུགས་པའི་ཉིང་ཞ་ཞིང་ཆེན་སྲིད་འཛིན་ས་ཁོངས་ཀྱི་རྨང་གཞིའི་སྟེང་། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་བཙུགས་པ་དང་། ཀན་སུའུ་ཞིང་ཆེན་གྱི་མིང་ནི་ཡོན་རྒྱལ་རབས་ནས་ད་ལྟའི་བར་བཀོལ་སྤྱོད་བྱ་བཞིན་ཡོད།

སྤྱི་ལོ1958ལོར། རང་སྐྱོང་ཁུལ3བཀར་བ་དང་། རྫོང་དང་གྲོང་ཁྱེར19 ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་གཏོགས་པར་བྱས།

2 གནས་ཡུལ།

ཀན་སུའུ་ཞིང་ཆེན་ནི་མེས་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་དུ་ཆགས་ཤིང་། རྨ་ཆུའི་དབུས་རྒྱུད་དང་སྟོད་རྒྱུད་དུ་གནས་པ་དང་། ས་ཁོངས་རྒྱ་ཆེ་བ་ཡིན།བྱང་གི་འཕྲེད་ཐིག       32°11′-42°57′དང་ཤར་གྱི་གཞུང་ཐིག 92°13′-108°46′བར་དུ་གནས། ས་ཁུལ་མང་ཆེ་བ་ནི་ཀྲུང་གོའི་ས་བབ་ཀྱི་སྐས་རིམ་གཉིས་པར་འདུག་ཅིང་། ཤར་ནི་ཧྲན་ཞི་དང་། ལྷོ་ནི་སི་ཁྲོན།  ནུབ་ནི་མཚོ་སྔོན་དང་ཞིན་ཅང་། བྱང་ནི་ནང་སོག་དང་། ཉིང་ཞ། སོག་པོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཅས་དང་འབྲེལ་ཡོད། ཤར་ནུབ་ཀྱག་ཀྱོག་ཡི་ལ་སྤྱི་ལེ1600ལྷག་དང་། འཕྲེད་གཞུང་ལ་སྤྱི་ལེ་གྲུ་བཞི་མ453700འདུག་པ་དང་། ཀྲུང་གོ་སྤྱིའི་རྒྱ་ཁྱོན་གྱི4.72%ཟིན།

3 གནམ་གཤིས།

ཀན་སུའུ་ཞིང་ཆེན་ནི་ནུབ་བྱང་གི་སྐམ་སའི་དབུས་ཁུལ་དུ་ཆགས་ཡོད་པ་དང་། རྒྱ་མཚོའི་དྲོད་རློན་གྱི་རླུང་རྒྱུན་ནི་རྒྱུ་མི་ཐུབ་ལ། ཆར་དུས་ཧ་ཅང་ཉུང་བ་ཡིན། ས་ཁུལ་མང་ཆེ་བར་སྐམ་ཤས་ཆེ་བ་ཡིན། དེ་ནི་སྐམ་ས་ཆེན་པོ་རང་བཞིན་གྱི་དྲོད་ཁུལ་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་ཡིན། དགུན་དུས་ནི་གྲང་ངར་ཆེ་ཞིང་རིང་བ་དང་། དཔྱིད་ཀ་དང་དབྱར་ཁ་གཉིས་ཀྱི་དབྱེ་མཚམས་ནི་དེ་འདྲའི་མངོན་གསལ་མིན། དེ་ཡང་དབྱར་དུས་ཧ་ཅང་ཐུང་བར་མ་ཟད། དྲོད་ཚད་ཀྱང་ཤིན་ཏུ་མཐོ་བ་ཡིན། དཔྱིད་དུས་ནི་དྲོད་ཚད་མར་བབས་པ་མགྱོགས། ཞིང་ཆེན་ནང་ཁུལ་གྱི་ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི0-16℃བར་ཡིན། ས་ཆ་སོས་སོའི་མཚོ་འཕགས་འདྲ་བ་མ་ཡིན། དྲོད་ཚད་ཀྱི་བར་ཁྱད་ཅུང་ཆེན་པོ་ཡོད་པ་ཡིན།

ཀན་སུའུ་ནི་ས་སེར་མཐོ་སྒང་དང་།  མདོ་དབུས་མཐོ་སྒང་། ནང་སོག་མཐོ་སྒང་བཅས་མཐོ་སྒང་ཆེན་པོ་གསུམ་གྱི་སྦྲེལ་མཚམས་སུ་ཡོད་ཅིང་། ས་དབྱིབས་ནི་ལྷོ་ནུབ་ནས་ཤར་བྱང་དུ་འཁོར་ཞིང་། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི1659དང་ལྷོ་བྱང་གི་ཞེང་ཚད་ནི་སྟོང་སྨི530ཡོད། ཕལ་ཆེར་ཁྱད་འཕགས་སྣ་ཚོགས་ལྡན་པའི་ས་ཁོངས་དྲུག་ཏུ་དབྱེ་ཆོག  མཚོ་འཕགས་ལ་སྨི1000ཡན་ཡོད་པ་དང་། མཐའ་བཞི་ནི་རི་བོའི་མུ་ཁྱུད་སྣ་ཚོགས་ཀྱིས་བསྐོར་ཡོད།

4 རང་བྱུང་ཐོན་ཁུངས།

ཀན་སུའུ་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་ལ་ཧ་ལམ་སྨྱི་ལེ་གྲུ་བཞི་མ453700ཡོད་ལ། རྒྱལ་ཡོངས་ཀྱི་ཨང་བདུན་པ་ཡིན། ཞིང་ཆེན་ཡོངས་སུ་རི་དང་དེའུ་འབུར་གྱིས་སྤྱིའི་རྒྱ་ཁྱོན་གྱི78.2%ཟིན། ཞིང་ཆེན་ཡོངས་ཀྱི་ས་བཀོལ་ཚད་ནི56.93%ཡིན། རྩྭ་སའི་རིགས་སྣ་ཚོགས་ཀྱི་ཐོན་ཁུངས་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིང15752900ཡོད་པ་དང་། སའི་ཐོན་ཁུངས་སྤྱིའི་རྒྱ་ཁྱོན་གྱི34.67%ཟིན། དེ་ལས་རང་བྱུང་རྩྭ་སའི་རྒྱ་ཁྱོན་ལ་སྤྱི་ཆིང15648300དང་། རྩྭ་ས་སྤྱིའི་རྒྱ་ཁྱོན་གྱི99.34%ཟིན་ལ། ཀྲུང་གོའི་ཕྱུགས་རིགས་གནས་གཞི་གལ་ཆེན་ཞིག་ཡིན།

ཀན་སུའུ་ནི་གཏེར་ཁུངས་ཅུང་ཕུན་སུམ་ཚོགས་པའི་ཞིང་ཆེན་ཞིག་ཡིན་ལ། གཏེར་ཁུངས་སྔོག་འདོན་ནི་ཀན་སུའུ་ཡི་དཔལ་འབྱོར་གྱི་སྲོག་ཤིང་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་མིན་ཆུའི་ཐོན་ཁུངས་དང་ནུས་ཁུངས་སོགས་ཀྱང་ཕུན་སུམ་ཚོགས་པ་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཞིང་ཆེན། ཀན་སུའུ། ཀན། ལུང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-10

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།