ཧེ་ལུང་ཅང་ཞིང་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧེ་ལུང་ཅང་ཞིང་ཆེན།
ཧེ་ལུང་ཅང་ཞིང་ཆེན་ནི་ཀྲུང་གོའི་བྱང་ཤར་ས་ཁུལ་དུ་ཡོད་པ་དང་། ཀྲུང་གོའི་རྒྱལ་ཁོངས་ཀྱི་བྱང་སྣེ་དང་ཤར་སྣེ་གཉིས་ནི་ཞིང་ཆེན་དེའི་ས་ཁོངས་སུ་ཡོད་པ་ཡིན་ལ། བྱང་ཤར་ས་ཆ་ནི་ཧེ་ལུང་ཅང་ཞིང་ཆེན་ཡོད་པས་མིང་དུ་གྲགས་པ་ཡིན་ཞིང་། ཧེ་ལུང་ཅང་གི་མིང་བསྡུས་ན་ཧེ་ཞེས་འབོད་པ་ཡིན། ཧེ་ལུང་ཅང་ཞིང་ཆེན་གྱི་ཤར་རྒྱུད་དང་བྱང་རྒྱུད་ནི་ཝུའུ་སུའུ་ལི་ཅང་ཧེ་ལུང་ཅང་དང་སྦྲེལ་ཡོད་ལ། ཨུ་རུ་སུ་དང་ཐག་ཉེ་བ་ཡིན། ཡང་ནུབ་རྒྱུད་ནི་ནང་སོག་རང་སྐྱོང་ལྗོངས་དང་སྦྲེལ་ཡོད་པ་དང་། ལྷོ་རྒྱུད་ནི་ཅི་ལིན་ཞིང་ཆེན་དང་སྦྲེལ་ནས་ཡོད་ཅིང་། བྱང་གི་འཕྲེད་ཐིག43°26′-53°33′དང་ཤར་གྱི་གཞུང་ཐིག121°11′-135°05′ཡི་སར་གནས་པ་ཡིན། གཞན་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ1120 ཡོད་པ་དང་། ཤར་ནུབ་ཀྱི་ཞེང་ལ་སྤྱི་ལེ930ཡོད་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ470000.3 ཡོད། ཧེ་ལུང་ཅང་ཞིང་ཆེན་ལ་ཞིང་ཆེན་རིམ་པའི་གྲོང་ཁྱེར་ཕལ་བ་གཅིག་དང་གྲོང་ཁྱེར་ཅུང་ཆེན་པོ་གཅིག ས་ཁུལ་རིམ་པའི་གྲོང་ཁྱེར10། ས་ཁུལ1ཐད་གཏོགས་གྲོང་ཁྱེར་64 རྫོང་རིམ་པའི་གྲོང་ཁྱེར18 རྫོང45 རང་སྐྱོང་རྫོང1བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑龙江省
ཕྱི་ཡིག་གི་མིང་།
Heilongjiang Province
མིང་གཞན།
ཧེ། ཧེ་ལུང་ཅང་།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་བྱང་ཤར་ས་ཁུལ་དུ་གཏོགས།
མངའ་ཁོངས།
ས་ཁུལ་རིམ་པའི་གྲོང་ཁྱེར་བཅུ་གཅིག་དང་ས་ཁུལ་གཅིག་ཡོད།
སྦྲག་སྲིད་ཨང་རྟགས།
150000
གནས་ཡུལ།
ཀྲུང་གོའི་བྱང་ཤར་ས་ཁུལ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་བཞི་འབུམ་བདུན་ཁྲི་དང་གྲངས་ཆུང་གསུམ་ཡོད།
མི་གྲངས།
བྱེ་བ་གསུམ་དང་ས་ཡ་བརྒྱད། སུམ་འབུམ་ལྔ་ཁྲི་ཡོད། (སྤྱི་ལོ2013ལོར། )
སྐད་རིགས།
བྱང་ཤར་སྤྱི་སྐད།
གནམ་གཤིས།
དྲོད་ཁུལ་སྐམ་ས་ཆེན་པོ་རང་བཞིན་གྱི་དུས་རླུང་གི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཉི་འོད་གླིང་ཕྲན། ཀྲུང་དབྱང་ལམ་ཆེན།
གནམ་གྲུ་ཐང་།
ཧྭ་ཨེར་པུན་ཐེ་ཕེན་རྒྱལ་སྤྱིའི་གནམ་གྲུ་ཐང་།
རླངས་འཁོར་ཨང་རྟགས།
黑A-黑P
1 ས་དབྱིབས།

ཧེ་ལུང་ཅང་ཞིང་ཆེན་ཀྱི་ས་བབ་ནི་སྤྱིའི་ཆ་ནས་ནུབ་བྱང་གི་རྒྱུད་དང་བྱང་རྒྱུད། ཤར་ལྷོའི་རྒྱུད་བཅས་མཐོ་བ་ཡིན་ལ། བྱང་ཤར་གྱི་རྒྱུད་དང་ལྷོ་ནུབ་ཀྱི་རྒྱུད་དམའ་བ་ཡིན་ཞིང་། དེ་ནི་གཙོ་བོ་རི་ཁུལ་དང་འབུར་ཐང་། བདེ་ཐང་སོགས་ཀྱིས་གྲུབ་པ་ཡིན། ནུབ་བྱང་གི་རྒྱུད་ནི་བྱང་ཤར་ནས་ལྷོ་ནུབ་ཕྱོགས་སུ་བསྐྱོད་པའི་ཏ་ཞིང་ཨན་ལིང་གི་རི་ཁུལ་དང་། བྱང་རྒྱུད་ནི་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་བསྐྱོད་པའི་ཞའོ་ཞིང་ཨན་ལིང་གི་རི་ཁུལ། ཤར་ལྷོའི་རྒྱུད་ནི་བྱང་ཤར་ནས་ལྷོ་ནུབ་ཏུ་བསྐྱོད་པའི་ཀྲང་ཀོང་ཚེ་ལིང་དང་ལའོ་ཡེ་ལིང་། ཝན་ཏ་རི་རྒྱུད་བཅས་ཡིན།

མཚོ་འཕགས་སྨི300ཡན་གྱི་དེའུ་འབུར་གྱིས་ཞིང་ཆེན་ཡོངས་ཀྱི་ས་རྒྱ་ཁྱོན་ལས35.8% ཟིན་ཡོད་ཅིང་། བྱང་ཤར་རྒྱུད་ཀྱི་གཙང་གསུམ་བདེ་ཐང་དང་ནུབ་རྒྱུད་ཀྱི་སུང་ནེང་བདེ་ཐང་གཉིས་ནི་ཀྲུང་གོའི་ཆེས་ཆེ་བའི་བྱང་ཤར་བདེ་ཐང་གི་ཁག་ཅིག་ཡིན་ལ། བདེ་ཐང་གིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི37% ཟིན་ཡོད། དེའི་མཚོ་འཕགས་སྨི20-200བར་ཡིན།

2 གནམ་གཤིས།

ཧེ་ལུང་ཅང་ཞིང་ཆེན་ནི་ཨོ་ཡ་སྐམ་ས་ཆེན་པོའི་ཤར་རྒྱུད་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ནུབ་ངོགས། ཀྲུང་གོའི་བྱང་ཤར་ས་ཆ་བཅས་སུ་ཡོད་ལ། གནམ་གཤིས་ནི་དྲོད་ཁུལ་སྐམ་ས་ཆེན་པོ་རང་བཞིན་གྱི་དུས་རླུང་གི་ཁོངས་སུ་གཏོགས། སྤྱི་ལོ1961ལོ་ནས1990 ལོའི་བར་གྱི་ལོ་ངོ30རིང་གི་གནས་ཚུལ་ལ་གཞིགས་ན། ཞིང་ཆེན་ཡོངས་ཀྱི་ལོ་ཧྲིལ་བོའི་ཆ་སྙོམ་གྱི་དྲོད་ཚད་ནི་གོར་ཐིག་མན་གྱི℃-5ནས℃5 བར་ཡིན་ཞིང་། ལྷོ་ཕྱོགས་ནས་ནུབ་ཕྱོགས་སུ་རིམ་བཞིན་ཇེ་དམར་འགྲོ་བ་ཡིན།

3 མི་རིགས།

ཧེ་ལུང་ཅང་ཞིང་ཆེན་ནི་མི་རིགས་མང་བོ་འདུས་སྡོད་ཀྱི་ཞིང་ཆེན་ཞིག་ཡིན་ལ། སྤྱི་ལོ2007ལོའི་བར་དུ། ཧེ་ལུང་ཅང་ཞིང་ཆེན་ལ་མི་རིགས་གྲངས་ཉུང53 ཡོད་པ་དང་། དེའི་མི་གྲངས་ནི2000000 ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི5.26% ཟིན་པ་ཡིན། དེའི་ཁྲོད་དུ་ཞིང་ཆེན་དེར་གཞིས་ཆགས་ཀྱི་མི་རིགས་ནི་མན་ཇུ་རིགས་དང་ཁྲའོ་ཞན་རིགས། སོག་རིགས། ཧུའེ་རིགས། ཏ་ཝོར་རིགས། ཞི་པོ་རིགས། ཧོ་ཀྲེ་རིགས། ཨོ་ལུན་ཁྲུན་རིགས། ཨོ་ཝུན་ཁེ་རིགས། ཁོར་ཁེ་ཙི་རིགས་སོགས་མི་རིགས་གྲངས་ཉུང10ཡོད། ཡང་དེའི་ཁྲོད་དུ་མན་ཇུ་རིགས་དང་ཁྲའོ་ཞན་རིགས། སོག་རིགས། ཧུའེ་རིགས་བཅས་ཀྱི་མི་གྲངས་ནི་100000 ཡན་ལ་བརྒལ་བ་ཡིན། ཏ་ཝོར་རིགས་ཀྱི་མི་གྲངས་ནི40000.3 ཡིན། དེ་ལས་གཞན་པའི་མི་རིགས་གྲངས་ཉུང་གི་མི་གྲངས་ནི10000 ལའང་མི་འབུད། གཞན་ཧོ་ཀྲེ་རིགས་ལ་མི་གྲངས3910 ལས་མེད་ཅིང་། ཧེ་ལུང་ཅང་ཞིང་ཆེན་དུ་མ་གཏོགས་མེད་པའི་མི་རིགས་ཤིག་ཡིན། ཡང་ཨོ་ལུན་ཁྲུན་རིགས་ལ་མི་གྲངས3871 ཡོད་ལ། རྒྱལ་ཡོངས་ཀྱི་ཨོ་ལུན་ཁྲུན་རིགས་ཀྱི་མི་གྲངས་ཀྱི52% ཟིན་པ་ཡིན།

4 མི་གྲངས།
ས་ཁུལ།             མི་གྲངས།
ཧ་ཨེར་པིན་གྲོང་ཁྱེར།       10635971
ཆི་ཆི་ཧ་ཨེར་གྲོང་ཁྱེར།          5367003
ཅི་ཞི་གྲོང་ཁྱེར།      1862161
ཧོ་ཀང་གྲོང་ཁྱེར།        1058665
ཧྲོང་ཡ་ཧྲན་གྲོང་ཁྱེར།                1462626
ཏ་ཆིང་གྲོང་ཁྱེར།             2904532
དབྱི་ཁྲུན་གྲོང་ཁྱེར།               1148126
ཅ་མུའུ་སི་གྲོང་ཁྱེར།                  2552097
ཆི་ཐའེ་ཧོ་གྲོང་ཁྱེར།                 920419
མུའུ་ཏན་ཅང་གྲོང་ཁྱེར།                2798723
ཧེ་ཧོ་གྲོང་ཁྱེར།                 1673898
སུའེ་ཧྭ་གྲོང་ཁྱེར།                5416439
ཏ་ཞིང་ཨན་ལིང་སྲིད་འཛིན་རྟོག་ཞིབ་ས་ཁུལ།       
             511564








བརྡ་འགྲེལ་གདོང་འཛར།

ས་ཁོངས། ཞིང་ཆེན། ཧེ་ལུང་ཅང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-10

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།