ཡུན་ནན་ཞིང་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུན་ནན་ཞིང་ཆེན།
ཡུན་ནན་ཞིང་ཆེན་ནི་ཀྲུང་གོའི་ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག་ཅིག་ཡིན་ལ། ཀྲུང་གོའི་ལྷོ་ནུབ་ཕྱོགས་སུ་ཡོད་པ་དང་། ཞིང་ཆེན་གྱི་ལྟེ་གནས་ནི་ཁུན་མིང་གྲོང་ཁྱེར་ཡིན། ཡང་ཡུན་ནན་ཞིང་ཆེན་གྱི་མིང་བསྡུས་ན་ཏེན་ནམ་ཡུན་ཞེས་འབོད་པ་ཡིན་ཞིང་། དེ་ནི་མིའི་རིགས་ཀྱི་ཤེས་རིག་གི་འབྱུང་ཁུངས་གཙོ་བོའི་གྲས་ཀྱི་གཅིག་ཡིན། ཡུན་ནན་ཞིང་ཆེན་གྱི་སའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ390000ལྷག་ཡོད་པ་དང་། རྒྱལ་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི4.11% ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ་སོ་སོའི་རྒྱ་ཁྱོན་ལས་ཨང་བརྒྱད་པར་བགྲངས་པ་ཡིན། དེ་ཡང་ཞིང་ཆེན་དེའི་སྤྱིའི་མི་གྲངས་ནི45960000ཡིན་ལ། རྒྱལ་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི3.35% ཟིན་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོའི་མི་གྲངས་ལས་ཨང་བཅུ་གཉིས་པར་བགྲངས་པ་ཡིན། གཞན་ཡུན་ནན་ཞིང་ཆེན་ལ་གྲོང་ཁྱེར8དང་། གྲངས་ཉུང་མི་རིགས་རང་སྐྱོང་ཁུལ8 ཡོད། ཡུན་ནན་ཞིང་ཆེན་ནི་སི་ཁྲོན་དང་ཀུའེ་ཀྲོའུ། ཀོང་ཞི། བོད་ལྗོངས་བཅས་ཀྱི་ཞིང་ཆེན་དང་ཐག་ཉེ་ཞིང་། འབར་མ་དང་ལའོ་ཀྲྭ། ཡུའེ་ནན་བཅས་རྒྱལ་ཁབ་དག་དང་ཡང་ཐག་ཉེ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
云南省
ཕྱི་ཡིག་གི་མིང་།
Yunnan Province
མིང་གཞན།
ཡུན། ཏེན། ཡུན་ནན།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ལྷོ་ནུབ་ས་ཁུལ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0871
སྦྲག་སྲིད་ཨང་རྟགས།
650000 —674600
གནས་ཡུལ།
ཀྲུང་གོའི་ལྷོ་ནུབ་ཕྱོགས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་སུམ་འབུམ་དགུ་ཁྲི་ཡོད།
མི་གྲངས།
བྱེ་བ་བཞི་དང་ས་ཡ་ལྔ། དགུ་འབུམ་དྲུག་ཁྲི་དང་གྲངས་ཆུང་དྲུག་གཉིས་ཡིན། (སྤྱི་ལོ2010ལོར)
སྐད་རིགས།
ལྷོ་ནུབ་སྤྱི་སྐད།
གནམ་གཤིས།
མཐོ་སྒང་དུས་རླུང་གི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཧྲི་ལིན། ནུབ་རྒྱུད་ཏཱ་ཞ་ཀུའུ་ཆུ་ཁོལ། ཏཱ་ལི་གནའ་མཁར་སོགས།
གནམ་གྲུ་ཐང་།
ཁུན་མིང་ཁྲང་ཧྲེ་རྒྱལ་སྤྱིའི་གནམ་གྲུ་ཐང་།
རླངས་འཁོར་ཨང་རྟགས།
1 མི་གྲངས། 

སྤྱི་ལོ2010ལོར། རྒྱལ་ཡོངས་ཀྱི་མི་གྲངས་ཞིབ་བཤེར་ཐེངས་དྲུག་པའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་གྲངས་ནི45966000 ཡིན་པ་དང་། སྤྱི་ལོ2011ལོར། ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་གྲངས་ནི46310000ལ། ལོ་སྔ་མ་དང་བསྡུར་ན། མི་གྲངས290000 འཕར་ཡོད། ཡང་སྤྱི་ལོ2013ལོར། མི་གྲངས46980000 ལ་འབུད་པར་ཚོད་དཔག་བྱས། 

2 མི་རིགས།

    མི་རིགས།                          

    མི་གྲངས།         མི་རིགས།  མི་གྲངས།
དབྱིས་རིགས།          ཁྲི། 471     བོད་རིགས།  ཁྲི། 13
པའེ་རིགས།      ཁྲི། 151     པུའུ་ལང་རིགས།    ཁྲི། 9
ཧ་ཉི་རིགས།           ཁྲི། 142         པུའུ་དབྱི་རིགས།    ཁྲི། 5.5 
ཏའེ་རིགས།       ཁྲི། 114       ཨ་ཁྲང་རིགས།    ཁྲི། 3.4
ཀྲོང་རིགས།     ཁྲི། 114      ཕུའུ་སྨི་རིགས།  ཁྲི། 3.2 
མིའོ་རིགས།     ཁྲི། 104  སོག་རིགས།    ཁྲི། 2.8
ཧུའེ་རིགས།   ཁྲི། 64   ནུའུ་རིགས།    ཁྲི།  2.8
ལི་སུའུ་རིགས།    ཁྲི། 61 ཅི་ནུའོ་རིགས།    ཁྲི།  2.1
ལ་ཧུའུ་རིགས།  ཁྲི། 45 ཏེ་ཨང་རིགས  ཁྲི། 1.8
དབའ་རིགས།   ཁྲི། 38   ཧྲུའེ་རིགས།    ཁྲི།  1.3
འཇང་རིགས།   ཁྲི། 30 མན་ཇུ་རིགས།    ཁྲི། 1.2
ཡའོ་རིགས།      ཁྲི། 19  ཏུའུ་ལུང་རིགས།   ཁྲི། 5884
ཅིང་ཕོ་རིགས།     ཁྲི། 13 

3 གནས་ཡུལ།

ཡུན་ནན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་ལ390000 ཡོད་པ་དང་། རྒྱལ་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི4.11% ཟིན་ཡོད་པར་མ་ཟད། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ་སོ་སོའི་རྒྱ་ཁྱོན་ལས་ཨང་བརྒྱད་པར་བགྲངས་པ་ཡིན། དེ་ཡང་ཡུན་ནན་ཞིང་ཆེན་གྱི་ཤར་ཕྱོགས་ནི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ཁུལ་དང་ཀུའེ་ཀྲོའུ་ཞིང་ཆེན་གཉིས་ཡིན་ཞིང་། བྱང་ཕྱོགས་ནི་སི་ཁྲོན་ཞིང་ཆེན་ཡིན་པ་དང་། ནུབ་བྱང་ཕྱོགས་ནི་བོད་རང་སྐྱོང་ལྗོངས་ཡིན།

4 གནམ་གཤིས།

ཡུན་ནན་ཞིང་ཆེན་གྱི་གནམ་གཤིས་ལ་ཚ་ཁུལ་བྱང་མ་དང་ཚ་ཁུལ་ཕལ་བ་ལྷོ་མ། ཚ་ཁུལ་ཕལ་བ་དབུས་མ། ཚ་ཁུལ་ཕལ་བ་བྱང་མ། དྲོད་ཁུལ། དྲོད་ཁུལ་དབུས་མ། མཐོ་སྒང་ནམ་ཟླ་ས་ཁུལ་སོགས་དྲོད་ཚད་ཁུལ་གྱི་ནམ་ཟླའི་རིགས7 ཡོད་ཅིང་། ཞིང་ཆེན་དེའི་གནམ་གཤིས་ནི་འཕྲེད་ཐིག་དམའ་བའི་ནམ་ཟླ་དང་དུས་རླུང་གི་ནམ་ཟླ། རི་ཁུལ་གྱི་ནམ་ཟླ། མཐོ་སྒང་གི་ནམ་ཟླ་སོགས་ཡོད་པ་ཡིན། 


བརྡ་འགྲེལ་གདོང་འཛར།

ས་ཁོངས། ཞིང་ཆེན། ཡུན་ནན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-10

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།