ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ།
ཞང་ཀང་གི་མིང་ཧྲིལ་བོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམིགས་བསལ་སྲིད་འཛིན་ས་ཁུལ་ཞེས་པ་དེ་ཡིན་ལ། ཞང་ཀང་གླིང་ཕྲན་དང་ཅིའུ་ལུང་ཕྱེད་གླིང་། ཞིན་ཅེ་བཅས་ཀྱིས་གྲུབ་པ་ཡིན་ཞིང་། དེ་ནི་ཀྲུང་གོའི་ཧྭ་ལྷོ་ས་ཁུལ་དང་ཀྲུའུ་ཅང་གཙང་བོའི་ཤར་ངོགས་སུ་ཡོད་དེ། བྱང་ཕྱོགས་ནི་ཧྲིན་ཀྲེན་ཧོ་དང་ཀོང་ཏུང་ཧྲིན་ཀྲེན་ལ་འབྲེལ་ནས་ཡོད། ཡང་ནུབ་ཕྱོགས་སུ་ཨའོ་མོན་གྱི་བར་དུ་རྒྱ་མཚོས་བཅད་ནས་ཁ་གཏད་དུ་ཡོད་པ་དང་། ལྷོ་ཕྱོགས་ནི་ཀྲུང་གོ་ཧའེ་ལྷོ་མ་ལ་ཐུག་ཡོད། ཞང་ཀང་ནི་དར་རྒྱས་ཧ་ཅང་ཆེ་བའི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་ལ། གོ་ལ་ཧྲིལ་བོའི་དངུལ་རྩའི་ལྟེ་གནས་ནི་ཉིའུ་ཡུའེ་ཨང་དང་པོ་དང་ལོན་ཏོན་གཉིས་པ། ཞང་ཀང་གསུམ་པར་བགྲངས་པ་ཡིན་པས། དེ་གསུམ་པོའི་སྤྱི་མིང་ལ་ཉིའུ་ལོན་ཀང་ཞེས་འབོད་པ་ཡིན། ཡང་ཞང་ཀང་ནི་ཡ་གླིང་གི་དངུལ་རྩ་དང་ཞབས་ཞུ། མཁའ་འགྲུལ་བཅས་ཀྱི་ལྟེ་གནས་གལ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
香港特别行政区
ཕྱི་ཡིག་གི་མིང་།
Hong Kong
མིང་གཞན།
ཞང་ཅང་། ཞང་ཏའོ། ཞང་ཀང་།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
དམིགས་བསལ་སྲིད་འཛིན་ས་ཁུལ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ལྷོ་ས་ཁུལ།
མངའ་ཁོངས།
གྲོང་ཁྱེར་གསུམ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
+852
སྦྲག་སྲིད་ཨང་རྟགས།
999077
གནས་ཡུལ།
ཀྲུའུ་ཅང་སན་ཅོ་ཀྲོའུ་ཡི་ཤར་ལྷོ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཆིག་འབུམ་ཆིག་ཁྲི་དང་གྲངས་ཆུང་བཞི།
མི་གྲངས།
ས་ཡ་བདུན་དང་ཉིས་འབུམ། དྲུག་ཁྲི་དང་གྲངས་ཆུང་བཞི།(སྤྱི་ལོ2014ལོ)
སྐད་རིགས།
ཝེ་ཐིའུ་སྐད། ཕྱི་ཡོང་སྐད།
གནམ་གཤིས།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཝེ་ཏུའོ་ལི་ཡཱ་ཀང། ཞང་ཀང་ཏི་ཧྲི་ལོའུ་ཡོན། ཧའེ་དབྱང་སྤྱི་གླིང་། ཞང་ཀང་ཏུའུ་ཧྲ།
གནམ་གྲུ་ཐང་།
ཞང་ཀང་རྒྱལ་སྤྱིའི་གནམ་གྲུ་ཐང་།
རླངས་འཁོར་ཨང་རྟགས།
粤Z
1 གནས་ཡུལ།

ཞང་ཀང་ནི་ཤར་གྱི་གཞུང་ཐིག114°15′དང་བྱང་གི་འཕྲེད་ཐིག22°15′ཡི་བར་དུ་ཡོད་པ་ཡིན་ལ། ཧྭ་ལྷོའི་མཚོ་འགྲམ་དུ་ཡོད་ཅིང་། ཀྲུང་གོའི་ཀོང་ཏུང་ཞིང་ཆེན་གྱི་ཀྲུའུ་ཅང་གཙང་བོའི་ཤར་ཕྱོགས་སུ་ཡོད་པ་དང་། ཞང་ཀང་གླིང་ཕྲན་དང་ཅིའུ་ལུང་གླིང་ཕྱེད། ཞིན་ཅེའི་རྒྱ་མཚོ་དང་བར་ཐག་རིང་བའི་སྐམ་ས། གླིང་ཕྲན་ཆེ་མ་ཆུང་གསུམ262 ཀྱིས་གྲུབ་པ་ཡིན་ཞིང་། བྱང་ཕྱོགས་ནི་ཀོང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲེན་གྲོང་ཁྱེར་དང་འབྲེལ་ཡོད་པ་དང་། ལྷོ་ཕྱོགས་ནི་ཀོང་ཏུང་ཞིང་ཆེན་གྱི་ཀྲུའུ་ཧའེ་གྲོང་ཁྱེར་ཝན་ཧྲན་གླིང་ཚོམ་ཡིན། གཞན་ད་དུང་ནུབ་ཕྱོགས་ཨའོ་མོན་གྱི་བར་དུ་རྒྱ་མཚོས་བཅད་ཡོད་དེ། བར་ཐག་གི་རིང་ཚད་ལ་སྤྱི་ལེ61ཡོད་པ་དང་། བྱང་ཕྱོགས་ཀྱི་ཀོང་ཀྲོའུ་ཡི་བར་ཐག་གི་རིང་ཚད་ལ་སྤྱི་ལེ130ཡོད་པ་ཡིན་ལ། ཧྲང་ཧའེ་ཡི་བར་ཐག་གི་རིང་ཚད་ལ་སྤྱི་ལེ1200ལྷག་ཡོད།

ཞང་ཀང་གླིང་ཕྲན་གྱི་གཞི་ཁྱོན་ནི་སྟོང་སྨི་གྲུ་བཞི་མ81 གཅིག་ཡིན་པ་དང་ཅིའུ་ལུང་གླིང་ཕྱེད་ཀྱི་གཞི་ཁྱོན་ནི་སྟོང་སྨི་གྲུ་བཞི་མ47ཡིན་ལ། ཞིན་ཅེ་དང་གླིང་ཕྲན་ཆེ་མ་ཆུང་གསུམ262ཀྱི་གཞི་ཁྱོན་ནི་སྟོང་སྨི་གྲུ་བཞི་མ976ཡིན་ཏེ། ཞང་ཀང་གི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2755 ཡོད་པ་ཡིན་ཞིང་། དེའི་ཁྲོད་དུ་སྐམ་སའི་གཞི་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1100 ལྷག་ཡོད་པ་དང་། རྒྱ་མཚོའི་གཞི་ཁྱོན་ནི་སྟོང་སྨི་གྲུ་བཞི་མ1650ལྷག་ཡོད་པ་ཡིན།

2 གནམ་གཤིས།

ཞང་ཀང་ནི་ཚ་ཁུལ་ཕལ་བའི་ནམ་ཟླའི་ཁོངས་སུ་གཏོགས་པ་ཡིན་ལ། ལོ་ཧྲིལ་བོར་དྲོད་ཚད་ཅུང་མཐོ་བ་ཡིན་ཞིང་། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི22.2℃ ཡིན། དེ་ཡང་དབྱར་དུས་སུ་ཚ་བ་ཤིན་ཏུ་ཆེ་བར་མ་ཟད། རླན་བཤེར་ཆེ་བ་དང་དྲོད་ཚད་ནི་ཧ་ལམ26℃ནས 30℃ བར་ཡིན། ཡང་དགུན་དུས་ནི་བསིལ་བ་དང་སྐམ་ཤས་ཆེ་བ་ཡིན་མོད། འོན་ཀྱང་དྲོད་ཚད5℃ ཡི་མན་ལ་ལྷུང་བ་ནི་ཉུང་།

ཟླ་བ་ལྔ་བ་ནས་དགུ་བའི་བར་ནི་ཆར་ཆུ་ཧ་ཅང་མང་བའི་དུས་ཡིན་པར་མ་ཟད། སྐབས་ལ་ལར་ཆར་ཆེན་འབབ་པ་ཡིན་ལ། དབྱར་དུས་དང་སྟོན་དུས་ཀྱི་མཚམས་སུ། སྐབས་ལ་ལར་ཐའེ་རླུང་གཡུགས་པ་ཡིན་ཞིང་། ཟླ་བ་བདུན་པ་ནས་དགུ་བའི་བར་ནི་ཞང་ཀང་དུ་ཐའེ་རླུང་གཡུགས་པ་མང་བའི་དུས་ཚིགས་ཡིན་མོད། འོན་ཀྱང་ཟླ་བ་ལྔ་བ་ནས་བཅུ་གཅིག་གི་བར་དུ་ཚད་རིམ་མི་འདྲ་བའི་ཚ་ཁུལ་རླངས་རྒྱུན་གཡུགས་པར་སྲིད།

ཞང་ཀང་གི་ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧོ་སྨི2214.3 ཡིན་ཏེ། ཆར་ཆུ་འབབ་པ་ཆེས་མང་བའི་དུས་ཚིགས་ནི་ཟླ་བ 8 པ་ཡིན་པ་དང་། ཆར་ཆུ་འབབ་པ་ཆེས་ཉུང་བའི་དུས་ཚིགས་ནི་ཟླ་བ1 ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-10

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།