ནང་སོག་རང་སྐྱོང་ལྗོངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནང་སོག་རང་སྐྱོང་ལྗོངས།
ནང་སོག་རང་སྐྱོང་ལྗོངས་ཀྱི་བསྡུས་མིང་ལ“ནང་སོག”ཟེར་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་ཞིག་ཡིན། སྲིད་གཞུང་གནས་ཡུལ་ནི་ཧུའུ་ཧོ་ཧའོ་ཐུ་ཡིན། དེ་ནི་ཀྲུང་གོའི་བྱང་རྒྱུད་དུ་གནས་ཡོད་པ་དང་། ས་ཁམས་གནས་ཚད་ནི་བྱང་གི་འཕྲད་ཐིག37°24′-53°23′དང་། ཤར་གྱི་གཞུང་ཐིག97°12′-126°04′བར་དུ་གནས་ཡོད་པ་ཡིན། བྱང་ཤར་ས་ཁུལ་ནི་ཧེ་ལུང་ཅང་དང་། ཅི་ལིན། ལིའོ་ཉིན། ཧོ་པེ་བཅས་དང་འབྲེལ་ཡོད་པ་དང་། ལྷོ་རྒྱུད་ནི་ཧྲན་ཞི་དང་། ཧྲའན་ཞི། ཉིང་ཞ་བཅས་དང་འབྲེལ་ཡོད། ནུབ་ལྷོ་ནི་ཀན་སུའུ་དང་འབྲེལ་ཡོད་པ་དང་། བྱང་ཕྱོགས་ནི་ཨུ་རུ་སུ་དང་ཕྱི་སོག་ལ་འབྲེལ་ཡོད་པ་རེད། ནང་སོག་རང་སྐྱོང་ལྗོངས་ནི་ས་ཁམས་ས་ཁོངས་ཆེན་པོ་བཞི་རུ་བགོས་པའི་ནུབ་བྱང་ས་ཁུལ་དུ་གཏོགས་པ་ཡིན། སྤྱི་ལོ2019ལོའི་ལོ་མཇུག་བར་ནང་སོག་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི118.3ཡོད་པ་དང་། དེའི་ཁོངས་སུ་ས་ཁུལ་རིམ་པའི་གྲོང་ཁྱེར9དང་མེང3 གྲོང་ཁྱེར་ཁོངས་གཏོགས་ཆུས23 རྫོང་རིམ་པའི་གྲོང་ཁྱེར11 རྫོང17 ཆི49 རང་སྐྱོང་ཆི3བཅས་ཡོད། རྒྱུན་སྡོད་མི་གྲངས་ཁྲི2539.6ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར17212.5ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
内蒙古自治区
ཕྱི་ཡིག་གི་མིང་།
Inner Mongolia autonomous region
མིང་གཞན།
ནང་སོག
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་ལྗོངས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་བྱང་ས་ཁུལ་དང་བྱང་ཤར་ས་ཁུལ། ནུབ་བྱང་ས་ཁུལ།
མངའ་ཁོངས།
ས་ཁུལ་རིམ་པའི་གྲོང་ཁྱེར9དང་མེང3
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
(+86)0470—0483
གནས་ཡུལ།
(97°E—126°E;37°N—53°N)
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི118.3
མི་གྲངས།
རྒྱུན་སྡོད་མི་གྲངས་ཁྲི2539.6(སྤྱི་ལོ2019ལོའི་ལོ་མཇུག)
གནམ་ཟླ།
དྲོད་ཁུལ་སྐམ་ས་རང་བཞིན་གྱི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཇིང་ཀར་རྒྱལ་བོའི་བང་སོ། ཧུའུ་ལུང་པེའར་རྩ་ཐང་། ཨར་ཧྲན་ཐེན་ཏི།
མེ་འཁོར་འབབ་ཚུགས།
ཧུའུ་ཧོ་ཧའོ་ཐུ་འབབ་ཚུགས། པའོ་ཐོའུ་ས་ཚིགས།
གནམ་གྲུ་ཐང་།
ཧུའུ་ཧོ་ཧའོ་ཐུ་པའེ་ཐ་རྒྱལ་སྤྱིའི་གནམ་གྲུ་ཐང་། པའོ་ཐོའུ་གནམ་གྲུ་ཐང་། མན་ཀྲོའུ་ལི་གནམ་གྲུ་ཐང་།
རླངས་འཁོར་ཚབ་ཨང་།
མེང(蒙)A.M
GDP
སྒོར་དུང་ཕྱུར17212.5(སྤྱི་ལོ2019ལོར)
སྲིད་འཛིན་ཚབ་ཨང་།
150000
1 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ནང་སོག་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་སུ་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ12ཡོད། ས་ཁུལ་རིམ་པའི་གྲོང་ཁྱེར9དང་མེང3ཡོད་པ་དེ་དག་ནི་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དང་། པའོ་ཐོའུ་གྲོང་ཁྱེར། ཝུའུ་ཧའེ་གྲོང་ཁྱེར། ཁྲེ་ཧྥུང་གྲོང་ཁྱེར། ཐུང་ལེའོ་གྲོང་ཁྱེར། ཨེར་ཏུའོ་སི་གྲོང་ཁྱེར། ཧུའུ་ལུན་པེར་གྲོང་ཁྱེར། པ་ཡན་ཀྲོར་གྲོང་ཁྱེར། ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར། ཞིན་ཨན་མེང་། ཞི་ལིན་ཀུའོ་ལེ་མེང་། ཨ་ལ་ཧྲན་མེང་བཅས་ཡིན། ལྗོངས་མི་དམངས་སྲིད་གཞུང་ནི་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་སའེ་ཧན་ཆུས་ཧུའེ་ལེ་ཁྲོན་ཁྲོམ་གཞུང་ཨང1པོ་རུ་བཅའ་སྡོད་བྱས་ཡོད།

2 གནས་ཡུལ།

ནང་སོག་རང་སྐྱོང་ལྗོངས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱང་རྒྱུད་མཐའ་མཚམས་སུ་ཡོད་ལ། བྱང་ཤར་ནས་ལྷོ་ནུབ་ཕྱོགས་སུ་བསྲིངས་ཡོད་དེ། ཤར་ནུབ་ཀྱི་དྲང་ཐིག་གི་རིང་ཚད་ལ་སྤྱི་ལེ2400ཡོད་པ་དང་། ལྷོ་བྱང་གི་ཞེང་ལ་སྤྱི་ལེ1700དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི1183000ཡོད་པར་མ་ཟད། རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི12.3%ཟིན་ཡོད་པས། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་ཁྲོད་དུ་ཨང་གསུམ་པ་ཡིན།  དེ་ཡང་ཤར་དང་ལྷོ། ནུབ་ཕྱོགས་བཅས་སོ་སོར་ཧེ་ལུང་ཅང་དང་ཅི་ལིན། ལིའོ་ཉིང་། ཧོ་པེ། ཧྲན་ཞི། ཧྲའན་ཞི།  ཉིང་ཞ། ཀན་སུའུ་བཅས་ཞིང་ཆེན་བརྒྱད་དང་ཐག་ཉེ་ཞིང་། བྱང་ཤར་དང་ཧྭ་བྱང་། ནུབ་བྱང་བཅས་ས་ཁུལ་གསུམ་བརྒལ་ཡོད་ལ། པེ་ཅིང་དང་ཐེན་ཅིན་ལ་ཐུག་ཡོད། བྱང་རྒྱུད་ནི་ཕྱི་སོག་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་དང་འབྲེལ་ཡོད།

3 གནམ་གཤིས།

ནང་སོག་རང་སྐྱོང་ལྗོངས་ནི་ས་ཁོད་ཡངས་པ་དང་འཕྲེད་ཐིག་ཅུང་མཐོ་བའི་སར་ཡོད་ལ། མཐོ་སྒང་གི་གཞི་ཁྱོན་ཆེ་བར་མ་ཟད། རྒྱ་མཚོ་དང་ཐག་རིང་བའི་སར་ཡོད་པ་ཡིན་ཞིང་། མཐའ་མཚམས་ནི་རི་རྒྱུད་ཀྱིས་བཅད་ཡོད་དེ། གནམ་གཤིས་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླ་གཙོ་བོ་ཡིན། དེ་ཡང་ཆར་ཆུ་འབབ་ཉུང་བ་དང་རླུང་ཆེན་པོ་གཡུགས་པ་མ་ཟད། དབྱར་དགུན་གྱི་ཁྱད་པར་ཧ་ཅང་ཆེ་བ་ཡིན། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ནི-3.7℃—11.2℃བར་ཡིན།  ལོ་ཧྲིལ་བོའི་ཆར་ཆུ་འབབ་ཚད་ནི་ཧོ་སྨི50ནས450 བར་ཡིན་པར་མ་ཟད། བྱང་ཤར་ཕྱོགས་སུ་ཆར་ཆུ་ཤིན་ཏུ་མོད་པ་དང་། དེ་ནས་ནུབ་རྒྱུད་དུ་རིམ་བཞིན་ཇེ་ཉུང་དུ་འགྲོ་བ་ཡིན།

4 མི་གྲངས་དང་མི་རིགས།
4_1 མི་གྲངས།

སྤྱི་ལོ2019ལོའི་ལོ་མཇུག་ཏུ་ནང་སོག་རང་སྐྱོང་ལྗོངས་སུ་རྒྱུན་སྡོད་མི་གྲངས་ཁྲི2539.6ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི5.6འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི1609.4དང་གྲོང་གསེབ་ཀྱི་མི་གྲངས་ཁྲི930.2ཡོད། རྒྱུན་སྡོད་མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད63.4%ཟིན་ཡོད་ལ་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.7མཐོ་རུ་ཕྱིན་ཡོད།

4_2 མི་རིགས།

ནང་སོག་རང་སྐྱོང་ལྗོངས་སུ་ལའོ་པ་རིགས་ཕུད་པའི་སོག་རིགས་དང་། རྒྱ་རིགས། མན་ཇུ་རིགས། ཧུའེ་རིགས། ཏ་ཝོར་རིགས། ཨོ་ཝུན་ཁེ་རིགས། ཨོ་ལུན་ཁྲུན་རིགས། ཀྲོང་རིགས། ཞི་པོ་རིགས། ཐུའུ་ཅ་རིགས། ཏུང་ཞང་རིགས། མིའོ་རིགས་སོགས་མི་རིགས55འཚོ་སྡོད་བྱེད་བཞིན་ཡོད།

5 དཔལ་འབྱོར།

སྤྱི་ལོ2019ལོར་ནང་སོག་རང་སྐྱོང་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར17212.5ཡིན་པ་དང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པ་བཟོ་བཅོས་བརྒྱབ་པའི་གྲངས་གཞི་ལྟར་རྩིས་བརྒྱབ་ན་སྔ་ལོ་ལས5.2%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར1863.2ཡིན་ལ་ལོ་གོང་མ་ལས2.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར6818.9ཡིན་པས་ལོ་གོང་མ་ལས5.7%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར8530.5ཡིན་པ་དང་ལོ་གོང་མ་ལས5.4%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་ནི10.8:39.6:49.6ཡིན། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར67852ཡིན་པ་དེ་ལོ་གོང་མ་ལས5.0%འཕར་ཡོད།


6 སྤྱི་ཚོགས་ཀྱི་ལས་དོན།
6_1 སློབ་གསོའི་བྱ་གཞག

སྤྱི་ལོ2019ལོའི་ལོ་མཇུག་བར་ནང་སོག་རང་སྐྱོང་ལྗོངས་ལ་ཞིབ་འཇུག་སློབ་མ་གསོ་སྐྱོང་ཚན་པ10ཡོད། སློབ་གྲྭར་ཡོད་པའི་ཞིབ་འཇུག་སློབ་མ་ཁྲི2.2ཡོད་པ་དེ་ལོ་གོང་མ་ལས4.5%འཕར་བ་དེའི་ནང་། གྲངས་ཉུང་མི་རིགས་ཀྱི་ཞིབ་འཇུག་སློབ་མ6828ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ཁྲོད་སོག་རིགས་ཀྱི་ཞིབ་འཇུག་སློབ་མ6028ཡོད།

སྤྱི་ལོ2019ལོའི་ལོ་མཇུག་བར་ནང་སོག་རང་སྐྱོང་ལྗོངས་སུ་མཐོ་རིམ་སློབ་གྲྭ་དཀྱུས་མ53ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི47.2ཡོད་པ་དེ་ལོ་གོང་མ་ལས3.7%འཕར་ཡོད། གྲངས་ཉུང་མི་རིགས་ཀྱི་སློབ་མ་ཁྲི12.7ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ཁྲོད་སོག་རིགས་ཀྱི་སློབ་མ་ཁྲི11.1ཡོད། ལོ་མཇུག་ཏུ་མཐོ་འབྲིང་དཀྱུས་མ303ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི40.6ཡོད་པ་དེ་ལོ་གོང་མ་ལས3.6%ཆག་པའི་ནང་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི12.8དང་གྲངས་ཉུང་མི་རིགས་ཀྱི་ཁྲོད་སོག་རིགས་སློབ་མ་ཁྲི11.5ཡོད་པ་རེད། ལོ་མཇུག་ཏུ་དམའ་འབྲིང701ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི66.3ཡོད་ལ། ལོ་གོང་མ་ལས་བརྒྱ་ཆའི4.2འཕར་ཡོད། དེའི་ནང་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི19.8དང་། གྲངས་ཉུང་མི་རིགས་ཀྱི་ཁྲོད་སོག་རིགས་ཀྱི་སློབ་མ་ཁྲི17.4ཡོད། ལོ་མཇུག་ཏུ་སློབ་ཆུང1662ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི136.3ཡོད་ལ་ལོ་གོང་མ་ལས1.6%འཕར་ཡོད། ལྗོངས་ཡོངས་ཀྱི་བུ་བཅོལ་ཁང་དུ་བྱིས་པ་ཁྲི60.7ཡོད་པ་དེ་ལོ་གོང་མ་ལས1.6%ཆག་ཡོད། ལྗོངས་ཡོངས་ཀྱི་དམའ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད98.6%ཟིན་པ་དང་སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་ཡོད།

6_2 འཕྲོད་བསྟེན།

སྤྱི་ལོ2019ལོའི་ལོ་མཇུག་བར་ནང་སོག་རང་སྐྱོང་ལྗོངས་སུ་འཕྲོད་བསྟེན་སྒྲིག་གཞི24564ཡོད་པའི་ནང་། སྨན་ཁང794དང་གྲོང་གསེབ་དང་འབྲོག་ཁུལ་གྱི་འཕྲོད་བསྟེན་ཁང1271ཡོད་པ་རེད། ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས119དང་མ་བུ་འཕྲོད་བསྟེན་སྒྲིག་གཞི114 ཆེད་སྦྱོང་ཚན་ཁག་གི་ནད་རིགས་འགོག་བཅོས་ཁང43བཅས་ཡོད། ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཚན་པར་ནད་ཁྲི་ཁྲི16.1ཡོད། ལོ་གོང་མ་ལས་བརྒྱ་ཆའི1.3འཕར་བ་དེའི་ནང་། སྨན་ཁང་ལ་ནད་ཁྲི་ཁྲི12.9དང་། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་ནད་ཁྲི་ཁྲི2.2ཡོད། མ་བུའི་འཕྲོད་བསྟེན་སྒྲིག་གཞིར་ནད་ཁྲི་ཁྲི0.4ཡོད་པ་རེད། ལྗོངས་ཡོངས་སུ་འཕྲོད་བསྟེན་ལག་རྩལ་མི་སྣ་ཁྲི19.6ཡོད་པ་དེ4.4%འཕར་ཡོད། ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་རོགས་སྨན་པ་དཀའ་བཅུ་པ་ཁྲི7.8ཡོད་པ་དང་། ནད་གཡོག་ཁྲི8.0ཐོ་འགོད་བྱས་ཡོད། གྲོང་གསེབ་དང་འབྲོག་ཁུལ་དུ་གྲོང་ཚོའི་འཕྲོད་བསྟེན་ཁང་ཁྲི1.3དང་གྲོང་གསེབ་ཀྱི་སྨན་པ་དང་འཕྲོད་བསྟེན་མི་སྣ་ཁྲི1.6ཡོད་པ་རེད།


བརྡ་འགྲེལ་གདོང་འཛར།

ས་ཁོངས། རང་སྐྱོང་ལྗོངས། ནང་སོག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-03

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།