ཐའེ་ཝན་ཞིང་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐའེ་ཝན་ཞིང་ཆེན།
ཐའེ་ཝན་ཞིང་ཆེན་ནི་ཀྲུང་གོའི་སྐམ་ས་ཆེན་པོའི་ཤར་ལྷོའི་མཚོ་འགྲམ་དུ་ཡོད་ཅིང་། ཤར་ཕྱོགས་ནས་ཞི་བདེ་རྒྱ་མཚོ་ཆེན་མོ་དང་ཐག་ཉེ་བ་དང་། བྱང་ཤར་ཀྱི་ཕྱོགས་ནས་ལིའུ་ཆིའུ་གླིང་ཚོམ་དང་ཐག་ཉེ་བ་ཡིན། ཡང་ལྷོ་ཕྱོགས་སུ་པ་ཧྲི་མཚོ་འགག་དང་ཧྥི་ལི་ཕིན་གླིང་ཚོམ་གཉིས་དང་ཁ་གཏད་དུ་ཡོད་ལ། ནུབ་ཕྱོགས་སུ་ཐའེ་ཝན་མཚོ་འགག་དང་ཧྥུ་ཅན་ཞིང་ཆེན་གཉིས་ལ་འབྲེལ་ནས་ཡོད། དེ་ཡང་ཐའེ་ཝན་གྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་36000 ཡོད་དེ། ཐའེ་ཝན་གླིང་ཕྲན་དང་ལན་ཡུས། ལིའུ་ཏའོ། ཏིའོ་ཡུས་ཏའོ་སོགས་གླིང་ཕྲན་མང་བོ་འདུ་བ་ཡིན་ཞིང་། ཐའེ་ཝན་གླིང་ཕྲན་གྱི་གཞི་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་35798 ཡོད་པ་དང་། རྒྱལ་ཡོངས་ཀྱི་གླིང་ཕྲན་ཆེས་ཆེ་བ་དེ་ཡིན། ཐའེ་ཝན་ཞིང་ཆེན་ནི་ཚ་ཁུལ་དང་ཚ་ཁུལ་ཕལ་བའི་ནམ་ཟླའི་བར་མཚམས་ཀྱི་སར་གནས་པས། རང་བྱུང་གི་ལྗོངས་རྣམ་དང་སྐྱེ་ཁམས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་ཡིན་ལ། མི་གྲངས23000000 ཡིན། ཡང་ས་དེའི་གཞིས་ཆགས་མི་རིགས་གམ་ཀའོ་ཧྲན་མི་རིགས་ནི་དུས་རབས17 པར་རྒྱ་རིགས་ས་དེར་གནས་མ་སྤར་བའི་ཡར་སྔོན་ནས་གནས་དེར་འཚོ་སྡོད་བྱས་པ་ཡིན་མོད། མིང་རྒྱལ་རབས་ཀྱི་དུས་མཇུག་དང་ཆིང་རྒྱ་རབས་ཀྱི་དུས་འགོར། ཧྥུ་ཅན་ལྷོ་ཕྱོགས་དང་ཀོང་ཏུང་ཤར་ཕྱོགས་ཀྱི་མི་རྣམས་དེར་གནས་སྤར་རྗེས། རྒྱ་རིགས་གཙོ་བོར་བྱས་པའི་སྤྱི་ཚོགས་ཤིག་གྲུབ་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
台湾省
ཕྱི་ཡིག་གི་མིང་།
Taiwan
མིང་གཞན།
ཧྥུ་ཨེར་མོ་ཧྲ། པའོ་ཏའོ། ཀྲུང་ཧྭ་ཐའེ་པེ། ཐའེ་ཝན།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག
ཁོངས་གཏོགས་ས་ཁུལ
ཀྲུང་གོའི་ཧྭ་ཤར་ས་ཁུལ།
མངའ་ཁོངས།
ཐད་གཏོགས་གྲོང་ཁྱེར་དྲུག་དང་གྲོང་ཁྱེར་གསུམ། རྫོང་བཅུ་གསུམ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
+886
གནས་ཡུལ།
ཀྲུང་གོའི་སྐམ་ས་ཆེན་པོའི་ཤར་ལྷོའི་མཚོ་འགྲམ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་སུམ་ཁྲི་དང་ལྔ་སྟོང་བདུན་བརྒྱ་དགུ་བཅུ་གོ་བརྒྱད།
མི་གྲངས།
བྱེ་བ་གཉིས་དང་ས་ཡ་གསུམ། བཞི་འབུམ་སུམ་ཁྲི་དང་གྲངས་ཆུང་གསུམ་བདུན(སྤྱི་ལོ2014ལོ)
སྐད་རིགས།
མིན་ནན་སྐད། ཕྱི་ཡོང་སྐད། ཧྥུའུ་ཀྲོའུ་སྐད་སོགས་རྒྱའི་ཡུལ་སྐད།
གནམ་གཤིས།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ་དང་ཚ་ཁུལ་དུས་རླུང་གི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཐའེ་པེ 101ཐའེ་པེའི་རི་ཡུའེ་ཐན། ཨ་ལི་ཧྲན། ཨའེ་ཧོ། གནའ་མཁར།
གནམ་གྲུ་ཐང་།
ཐའེ་ཝན་ཐོ་ཡོན་རྒྱལ་སྤྱིའི་གནམ་གྲུ་ཐང་། ཀའོ་ཞུང་རྒྱལ་སྤྱིའི་གནམ་གྲུ་ཐང་། ཐའེ་པེ་སུང་ཧྲན་གནམ་གྲུ་ཐང་། ཐའེ་ཀྲུང་ཅིང་ཆོན་ཀང་གནམ་གྲུ་ཐང་།
1 ས་དབྱིབས།

ཐའེ་ཝན་ཏའོ་ནི་བྲག་ལེབ་ཕན་ཚུན་སྣོལ་མཚམས་སུ་ཡོད་ཅིང་། ས་དབྱིབས་ཧ་ཅང་རྙོག་འཛིང་ཆེ་བ་ཡིན་པས། ས་འགུལ་འབྱུང་བ་ཆེས་མང་བའི་ས་ཁུལ་ཡང་ཡིན། དེ་ཡང་སྤྱི་ལོ1914 ལོ་ནས 2014 ལོའི་བར་གྱི་ལོ་ངོ་བརྒྱའི་ནང་དུ་ཀྲུང་གོར་ས་འགུལ་ཐེངས 3888 བྱུང་བ་ལས། ཚད་རིམ་ལྔའི་ཡན་གྱི་ས་འགུལ35.9% ནི་ཐའེ་ཝན་དུ་བྱུང་བ་ཡིན། ཡང་ཐའེ་ཝན་དུ་ཆུ་ཚན་གྱི་ལྗོངས་རྒྱུ་ས་ཚིགས་ཧ་ཅང་མང་བའི་རྐྱེན་གྱིས། ལྟ་སྐོར་ལྗོངས་རྒྱུར་ཕེབས་པའི་མི་རྣམས་ཀྱི་མིག་དབང་འཕྲོག་པར་བྱ་བ་ཡིན་ལ། ཐའེ་ཝན་གླིང་ཕྲན་གྱི་མཐའ་ནི་རྒྱ་མཚོ་ཡིས་བསྐོར་ཡོད། གཞན་ཐའེ་ཝན་གླིང་ཕྲན་ནི་སྤྱིའི་ཆ་ནས་རི་ཁུལ་དང་དེའུ་འབུར། གཤོངས་ས། བདེ་ཐང་། འབུར་ཐང་བཅས་ས་དབྱིབས་མི་འདྲ་བ་སྣ་ཚོགས་ཡོད་ཅིང་། དེའི་ནང་ནས་མང་ཆེ་བ་ནི་ཤར་རྒྱུད་ཀྱི་རི་ཁུལ་ཡིན་པ་དང་། ས་ཞིང་གིས་བརྒྱ་ཆའི24% ཟིན་ཡོད།

ཐའེ་ཝན་ཞིང་ཆེན་དུ་མཚོ་འཕགས་སྨི 3000 ཡན་ལ་བརྒལ་བའི་རི་རྩེ 268 ཡོད་པ་དང་། རི་རྩེ་ཆེས་མཐོན་པོའི་མཚོ་འཕགས་ལ་སྨི 3952 ཡོད་པའི་ཡུས་ཧྲན་རི་རྩེ་ཡིན་ལ། དེ་ནི་ཀྲུང་གོའི་ཤར་རྒྱུད་མཚོ་འགྲམ་ས་ཁུལ་གྱི་རི་རྩེ་ཆེས་མཐོ་བ་དེ་ཡིན།

2 གནམ་གཤིས།

ཐའེ་ཝན་ཞིང་ཆེན་གྱི་ལྷོ་བྱང་གཉིས་ནམ་ཟླ་ས་ཁུལ་གཉིས་སུ་བགོས་ཡོད་དེ། དབུས་རྒྱུད་དམ་བྱང་རྒྱུད་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ལྷོ་རྒྱུད་ནི་ཚ་ཁུལ་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་ཡིན་ལ། སྤྱིའི་ཆ་ནས་དབྱར་དུས་རིང་བ་དང་རླན་ཆེ་བ་ཡིན་ཞིང་། དགུན་དུས་ནི་ཅུང་ཐུང་བ་དང་དྲོ་བ་ཡིན། དེ་ཡང་བྱང་རྒྱུད་ནི་བྱང་ཤར་དུས་རླུང་གི་རྐྱེན་གྱིས་ཟླ་བ་དང་པོ་ནས་གསུམ་པའི་བར་དུ་ཆར་དུས་ཡིན་པ་དང་། ཟླ་བ་དྲུག་པ་ནས་དགུ་བའི་བར་ནི་ཐའེ་ཝན་གྱི་དབྱར་དུས་ཡིན་པར་མ་ཟད། ཚ་བ་ཧ་ཅང་ཆེ་བ་ཡིན། ཡང་ཟླ་བ་བཅུ་གཅིག་པའི་ནང་དུ་ཁ་བ་འབབ་པ་ཡིན།

ཐའེ་ཝན་ཞིང་ཆེན་དུ་ཆར་ཆུ་ཧ་ཅང་མོད་པ་དང་ནམ་ཟླ་ནི་བཞའ་ཚན་ཆེ་བ་ཡིན་ལ། ལོ་ཧྲིལ་བོའི་ཆ་སྙོམ་གྱི་ཆར་ཆུ་འབབ་ཚད་ནི་ཧོ་སྨི2500 ཡན་ལ་བརྒལ་བ་དང་། འཛམ་གླིང་གི་ཆར་ཆུ་འབབ་ཚད་ཀྱི་ལྡབ་གསུམ་ཡིན།  

3 མཛེས་ཤིང་ཕྱུག་པའི་ནོར་བུའི་གླིང་ཕྲན།

ཐའེ་ཝན་གླིང་ཕྲན་ནི་མཛེས་སྡུག་ལྡན་པའི་ནོར་བུའི་གླིང་ཕྲན་ཞིག་ཡིན་པ་དང་། གླིང་ཕྲན་ཐོག་ཏུ་གྲགས་ཅན་གྱི་ཡུལ་ལྗོངས་བརྗོད་ཀྱིས་མི་ལངས་པ་ཡོད། ཐོན་ཁོངས་ཕུན་སུམ་ཚོགས་པའི་ནོར་བུའི་གླིང་ཕྲན་ཞིག་ཡིན་ཏེ་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་བཟང་ཞིང་ནགས་ཚད་དང་། གཏེར་ཁ། ཆུའི་ཐོན་རྫས་སོགས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་སྟབས་མེས་རྒྱལ་ཤར་ལྷོའི་ཕྱོགས་ཀྱི་མཚོ་ཐོག་གི་མུ་ཏིག་ཅེས་སུ་གྲགས།

ཚ་རྒྱུད་དང་ཚ་མ་དྲོ་རྒྱུད་ཀྱི་གནམ་གཤིས་ཁོངས་སུ་གཏོགས་པས་དྲོད་གཤེར་གཉིས་ལྡན་ཞིག་ཡིན། དེ་ཡང་ནུབ་རྒྱུད་ཐང་གཤོངས་ཁུལ་དུ་ས་རྒྱུ་གཤིན་པས་ཆུ་འབྲས་དང་། བུར་ཤིང་། ཇ་ཤིང་། དེ་བཞིན་ཚ་རྒྱུད་དང་ཚ་མ་དྲོ་རྒྱུད་ཁུལ་གྱི་ཤིང་འབྲས་བཅས་ཐོན་ཚད་ཆེན་པོ་ཡོད། ནགས་ཚལ་ཁེབས་རྒྱ་ཆེ་ཞིང་གླིང་ཕྲན་ཡོངས་ཀྱི1/2ཡན་གྱི་ས་ཆར་སྟུག་པོའི་ནགས་ཀྱིས་ཁེབས་ཡོད་སྟབས་ཨེ་ཤ་ཡའི་གླིང་གི་རང་བྱུང་རྩི་ཤིང་ར་བ་ཞེས་པའི་སྙན་གྲགས་ལྡན་ཡོད་པ་དང་། ག་བུར་ཤིང་ནི་ཐའེ་ཝན་གྱི་སྐད་གྲགས་ཆེ་ཤོས་ཀྱི་ཤིང་སྣ་ཞིག་ཡིན་ལ་ག་བུར་ཐོན་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

4 དཔལ་འབྱོར། 

དུས་རབས20པའི་ལོ་རབས60གོང་དུ་ཐའེ་ཝན་གྱི་དཔལ་འབྱོར་ནི་ཞིང་ལས་དང་ཞིང་ལས་ཐོན་རྫས་བཟོ་སྣོན་བྱ་རྒྱུ་གཙོ་བོ་ཡིན་པ་དང་། བུ་རམ་དང་། ཤིང་འབྲས་པོ་ལུའོ། ཆུ་འབྲས། ག་བུར་སོགས་ཕྱི་འདྲེན་བྱེད་ཀྱི་ཡོད། ལོ་རབས60པ་ནས་བཟུང་ཐའེ་ཝན་གྱིས་རང་རང་གི་ཆ་རྐྱེན་དང་དགེ་མཚན་འདོན་སྤེལ་བྱས་ཏེ་ཕྱིར་འདྲེན་བཟོ་སྣོན་བཟོ་ལས་གོང་འཕེལ་གཏོང་རྒྱུ་གཙོ་བོར་བཟུང་སྟེ། ནང་འདྲེན། བཟོ་སྣོན། ཕྱི་འདྲེན་བཅས་ཀྱི་རྣམ་པའི་དཔལ་འབྱོར་ཞིག་གྲུབ་པ་དང་། བཟོ་ལས་ཐོན་རྫས་དེ་ཕྱི་འདྲེན་ཉོ་ཚོང་ནང་གི་བརྒྱ་ཆ་ཟིན་ཚད་བརྟན་པོའི་ཐོག་འཕར་བཞིན་ཡོད། དེར་བརྟེན་བཟོ་ལས་འཕེལ་རྒྱས་བྱུང་བ་དེས་ཐའེ་ཝན་གྱི་དཔལ་འབྱོར་མགྱོགས་མྱུར་ངང་གོང་འཕེལ་འགྲོ་རྒྱུར་སྣེ་འཁྲིད་ཀྱི་ནུས་པ་ཐོན་ཡོད།

བརྡ་འགྲེལ་གདོང་འཛར།

ས་ཁམས། ས་ཁོངས། ཞིང་ཆེན། ཐའེ་ཝན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-08

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།