ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་རང་སྐྱོང་ཁུལ་དང་པོ་དང་རྒྱལ་ཡོངས་ཀྱི་གཉིས་པར་བགྲངས་པ་ཡིན་ལ། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་མདོ་དབུས་མཐོ་སྒང་གི་ལྟེ་བ་རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་སུ་ཡོད་ཅིང་། ཆ་སྙོམས་ཀྱི་མཚོ་འཕགས་ནི་སྨི42000ཡན་ཡིན། དེ་ཡང་ཤར་གྱི་གཞུང་ཐིག89°27′~97°39′དང་བྱང་གི་འཕྲེད་ཐིག31°45′~36°10′བར་དུ་གནས་ཏེ། ཁུལ་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ738ཡོད་པ་དང་། ལྷོ་བྱང་གི་ཞེང་ལ་སྤྱི་ལེ406ཡོད་པ་ཡིན། ཡང་ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ267000ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི37.2% ཟིན་ཡོད། གཞན་མངའ་ཁོངས་ལ་གྲོང་ཁྱེར1དང་རྫོང5 གྲོང་རྡལ10 ཡུལ་ཚོ35 སྡེ་བ257བཅས་ཡོད། ཡུལ་ཤུལ་ཁུལ་ནི་སྤྱི་ལོ1951ལོའི་ཟླ12པར་བཙུགས་པ་ཡིན་ཏེ། རྒྱལ་ཡོངས་ཀྱི་མི་རིགས་གྲངས་ཉུང་གི་རང་སྐྱོང་ཁུལ་ཁྲོད་ཀྱི་མི་རིགས་གཙོ་བོའི་སྡུར་ཚད་ཆེས་མཐོ་བ་དང་། མཚོ་འཕགས་ཆེས་མཐོ་བ། ཆ་སྙོམས་ཀྱི་མི་གྲངས་ཆེས་མང་བ། སྐྱེ་ཁམས་གནས་ཡུལ་གལ་འགངས་ཆེ་བའི་རང་སྐྱོང་ཁུལ་ཞིག་ཡིན་ལ། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་གཙང་བོ་ཆེན་པོ་གསུམ་གྱི་འགོ་ཁུངས་ཡིན་ཞིང་། རྨ་འབྲི་རྫ་གསུམ་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ས་ཁུལ་གཉིས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
玉树藏族自治州
ཕྱི་ཡིག་གི་མིང་།
Tibetan Autonomous Prefecture of Yushu
མིང་གཞན།
ཡུལ་ཤུལ་ཁུལ།
སྲིད་འཛིན་རིགས་དབྱེ།
རང་སྐྱོང་ཁུལ།
སྲིད་འཛིན་ཁུངས་གཏོགས།
ཀྲུང་གོའི་མཚོ་སྔོན་ཞིང་ཆེན།
མངའ་ཁོངས།
ནང་ཆེན་རྫོང་། ཁྲི་འདུ་རྫོང་། རྫ་སྟོད་རྫོང་། འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་བཅས་རྫོང་དྲུག་ཡོད།
སྲིད་གཞུང་གནས་ཡུལ།
ཡུལ་ཤུལ་གྲོང་ཁྱེར་སྐྱེ་དགུ་གྲོང་རྡལ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0976
སྦྲག་སྲིད་ཨང་རྟགས།
518000
ས་གནས།
མདོ་དབུས་མཐོ་སྒང་གི་ལྟེ་བ་རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་སུ་ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་བཞི་ཁྲི་ལྔ་སྟོང་ཡོད།
མི་གྲངས།
ཉིས་འབུམ་བརྒྱད་ཁྲི་དང་སུམ་སྟོང་ཡོད། (སྤྱི་ལོ2008ལོར)
སྐད་རིགས།
བོད་ཁམས་པའི་སྐད།
གནམ་གཤིས།
སྐམ་ས་རང་བཞིན་གྱི་མཐོ་སྒང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
རང་ཇོ་ལྷ་ཁང་ངམ་འབིས་རྣམ་པར་སྣང་མཛད། རོང་བོ་མཚོ་ཁའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཁུལ། ལེབ་ཁོག
གནམ་གྲུ་ཐང་།
ཡུལ་ཤུལ་གནམ་ཐང་།
རླངས་འཁོར་ཨང་རྟགས།
青G
1 གནས་ཡུལ།

ཡུལ་ཤུལ་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་མདོ་དབུས་མཐོ་སྒང་གི་ལྟེ་བ་རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་སུ་ཡོད་ཅིང་། ཆ་སྙོམས་ཀྱི་མཚོ་འཕགས་ནི་སྨི42000ཡན་ཡིན། དེ་ཡང་ཤར་གྱི་གཞུང་ཐིག89°27′~97°39′དང་བྱང་གི་འཕྲེད་ཐིག31°45′~36°10′བར་གནས་ལ། བྱང་ཕྱོགས་སུ་མཚོ་སྔོན་ཞིང་ཆེན་གྱི་མཚོ་ནུབ་ཁུལ་ལ་འབྲེལ་ནས་ཡོད་པ་དང་། ནུབ་བྱང་ཕྱོགས་སུ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་པ་དབྱིན་ཀུའོ་རང་སྐྱོང་ཁུལ་དང་འབྲེལ་ཡོད། ཤར་ཕྱོགས་སུ་མགོ་ལོག་ཁུལ་དང་འདྲེས་ནས་ཡོད། ཡང་ཤར་ལྷོའི་ཕྱོགས་སུ་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ་དང་ཐག་ཉེ་བ་དང་། ལྷོ་ནུབ་ཕྱོགས་སུ་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར་དང་ནག་ཆུ་ས་ཁུལ་གཉིས་དང་འབྲེལ་ཡོད། གཞན་ཁུལ་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ738ཡོད་པ་དང་། ལྷོ་བྱང་གི་ཞེང་ལ་སྤྱི་ལེ406ཡོད་པ་ཡིན། ཡང་ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ267000ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི37.2% ཟིན་ཡོད།

2 གནམ་གཤིས།

ཡུལ་ཤུལ་ཁུལ་དཔེ་མཚོན་གྱི་མཐོ་སྒང་ཙག་སའི་ནམ་ཟླའི་ཁོངས་སུ་གཏོགས་ཏེ། དུས་ཚིགས་བཞི་བོའི་དབྱེ་བ་མངོན་གསལ་མིན་པ་དང་། དྲོ་འཁྱག་གི་ཁྱད་པར་མ་གཏོགས་ཡོད་པ་མ་ཡིན་ལ། འཁྱག་པའི་དུས་ནི་ཟླ་བ7~8གྱི་དུས་ཡུན་ཡིན་པ་དང་། དྲོ་བའི་དུས་ཟླ་བ4~5དུས་ཡུན་མ་གཏོགས་ཡོད་པ་མ་ཡིན། དེ་ཡང་ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི2.9℃ཡིན་ཏེ། ཟླ་བ1པོའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི-7.5℃ཡིན་པ་དང་། ཟླ་བ7པའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི 12.5℃ཡིན། གཞན་ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧོ་སྨི487ཡིན།


བརྡ་འགྲེལ་གདོང་འཛར།

ས་ཁོངས། མཚོ་སྔོན། ཡུལ་ཤུལ་ཁུལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-28

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།