མུ་ལི་བོད་རིགས་རང་སྐྱོང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མུ་ལི་བོད་རིགས་རང་སྐྱོང་རྫོང་།
མུ་ལི་བོད་རིགས་རང་སྐྱོང་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་མཐའ་མཚམས་སུ་ཡོད་པ་དང་། ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་དུ་ཡོད་ཅིང་། ཤར་གྱི་གཞུང་ཐིག100°03′~101°40′དང་བྱང་གི་འཕྲེད་ཐིག27°40′~29°10′བར་དུ་གནས་པ་ཡིན། སྤྱི་ལོ2011ལོའི་ལོ་མཇུག་ཏུ། རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ནི137262ཡིན་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ13246.38ཡོད་ལ། ཤར་ལྷོའི་སྲིད་འཛིན་ས་ཁོངས་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ217.75ཡོད་པ་དང་། ནུབ་བྱང་གི་སྲིད་འཛིན་ས་ཁོངས་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ520.7ཡོད་ཅིང་། ལྷོ་ནུབ་ཀྱི་སྲིད་འཛིན་ས་ཁོངས་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ134.81ཡོད། དེ་ཡང་ཤར་ཕྱོགས་ནི་ཉག་ཆུ་བརྒལ་བ་དང་། ནུབ་ཕྱོགས་སུ་གངས་དཀར་རི་བོ་ལ་ཐུག་ཡོད་ལ། ལྷོ་ཕྱོགས་ནི་འབྲི་ཆུ་ལ་ཐག་ཉེ་ཞིང་། བྱང་ཕྱོགས་ནི་དཀར་མཛེས་ཁུལ་ལ་ཐུག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
木里藏族自治县
ཕྱི་ཡིག་གི་མིང་།
Tibetan Autonomous County of Muli
མིང་གཞན།
མུ་ལི་རྫོང་།
སྲིད་འཛིན་རིགས་དབྱེ།
རང་སྐྱོང་རྫོང་།
སྲིད་འཛིན་ཁོངས་གཏོགས།
ཀྲུང་གོའི་སི་ཁྲོན་ཞིང་ཆེན།
མངའ་ཁོངས།
ཆབ་འོད་གྲོང་རྡལ་ཏེ་གྲོང་རྡལ་གཅིག ཞོ་ལུང་ཡུལ་ཚོ་སོགས་ཡུལ་ཚོ་ཉེར་བརྒྱད། འབྲས་ཤིང་ཕྱུགས་ར་སོགས་ཕྱུགས་ར་དགུ་དང་ས་ཁུལ་གསུམ་བཅས་ཡོད།
སྲིད་གཞུང་གནས་ཡུལ།
ཆབ་འོད་གྲོང་རྡལ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0834
སྦྲག་སྲིད་ཨང་རྟགས།
615800
ས་གནས།
སི་ཁྲོན་ཞིང་ཆེན་གྱི་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་དུ་ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ས་ཡ་གཅིག་དང་འབུམ་གསུམ། ཉིས་ཁྲི་བཞི་སྟོང་དྲུག་བརྒྱ་སུམ་ཅུ་སོ་བརྒྱད་ཡོད།
མི་གྲངས།
ཆིག་འབུམ་སུམ་ཁྲི་བདུན་སྟོང་ཉིས་བརྒྱ་དྲུག་ཅུ་རེ་གཉིས་ཡོད། (སྤྱི་ལོ2011ལོར)
སྐད་རིགས།
བོད་སྐད། དབྱིས་སྐད།
གནམ་གཤིས།
མཐོ་སྒང་ནམ་ཟླ།
རླངས་འཁོར་ཨང་རྟགས།
川W
1 གནས་ཡུལ།

མུ་ལི་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་མཐའ་མཚམས་སུ་ཡོད་པ་དང་། ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་དུ་ཡོད་ཅིང་། ཤར་གྱི་གཞུང་ཐིག100°03′~101°40′དང་བྱང་གི་འཕྲེད་ཐིག27°40′~29°10′བར་དུ་གནས་པ་ཡིན།

མུ་ལི་རྫོང་གི་ཤར་ལྷོའི་ཕྱོགས་ནི་མེན་ཉིང་དང་ཡན་ཡོན་རྫོང་གཉིས་ལ་འབྲེལ་ཡོད་པ་དང་། སྲིད་འཛིན་ས་ཁོངས་མཐའ་མཚམས་ཀྱི་རིང་ཚད་ལ་སྟོང་སྨི217.75ཡོད་དེ། ནུབ་བྱང་གི་ཕྱོགས་ནི་དཀར་མཛེས་ཁུལ་གྱི་འདབ་པ་དང་ལི་ཐང་། ཉག་ཆུ། དར་མདོ། བརྒྱད་ཟིལ་བཅས་རྫོང་ལྔ་ལ་འབྲེལ་ནས་ཡོད་པ་དང་། སྲིད་འཛིན་ས་ཁོངས་མཐའ་མཚམས་ཀྱི་རིང་ཚད་ལ་སྟོང་སྨི520.7ཡོད་ཅིང་། ལྷོ་ཕྱོགས་དང་ནུབ་ཕྱོགས་ནི་སོ་སོར་ཡུན་ནན་ཞིང་ཆེན་གྱི་སེམས་ཀྱི་ཉི་ཟླ་རྫོང་དང་ཡུས་ལུང་འཇང་རིགས་རང་སྐྱོང་རྫོང་། ཉིང་ལང་དབྱིས་རིགས་རང་སྐྱོང་རྫོང་བཅས་ལ་ཐག་ཉེ་བ་དང་། སྲིད་འཛིན་ས་ཁོངས་མཐའ་མཚམས་ཀྱི་རིང་ཚད་ལ་སྟོང་སྨི134.81ཡོད། དེ་ཡང་ཤར་ཕྱོགས་ནི་ཉག་ཆུ་བརྒལ་བ་དང་། ནུབ་ཕྱོགས་སུ་གངས་དཀར་རི་བོ་ལ་ཐུག་ཡོད་ལ། ལྷོ་ཕྱོགས་ནི་འབྲི་ཆུ་ལ་ཐག་ཉེ་ཞིང་། བྱང་ཕྱོགས་ནི་དཀར་མཛེས་ཁུལ་ལ་ཐུག་ཡོད། ཡང་ཤར་ནུབ་ཀྱི་ཞེང་ལ་སྟོང་སྨི160ཡོད་པ་དང་། ལྷོ་བྱང་གི་རིང་ཚད་ལ་ཧ་ལམ་སྟོང་སྨི170ཡོད། གཞན་རྫོང་མི་དམངས་སྲིད་གཞུང་ནི་ཆབ་འོད་གྲོང་རྡལ་དུ་ཡོད་པ་ཡིན།

2 གནམ་གཤིས།

མུ་ལི་རྫོང་གི་གནམ་གཤིས་ཀྱི་ཁྱད་ཆོས་ནི་འཁྱག་པ་དང་དྲོ་བའི་དུས་ཚིགས་གཉིས་རེས་མོས་སུ་འཁོར་བ་ཡིན་ལ། ཐན་པ་དང་བཞའ་ཚན་གྱི་དུས་ཚིགས་ཧ་ཅང་མངོན་གསལ་ཡིན་པར་མ་ཟད། ལོ་ཧྲིལ་བོའི་ནང་གི་དྲོད་གྲང་གི་བར་ཁྱད་ཆུང་བ་དང་ཉིན་ཧྲིལ་བོའི་ནང་གི་དྲོད་གྲང་གི་བར་ཁྱད་ཆེ་བ། ཉི་མའི་འགྱེད་འཕྲོ་ཚ་ཅང་དྲག་པོ་ཡིན་པ། དུས་བཞིའི་དབྱེ་མཚམས་དེ་འདྲའི་མངོན་གསལ་མིན་པ་བཅས་ཀྱི་ཁྱད་ཆོས་ལྡན། དེ་ཡང་ལོ་ངོ་མང་བོའི་རིང་ལ་ཆ་སྙོམས་ཀྱི་དྲོད་ཚད་ནི14.0℃ཡིན་ཏེ། ཟླ་བ1པོའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི7.5℃ཡིན་པ་དང་། དྲོད་ཚད་ཆེས་དམའ་བའི་སྐབས་ལ-5.4℃ཡིན། ཡང་ཟླ་བ7པའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི18.9℃ཡིན་པ་དང་། དྲོད་ཚད་ཆེས་མཐོ་བའི་སྐབས་ལ33.6℃ཡིན།

3 མི་རིགས།

མུ་ལི་རྫོང་གི་ཁོངས་སུ་བོད་རིགས་དང་དབྱིས་རིགས། རྒྱ་རིགས། སོག་རིགས། ཧུའེ་རིགས། མིའོ་རིགས། འཇང་རིགས། པུའུ་དབྱི་རིགས། ལི་སུའུ་རིགས་སོགས་མི་རིགས22ཡོད་དེ། མི་གྲངས་སྟོང་གི་ཡན་ལ་སོན་པའི་མི་རིགས་ནི་བོད་རིགས་དང་དབྱིས་རིགས། རྒྱ་རིགས། སོག་རིགས། མིའོ་རིགས། འཇང་རིགས། པུའུ་དབྱི་རིགས་བཅས་མི་རིགས7ཡོད་ཅིང་། སྤྱི་ལོ2013ལོའི་བར་དུ། བོད་རིགས་ཀྱི་མི་གྲངས་ནི45056ཡིན་པ་དང་། རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི32.82%ཟིན་ཡོད། དབྱིས་རིགས་ཀྱི་མི་གྲངས་ནི41520ཡིན་པ་དང་། རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི30.25%ཟིན་ཡོད། རྒྱ་རིགས་ཀྱི་མི་གྲངས་ནི26280ཡིན་པ་དང་། རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི19.15%ཟིན་ཡོད། སོག་རིགས་ཀྱི་མི་གྲངས་ནི8869ཡིན་པ་དང་། རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི6.46%ཟིན་ཡོད། མིའོ་རིགས་ཀྱི་མི་གྲངས་ནི8813ཡིན་པ་དང་། རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི6.42%ཟིན་ཡོད།


བརྡ་འགྲེལ་གདོང་འཛར།

ས་ཁོངས། སི་ཁྲོན། མུ་ལི་རྫོང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-22

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།