ཅང་སུའུ་ཞིང་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅང་སུའུ་ཞིང་ཆེན།
ཅང་སུའུ་ཡི་མིང་བསྡུས་ན་སུའུ་ཞེས་འབོད་པ་དང་། ཞིང་ཆེན་གྱི་ལྟེ་གནས་ནི་ནན་ཅིང་ཞེས་འབོད་པ་ཡིན་ལ། ཀྲུང་གོའི་སྐམ་ས་ཆེན་པོའི་ཤར་རྒྱུད་མཚོ་འགྲམ་གྱི་ལྟེ་བར་ཡོད་ཅིང་། ཤར་གྱི་གཞུང་ཐིག116°18′—121°57′དང་བྱང་གི་འཕྲེད་ཐིག30°45′—35°20′བར་དུ་ཡོད། ཅང་སུའུ་ཞིང་ཆེན་གྱི་སྐམ་སའི་མཐའ་མཚམས་ལ་སྤྱི་ལེ3300 ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ126000 ཡོད་ལ། རྒྱལ་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི1.06%ཟིན་ཞིང་། མི་གྲངས་ཆ་སྙོམས་ཀྱི་རྒྱལ་ཁོངས་གཞི་ཁྱོན་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་ལས་ཆེས་ཉུང་བ་དེ་ཡིན། ཡང་ཅང་སུའུ་ཞིང་ཆེན་གྱི་ས་བབ་ནི་གཙོ་བོ་བདེ་ཐང་ཡིན་པ་དང་། བདེ་ཐང་གི་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ70000 ཡོད་ཅིང་། ཅང་སུའུ་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི70% ཡན་ལ་སོན་ཡོད་ལ། སྡུར་ཚད་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན། གཞན་སྤྱི་ལོ2014ལོར་བསྡོམས་རྩིས་བྱས་པ་ལྟར་ན། ཅང་སུའུ་ཞིང་ཆེན་གྱི་རྒྱུན་སྡོད་མི་གྲངས་ནི79606000 ཡིན་ལ། རྒྱལ་ཡོངས་ཀྱི་ཨང་ལྔ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江苏省
ཕྱི་ཡིག་གི་མིང་།
Jiangsu Province
མིང་གཞན།
སུའུ། ཅང་སུའུ།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཁུལ།
མངའ་ཁོངས།
ཞིང་ཆེན་རིམ་པའི་གྲོང་ཁྱེར་ཕལ་བ་གཅིག་དང་ས་ཁུལ་རིམ་པའི་གྲོང་ཁྱེར་བཅུ་གཉིས། རྫོང་རིམ་པའི་གྲོང་ཁྱེར་ཉེར་གསུམ། རྫོང་བཅུ་གཉིས།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
025-0510— 0527
སྦྲག་སྲིད་ཨང་རྟགས།
210000—226000
གནས་ཡུལ།
ཀྲུང་གོའི་ཤར་རྒྱུད་མཚོ་འགྲམ་དང་འབྲི་ཆུ། ཧོའེ་ཧོའི་གཙང་བོའི་སྨད་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཆིག་འབུམ་དང་གྲངས་ཆུང་གཉིས་དྲུག
མི་གྲངས།
བྱེ་བ་བདུན་དང་ས་ཡ་དགུ། དྲུག་འབུམ་དང་གྲངས་ཆུང་ཐིག་དྲུག(སྤྱི་ལོ2014ལོ)
སྐད་རིགས།
ཅང་ཧོའེ་སྤྱི་སྐད། ཝུའུ་སྐད། དབུས་རྒྱུད་སྤྱི་སྐད།
གནམ་གཤིས།
ཚ་དྲོད་ཁུལ་ནས་ཚ་ཁུལ་ཕལ་བར་བསྐྱོད་པའི་བར་བརྒལ་གྱི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཀྲུང་ཧྲན་ལིན། ཡོང་ལུང་ཧུའུ། ཁུང་ལུང་ཡོན། ཐེ་ཧུའུ། སུའུ་ཀྲོའུ་ཡོན་ལིན་སོགས།
གནམ་གྲུ་ཐང་།
ནན་ཅིང་ལུའུ་ཁོ་རྒྱལ་སྤྱིའི་གནམ་གྲུ་ཐང་། ཞུས་ཀྲོའུ་ཀོན་ཡུན་རྒྱལ་སྤྱིའི་གནམ་གྲུ་ཐང་། སུའུ་ནན་ཧྲའོ་ཧྥང་རྒྱལ་སྤྱིའི་གནམ་གྲུ་ཐང་།
རླངས་འཁོར་ཨང་རྟགས།
苏A—苏N
1 གནས་ཡུལ།

ཅང་སུའུ་ཞིང་ཆེན་ནི་ཀྲུང་གོའི་སྐམ་ས་ཆེན་པོའི་ཤར་རྒྱུད་མཚོ་འགྲམ་ས་ཁུལ་གྱི་དབུས་རྒྱུད་དུ་གནས་ཤིང་། འབྲི་ཆུ་དང་ཧོའེ་ཧོའི་གཙང་བོའི་སྨད་རྒྱུད་དུ་ཡོད་ལ། ཤར་ཕྱོགས་ནས་ཧོང་ཧའེ་དང་སྦྲེལ་བ་དང་། བྱང་ཕྱོགས་སུ་ཧྲན་ཏུང་དང་སྦྲེལ་ཡོད། ཡང་ནུབ་ཕྱོགས་སུ་ཨན་ཧུའེ་དང་སྦྲེལ་ཞིང་། ཤར་ལྷོའི་ཕྱོགས་སུ་ཧྲང་ཧའེ་དང་ཀྲེ་ཅང་གཉིས་ལ་སྦྲེལ་ཡོད་ལ། དེ་ནི་འབྲི་ཆུ་སན་ཅོ་ཀྲོའུ་ས་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།

2 ས་དབྱིབས།

ཅང་སུའུ་ཞིང་ཆེན་གྱི་ས་བབ་ནི་གཙོ་བོ་བདེ་ཐང་ཡིན་ལ། བདེ་ཐང་གི་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ700000 ལྷག་ཡོད་པ་དང་། ཅང་སུའུ་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི70% ཡན་ཟིན་ཡོད་ཅིང་། སྡུར་ཚད་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན། དེ་ནི་གཙོ་བོ་སུའུ་པེ་བདེ་ཐང་དང་ཧོང་ཧོའེ་བདེ་ཐང་། ཅང་ཧོའེ་བདེ་ཐང་། པིན་ཧའེ་བདེ་ཐང་། འབྲི་ཆུ་སན་ཅོ་ཀྲོའུ་བཅས་ཀྱིས་གྲུབ་པ་ཡིན། ཡང་ཅང་སུའུ་ཞིང་ཆེན་གྱི་ས་བབ་ནི་དམའ་ཞིང་བདེ་བ་དང་མཚོ་དང་མཚེའུ་མང་ལ། བདེ་ཐང་དང་ཆུའི་ཐོན་ཁུངས་ཀྱི་སྡུར་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི90%ཡན་ཟིན་པ་དང་། སྡུར་ཚད་དེ་ནི་སྔར་བཞིན་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་ཞིང་། དེ་ནི་ཅང་སུའུ་ཞིང་ཆེན་གྱི་ས་ཁམས་ཐད་ཀྱི་ཁྱད་ཆོས་ཀྱང་རེད།

ཅང་སུའུ་ཞིང་ཆེན་ནི་རྒྱལ་ཡོངས་ཀྱི་ས་བབ་ཆེས་དམའ་བའི་ཞིང་ཆེན་ཞིག་ཡིན་ལ། ས་ཁུལ་མང་ཆེ་བའི་མཚོ་འཕགས་ནི་སྨི50མན་ཡིན་ཞིང་། ལྷོ་ནུབ་ཕྱོགས་སུ་ དེའུ་འབུར་དང་རི་བོ་ཧ་ཅང་དམའ་བ་ཡོད་པ་དང་། ཅང་སུའུ་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་ལས་40.3%ཟིན། རི་རྒྱུད་གཙོ་བོ་ལ་ལའོ་ཧྲན་རི་རྒྱུད་དང་ཐའེ་ཧྲན་རི་རྒྱུད། ཉིང་ཀྲེན་རི་རྒྱུད། མའོ་ཧྲན་རི་རྒྱུད། དབྱི་ལི་རི་རྒྱུད་བཅས་ཡོད།

3 ཆུ་དཔྱད།

ཅང་སུའུ་ཞིང་ཆེན་ནི་འབྲི་ཆུ་དང་ཧོའེ་ཧོའི་གཙང་བོ་སོགས་ཀྱི་སྨད་རྒྱུད་དུ་ཡོད་ལ། འབྲི་ཆུ་ནི་ཅང་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད་འཕྲེད་ཀྱིས་བརྒལ་བ་དང་། དེ་ནི་ཞིང་ཆེན་དེའི་ཆུའི་ཐོན་ཁུངས་གཙོ་བོ་ཡིན། དེ་ཡང་ཞིང་ཆེན་དེའི་ཁོངས་སུ་ཐའེ་ཧུའུ་དང་ཧུང་ཙེ་ཧུའུ། ཀོ་ཡིའུ་ཧུའུ། ཐུའོ་མ་ཧུའུ། པེ་མ་ཧུའུ། ཧྲི་ཅིའུ་ཧུའུ། ཧུའེ་ཧྲན་ཧུའུ་སོགས་མཚེའུ་ཆེ་ཆུང་ཅི་རིགས་དང་། ཡུན་ཧོ་དང་ཧོའེ་ཧྲུའུ་ཧོ། ཁྲོན་ཁྲང་ཧོ། ཀོན་ཧོ། ཡན་ཧོ། ཐུང་ཡུས་ཡུན་ཧོ་སོགས་འབབ་ཆུའི་ཡན་ལག་ཤིན་ཏུ་མང་བོ་ཡོད། ཡང་རྒྱལ་ཡོངས་ཀྱི་ཚྭ་མེད་མཚེའུ་ཆེན་པོ་ལྔའི་ཁྲོད་ཀྱི་གཉིས་ནི་ཅང་སུའུ་ཞིང་ཆེན་དུ་ཡོད་པ་དང་། ཐའེ་ཧུའུ་ལ་སྤྱི་ལེ་གྲུ་བཞི་མ2250 ཡོད་དེ། ཨང་གསུམ་པར་བགྲངས་ཤིང་། ཧུང་ཙེ་ཧུའུ་ལ་སྤྱི་ལེ་གྲུ་བཞི་མ2069 ཡོད་དེ། ཨང་བཞི་བར་བགྲངས་པ་ཡིན་ལ། དེ་ལས་གཞན་མཚེའུ་ཆེ་ཆུང290 ལྷག་ཡོད་ཅིང་། དེའི་ཁྲོད་དུ་སྤྱི་ལེ50 ཡན་ལ་བརྒལ་བའི་མཚེའུ12 ཡོད།

4 གནམ་གཤིས།

ཅང་སུའུ་ཞིང་ཆེན་ནི་དྲོད་ཁུལ་ནས་ཚ་ཁུལ་ཕལ་བར་བསྐྱོད་པའི་བར་བརྒལ་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ནམ་ཟླ་དྲོ་ཞིང་འཇམ་ལ་ཆར་ཆུ་འབབ་ཚད་འོས་འཚམ་ཡིན་པར་མ་ཟད། དུས་བཞིའི་དབྱེ་མཚམས་ཧ་ཅང་མངོན་གསལ་ཡིན་ལ། ས་ཆ་སོ་སོའི་ཆ་སྙོམས་ཀྱི་དྲོད་ཚད་ནི13℃ ནས16℃ བར་ཡིན་ཞིང་། ཆེས་འཁྱག་པའི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་གོར་ཐིག་མན་གྱི-1℃ ནས3℃ ལྷག་ཡིན། ཡང་ཆེས་དྲོ་བའི་དུས་ནི་ཟླ་བདུན་པ་ཡིན་ལ། མཚོ་འགྲམ་གྱི་ས་ཁུལ་མང་ཆེ་བར་ཆེས་དྲོ་བའི་དུས་ནི་ཟླ་བརྒྱད་པ་ཡིན་ཞིང་། ཆ་སྙོམས་ཀྱི་དྲོད་ཚད་ནི26℃ནས28℃ ལྷག་གི་བར་ཡིན།

5 མི་རིགས།

ཅང་སུའུ་ཞིང་ཆེན་གྱི་མི་གྲངས་ཆེས་མང་བའི་མི་རིགས་ནི་རྒྱ་རིགས་ཡིན་ལ། དེ་ནི་ གྲངས་ཉུང་མི་རིགས་ཐོར་སྡོད་ཀྱི་ཞིང་ཆེན་ཞིག་ཡིན། རྒྱལ་ཡོངས་ཀྱི་མི་གྲངས་ཞིབ་བཤེར་ཐེངས་དྲུག་པས་བསྡོམས་རྩིས་ལྟར་ན། གྲངས་ཉུང་མི་རིགས་ལ་མི་གྲངས700000 ཡོད་པ་དང་། དེའི་ཁྲོད་དུ་རྒྱུན་སྡོད་ཀྱི་མི་གྲངས་ནི383926 ཡིན་ལ། ཅང་སུའུ་ཞིང་ཆེན་གྱི་སྤྱིའི་མི་གྲངས་ཀྱི0.5%ཟིན་པ་ཡིན། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཞིང་ཆེན། ཅང་སུའུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-05

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།