མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་དུ་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་རང་སྐྱོང་ཁུལ་ཞིག་ཡིན་ལ། མཚོ་སྔོན་པོའི་ནུབ་ཕྱོགས་སུ་ཡོད། བྱང་ཕྱོགས་སུ་ཀན་སུའུ་ཞིང་ཆེན་གྱི་ཅིའུ་ཆོན་གྲོང་ཁྱེར་ལ་ཐག་ཉེ་བ་དང་། ནུབ་ཕྱོགས་སུ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་པ་དབྱིན་ཀུའོ་སོག་རིགས་རང་སྐྱོང་ཁུལ་དང་འབྲེལ་ནས་ཡོད་ཅིང་། ལྷོ་ཕྱོགས་སུ་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་དང་མགོ་ལོག་ཁུལ་གཉིས་ལ་འབྲེལ་ཡོད་ལ། ཤར་ཕྱོགས་སུ་མཚོ་སྔོན་ཞིང་ཆེན་གྱི་མཚོ་བྱང་དང་མཚོ་ལྷོ་ཁུལ་གཉིས་ལ་ཐག་ཉེ་བ་ཡིན། དེ་ནི་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་དང་། བོད་རང་སྐྱོང་ལྗོངས། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་བཅས་ཕན་ཚུན་འགྲོ་འོང་གི་ལྟེ་གནས་ས་ཁུལ་ཡིན། ཁོངས་གཏོགས་ས་ཁུལ་ལ་རྫོང་རིམ་པའི་གྲོང་ཁྱེར་གཉིས་དང་རྫོང་གསུམ། རྫོང་རིམ་པའི་སྲིད་འཛིན་ཨུ་ཡོན་ལྷན་ཚོགས་གསུམ་བཅས་ཡོད་ཅིང་། ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ325785ཡོད་པ་དང་། མི་གྲངས་ལ380000ཡོད་ལ། ཤར་རྒྱུད་ཀྱི་རྫོང་གསུམ་དང་གྲོང་ཁྱེར་གཅིག་ནི་ཞིང་ཕྱུགས་ལས་ས་ཁུལ་ཡིན་པ་དང་། ནུབ་རྒྱུད་ཀྱི་གྲོང་ཁྱེར་གཅིག་དང་སྲིད་འཛིན་ཨུ་ཡོན་ལྷན་ཚོགས་གསུམ་ནི་གཏེར་ཁུལ་ཡིན། གཞན་ཁུལ་མི་དམངས་སྲིད་གཞུང་ནི་གཏེར་ལེན་ཁ་གྲོང་ཁྱེར་དུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海西蒙古族藏族自治州
ཕྱི་ཡིག་གི་མིང་།
Haixi Mongolian and Tibetan Autonomous Prefecture
མིང་གཞན།
མཚོ་ནུབ་ཁུལ།
སྲིད་འཛིན་རིགས་དབྱེ།
རང་སྐྱོང་ཁུལ།
སྲིད་འཛིན་ཁོངས་གཏོགས།
ཀྲུང་གོའི་མཚོ་སྔོན་ཞིང་ཆེན།
མངའ་ཁོངས།
གཏེར་ལེན་ཁ་དང་ན་གོར་མོ་རྫོང་རིམ་པའི་གྲོང་ཁྱེར་གཉིས་དང་། དུར་ལམ་སོགས་རྫོང་གསུམ། རྫོང་རིམ་པའི་སྲིད་འཛིན་ཨུ་ཡོན་ལྷན་ཚོགས་གསུམ་བཅས་ཡོད།
སྲིད་གཞུང་གནས་ཡུལ།
གཏེར་ལེན་ཁ་གྲོང་ཁྱེར།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0977
སྦྲག་སྲིད་ཨང་རྟགས།
817000
ས་གནས།
མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་དང་མདོ་དབུས་མཐོ་སྒང་གི་བྱང་རྒྱུད་དུ་ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་སུམ་འབུམ་ཉིས་ཁྲི་ལྔ་སྟོང་བདུན་བརྒྱ་བརྒྱད་ཅུ་གྱ་ལྔ་ཡོད།
མི་གྲངས།
སུམ་འབུམ་བརྒྱད་ཁྲི་ཡོད། (སྤྱི་ལོ2010ལོར)
སྐད་རིགས།
བོད་སྐད། སོག་སྐད། རྒྱ་སྐད།
གནམ་གཤིས།
མཐོ་སྒང་སྐམ་ས་ཆེན་པོ་རང་བཞིན་གྱི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
འབྲི་ཆུའི་འགོ་ཁུངས། ཁུ་ནུ་རི་བོ། རི་བོ་བྲག་དཀར་ཐེམ་ཆེན། ཚ་འདམ་ཆེ་བའི་ཆུ་ཁོལ།
མེ་འཁོར་ས་ཚུགས།
གཏེར་ལེན་ཁ་ས་ཚུགས། ན་གོར་མོ་ས་ཚུགས།
གནམ་གྲུ་ཐང་།
གཏེར་ལེན་ཁ་གནམ་ཐང་། ན་གོར་མོ་གནམ་ཐང་།
རླངས་འཁོར་ཨང་རྟགས།
青H
1 གནས་ཡུལ།

མཚོ་ནུབ་ཁུལ་ནི་མདོ་དབུས་མཐོ་སྒང་གི་བྱང་རྒྱུད་དང་མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་དུ་ཡོད་དེ། ལྷོ་ཕྱོགས་ནས་བོད་རང་སྐྱོང་ལྗོངས་ལ་ཐུག་པ་དང་། བྱང་ཕྱོགས་ནས་ཀན་སུའུ་ཞིང་ཆེན་ལ་ཐུག་ཡོད། ནུབ་ཕྱོགས་ནས་ཞིན་ཅང་ལ་ཐུག་ཡོད། ཡང་ཤར་ཕྱོགས་སུ་མཚོ་སྔོན་ཞིང་ཆེན་གྱི་མཚོ་བྱང་དང་མཚོ་ལྷོ་ཁུལ་གཉིས་ལ་ཐག་ཉེ་ཞིང་། ཤར་གྱི་གཞུང་ཐིག90°006'~99°042'དང་བྱང་གི་འཕྲེད་ཐིག35°001'~39°020' བར་དུ་གནས་པ་ཡིན་ལ། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་དང་། བོད་རང་སྐྱོང་ལྗོངས། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་བཅས་ཕན་ཚུན་འགྲོ་འོང་གི་ལྟེ་གནས་ས་ཁུལ་ཡིན་པར་མ་ཟད། བོད་རང་སྐྱོང་ལྗོངས་ལ་འགྲོ་བའི་རྒྱུ་ལམ་ཡང་ཡིན། དེ་ཡང་མཚོ་ནུབ་ཁུལ་ནི་མཚོ་སྔོན་པོའི་ནུབ་ངོགས་སུ་ཡོད་པས་མིང་ལ་མཚོ་ནུབ་ཏུ་ཐོགས་པ་ཡིན། གཞན་ཁུལ་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ837ཡོད་པ་དང་། ལྷོ་བྱང་གི་ཞེང་ལ་སྤྱི་ལེ486ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ32.58ཡོད་དེ། མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི45.17% ཟིན་ཡོད།

2 གནམ་གཤིས།

མཚོ་ནུབ་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་དུ་ཡོད་དེ། ས་ཁུལ་མང་ཆེ་བ་ནི་ཚ་འདམ་གཤོངས་སར་ཡོད་ལ། དཔེ་མཚོན་གྱི་མཐོ་སྒང་སྐམ་ས་ཆེན་པོ་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དེ་ཡི་ནམ་ཟླ་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་ཏེ། དུས་བཞིའི་དབྱེ་བ་མེད་པ་དང་ཉི་མའི་འགྱེད་འཕྲོ་དྲག་པོ་ཡིན་པ། ཉིན་མཚན་གྱི་དྲོད་གྲང་གི་བར་ཁྱད་ཆེ་བ། ཐན་པ་ཆེ་བ། རླུང་གཡུག་པ། ཆར་ཆུ་ཉུང་བ་བཅས་ཡིན། ཡང་ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི4℃ཡས་མས་ཡིན་པ་དང་། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧོ་སྨི177ཡིན་ལ། ཆར་ཆུ་བརྒྱ་ཆའི་དགུ་བཅུ་ནི་ཟླ་བ5བ་ནས9བའི་བར་གྱི་དུས་ཡུན་ལ་འབབ་པ་དང་། བསིལ་ཞིང་བཞའ་ཚན་ཆེ་བའི་དུས་སམ་ཟླ་བ7པ་ནས8པའི་ནང་དུ་མཚོ་ནུབ་ཏུ་གནས་སྐོར་ལྗོངས་རྒྱུར་འགྲོ་བའི་དུས་ཡག་ཤོས་ཡིན།


བརྡ་འགྲེལ་གདོང་འཛར།

ས་ཁོངས། མཚོ་སྔོན། མཚོ་ནུབ་ཁུལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-28

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།