བདེ་ཆེན་བོད་རིགས་རང་སྐྱོང་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ།
བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་ཞིང་ཆེན་གྱི་རང་སྐྱོང་ཁུལ8ཀྱི་གྲས་ཤིག་དང་སེམས་ཀྱི་ཉི་ཟླའི་ལྟེ་བའི་གྲོང་ཁྱེར་ཞིག་རེད། ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ཡུན་ནན། བོད་ལྗོངས། སི་ཁྲོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། མཚོ་བོད་ས་མཐོའི་ལྷོ་བྱང་གི་འཕྲེད་རྒྱུག་རི་རྒྱུད་ཁག་གཅིག་ཏུ་ཁྱབ་ཅིང་། འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གྲགས་ཅན་གྱི་དབུས་སུ་གནས་ཤིང་། རྫ་ཆུ་དང་འབྲི་ཆུ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་ཁྱབ་པ་དང་། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ23870ཟིན་པ་བཅས་རེད། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་རྫོང(བདེ་ཆེན་རྫོང)1དང་། རང་སྐྱོང་རྫོང(ཝེ་ཞི་ལི་སུའུ་རིགས་རང་སྐྱོང་རྫོང)1 རྫོང་རིམ་པའི་གྲོང་ཁྱེར(སེམས་ཀྱི་ཉི་ཟླ་གྲོང་ཁྱེར)1ལ་དོ་དམ་བྱས་ཡོད། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་མི་རིགས26ཡོད་པ་དང་། མི་སྟོང་ཡན་གྱི་བོད་རིགས་དང་། ལི་སུའུ་རིགས། རྒྱ་རིགས། འཇང་རིགས། པའེ་རིགས། ཧུའེ་རིགས། དབྱིས་རིགས། མིའོ་རིགས། ཕུའུ་སྨི་སོགས་མི་རིགས9ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
迪庆藏族自治州
ཕྱི་ཡིག་གི་མིང་།
Diqing Tibetan Autonomous Prefecture
མིང་གཞན།
བདེ་ཆེན་ཁུལ།
སྲིད་འཛིན་རིགས་དབྱེ།
རང་སྐྱོང་ཁུལ།
སྲིད་འཛིན་ཁོངས་གཏོགས།
ཀྲུང་གོའི་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་གཏོགས།
མངའ་ཁོངས།
སེམས་ཀྱི་ཉི་ཟླ་རྫོང་།བདེ་ཆེན་རྫོང་། ལི་སུའུ་རིགས་རང་སྐྱོང་རྫོང་བཅས་རྫོང་གསུམ་ཡོད།
སྲིད་གཞུང་གནས་ཡུལ།
སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0887
སྦྲག་སྲིད་ཨང་རྟགས།
674400
ས་གནས།
ཡུན་ནན་ཞིང་ཆེན་གྱི་བྱང་རྒྱུད་དུ་ཡོད་དེ། སི་ཁྲོན་དང་ཡུན་ནན། མཚོ་སྔོན་བཅས་ཞིང་ཆེན་གསུམ་དང་། བོད་རང་སྐྱོང་ལྗོངས་བཅས་ཀྱི་ས་མཚམས་སུ་ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཉིས་ཁྲི་སུམ་སྟོང་བརྒྱད་བརྒྱ་དང་བདུན་ཅུ་ཡོད།
མི་གྲངས།
འབུམ་བཞི་ཡོད། (སྤྱི་ལོ2010ལོར)
སྐད་རིགས།
བོད་ཁམས་པའི་སྐད།
གནམ་གཤིས།
དྲོད་ཁུལ་དང་དྲོད་གྲང་ཁུལ་གྱི་དུས་རླུང་གི་ནམ་ཟླ།
མཛེས་ལྗོངས་གྲགས་ཆེན།
སེམས་ཀྱི་ཉི་ཟླ། ཁ་བ་དཀར་པོ་གངས་རི་དང་ནགས་ཕག་མཚོ་སོགས་ཡོད།
རླངས་འཁོར་ཨང་རྟགས།
云R
1 ​ལོ་རྒྱུས་འཕེལ་རིམ།

མིན་གོའི་སྲིད་ལོ་དང་པོར་རྒྱལ་ཐང་དང་འབའ་ལུང་རྫོང་དུ་བསྒྱུར་ཞིང་། ཡུན་ནན་ཞིང་ཆེན་གྱི་ཐེང་ཡུའེ་ཏའོ་ཡི་ཐད་གཏོགས་མངའ་ཁོངས་སུ་བསྒྱུར།

མིན་གོའི་སྲིད་ལོ་ཉེར་གཅིག་པར(སྤྱི་ལོ1932ལོར)ཨ་ཐོ་ཙི་ནི་བདེ་ཆེན་བཅོས་སྐྱོང་ཅུས་སུ་བསྒྱུར།  

སྤྱི་ལོ1949ལོའི་ཟླ7པར་འབའ་ལུང་རྫོང་མི་དམངས་སྲིད་གཞུང་བཙུགས།

སྤྱི་ལོ1950ལོའི་ཟླ5པར་རྒྱལ་ཐང་ཞི་བས་བཅིངས་འགྲོལ་བཏང་ནས་རྫོང་མི་དམངས་སྲིད་གཞུང་བཙུགས། དེ་དང་བསྟུན་ནས་བདེ་ཆེན་ཀྱང་ཞི་བའི་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་ཤིང་བཅོས་སྐྱོང་ཅུས་བཙུགས།

སྤྱི་ལོ1951ལོའི་ཟླ4པར་རྫོང་རིམ་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས།

སྤྱི་ལོ1952ལོར་མིང་བདེ་ཆེན་རྫོང་ཞེས་པར་བསྒྱུར།

སྤྱི་ལོ1957ལོའི་ཟླ9བའི་ཚེས13ཉིན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས། རང་སྐྱོང་ཁུལ་མི་དམངས་ཨུ་ཡོན་ལྷན་ཁང་ནི་ཀྲུང་ཏན་རྫོང་དུ་ཡོད། དེ་སྔོན་ས་དམ་ཆེད་ཁུལ་དུ་གཏོགས་པའི་རྒྱལ་ཐང་དང་། ཝེ་ཞི། བདེ་ཆེན་བཅས་རྫོང3བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དོ་དམ་མངའ་ཁོངས་སུ་བཅུག བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་སྔར་བཞིན་ལི་ཅང་ས་ཁུལ་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱི་ཡོད།

སྤྱི་ལོ1973ལོའི་ཟླ8པར། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཞིང་ཆེན་ཐད་གཏོགས་མངའ་ཁོངས་སུ་གཏོགས་པ་ཡིན།   

སྤྱི་ལོ2014ལོའི་ཟླ12པའི་ཚེས16ཉིན《ཡུན་ནན་ཞིང་ཆེན་གྱིས་སེམས་ཀྱི་ཉི་ཟླ་རྫོང་དུ་རྫོང་རིམ་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འཛུགས་རྒྱུར་མོས་མཐུན་བྱུང་བའི་སྐོར་གྱི་དམངས་སྲིད་པུའི་མཆན་བཀོད་བཀའ་ལན》ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་སེམས་ཀྱི་ཉི་ཟླ་རྫོང་མེད་པ་བཟོས་ནས་རྫོང་རིམ་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བཙུགས་ཤིང་། དེ་སྔའི་སེམས་ཀྱི་ཉི་ཟླ་རྫོང་གི་སྲིད་འཛིན་ས་ཁོངས་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་རྒྱལ་ཐང་གྲོང་རྡལ་ཅིན་ཧྲ་ལམ་ཨང22པར་ཡོད།

2 སྲིད་འཛིན་ཁོངས་བགོས།    

སྤྱི་ལོ2010ལོའི་བར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་རྫོང་རིམ་པའི་སྲིད་འཛིན་ཁུལ3ཡོད་ལ་དེའི་མངའ་ཁོངས་སུ་རྫོང་རིམ་པའི་གྲོང་ཁྱེར1དང་། རྫོང1 རང་སྐྱོང་རྫོང1བཅས་ཚུད་ཡོད་པ་དེ་དག་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་། བདེ་ཆེན་རྫོང་། ཝེ་ཞི་ལི་སུའུ་རིགས་རང་སྐྱོང་རྫོང་བཅས་རེད། བཅའ་སྡོད་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་ནི་ སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཁྲང་ཀྲིན་ལམ་ཆེན་ཨང21པར་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་ཞིང་ཆེན་གྱི་རང་སྐྱོང་ཁུལ8ཀྱི་གྲས་ཤིག་དང་སེམས་ཀྱི་ཉི་ཟླའི་ལྟེ་བའི་གྲོང་ཁྱེར་ཞིག་རེད། ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ཡུན་ནན། བོད་ལྗོངས། སི་ཁྲོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། མཚོ་བོད་ས་མཐོའི་ལྷོ་བྱང་གི་འཕྲེད་རྒྱུག་རི་རྒྱུད་ཁག་གཅིག་ཏུ་ཁྱབ་ཅིང་། འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གྲགས་ཅན་གྱི་དབུས་སུ་གནས་ཤིང་། རྫ་ཆུ་དང་འབྲི་ཆུ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་ཁྱབ་པ་དང་། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ23870ཡོད།

3_2 ནམ་ཟླ།

བདེ་ཆེན་ཁུལ་གྱི་གནམ་གཤིས་ནི་དྲོད་ཁུལ་དང་དྲོད་གྲང་ཁུལ་གྱི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི4.7℃—16.5℃ཡིན་ཏེ། དྲོད་ཚད་ཆེས་མཐོ་བའི་སྐབསས་སུ25.1℃ཡིན་པ་དང་། དྲོད་ཚད་ཆེས་དམའ་བའི་སྐབསས་སུ—27.4℃ཡིན།

4 མི་འབོར་དང་མི་རིགས།    
4_1 མི་འབོར།    

སྤྱི་ལོ2018ལོའི་ལོ་མཇུག་བར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱུན་སྡོད་མི་འབོར་ཁྲི41.4ཟིན་པ་དང་ཐེམ་ཐོའི་མི་འབོར369198ཡོད་པ་རེད། གྲངས་ཉུང་མི་རིགས་ཀྱི་མི་འབོར328899ཡོད་པ་དེས་སྤྱིའི་མི་འབོར་གྱི89.08%བཟུངཡོད། དེའི་ནང་བོད་རིགས་མི་འབོར133199ཡོད་པ་དེས་སྤྱིའི་མི་འབོར་གྱི36.08%བཟུང་བ་དང་། ལི་སུའུ་རིགས་ཀྱི་མི་འབོར111837ཡོད་པ་དེས་སྤྱིའི་མི་འབོར་གྱི30.29%བཟུང་། འཇང་རིགས་ཀྱི་མི་འབོར46586ཡོད་པ་དེས་སྤྱིའི་མི་འབོར་གྱི12.62%བཟུང་ཡོད། ཁུལ་ཡོངས་ཀྱི་མི་འབོར་སྐྱེ་ཚད9.52‰དང་། མི་འབོར་ཤི་ཚད5.13‰ མི་འབོར་རང་བྱུང་འཕར་ཚད4.396‰མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད35.75%བཅས་ཟིན་ཡོད།     

4_2 མི་རིགས།    

སྤྱི་ལོ2018ལོའི་ལོ་མཇུག་བར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་སྟོང་ཡན་གྱི་མི་རིགས5ཡོད་པ་དེ་དག་ནི་དབྱིས་རིགས16332དང་། པའེ་རིགས15162  ཕུའུ་སྨི་རིགས2270  མིའོ་རིགས1510  ཧུའེ་རིགས1107བཅས་ཡོད་པ་རེད།

5 དཔལ་འབྱོར།    

སྤྱི་ལོ2018ལོར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རིམ་རྩིས་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་ཁྲི2175236ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས9.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི125602ཟིན་པ་དེ་དུས་མཚུངས་ལས6.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི901662ཟིན་པ་དེ་དུས་མཚུངས་ལས15.3%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི1147972ཟིན་པ་དེ་དུས་མཚུངས་ལས5.9%འཕར་ཡོད། ལོ་ཧྲིལ་པོར་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕར་ཐང་སྒོར་ཁྲི991367ཟིན་ནསས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི45.6%ཟིན་ཡོད། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར52669ཟིན་ནས་སྒོར4335འཕར་བ་དེ་དུས་མཚུངས་ལས8.9%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱིསGDPནང་བཟུང་བའི་བསྡུར་ཚད་དེ་ལོ་གོང་མའི6:38.7:55.3ནས5.8:41.4:52.8བར་ལེགས་སྒྲིག་བྱས་ཡོད། ཐོན་ལས་དང་པོའི་བསྡུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.2ཆག་པ་དང་། ཐོན་ལས་གཉིས་པའི་བསྡུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས2.7འཕར་བ། ཐོན་ལས་གསུམ་པའི་བསྡུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས2.5ཆག་པ་བཅས་རེད།     སྤྱི་ལོ2018ལོར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རིམ་རྩིས་བྱས་ན་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི221507ལེགས་གྲུབ་བྱུང་ནས17.95%འཕར་ཡོད། རིམ་རྩིས་བྱས་ན་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི114524ཟིན་ནས12.57%འཕར་ཡོད། ལོ་ཧྲིལ་པོར་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོ་སྒོར་ཁྲི1600761ཟིན་ནས14.39%འཕར་ཡོད། 

སྤྱི་ལོ2018ལོ་བར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རིམ་རྩིས་བྱས་ན་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི2049198བཏང་ནས11.7%འཕར་ཡོད། ཐོན་ལས་དབྱེ་ནས་མ་འཇོག་བྱས་པར་གཞིགས་ན། ཐོན་ལས་དང་པོར་ཁྱོན་མ་དངུལ་སྒོར་ཁྲི22768བཏང་ནས72.2%ཆག་པ་དང་། ཐོན་ལས་གཉིས་པར་མ་དངུལ་སྒོར་ཁྲི492912བཏང་ནས37.1%འཕར་ཡོད། དེའི་ནང་བཟོ་ལས་མ་འཇོག་སྒོར་ཁྲི492912ལེགས་གྲུབ་ཟིན་ནས37.1%འཕར་བ་དང་། གློག་མིན་པའི་བཟོ་ལས་ལ་མ་དངུལ་སྒོར་ཁྲི63982བཏང་ནས19.9%ཆག་ཡོད། ཐོན་ལས་གསུམ་པར་མ་དངུལ་སྒོར་ཁྲི1533518བཏང་ནས10.1%འཕར་ཡོད། མ་འཇོག་བསྡོམས་འབོར་ཁྲོད་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་ཁྲི83301བཏང་ནས108.7%འཕར་ཡོད། ལོ་ཧྲིལ་པོར་རྣམ་གྲངས230གསར་དུ་ལས་འགོ་ཚུགས་ཡོད།     སྤྱི་ལོ2018ལོ་བར་སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་སྟོན་གྲངས(CPI)ལོ་གོང་མ་ལས1.7%འཕར་བའི་ནང་བཟའ་བཅའ་ཐ་མག་དང་ཨ་རག་རིགས0.1%འཕར་ཡོད། ཚོང་ཟོག་སིལ་འཚོང་རིན་གོང་གི་སྤྱིའི་བསྡུར་གྲངས་ལོ་གོང་མ་ལས1%འཕར་བ་དང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆས་ཀྱི་རིན་གོང་སྟོན་གྲངས6.6%འཕར་ཡོད། བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱིས་རིན་གོང་བསྡོམས་འབོར་གྱི་སྟོན་གྲངས་རིམ་རྩིས་བྱས་ན0.2%ཆག་པ་དང་། བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་རིན་གོང་བསྡོམས་འབོར་རིམ་རྩིས་བྱས་ན0.7%འཕར་ཡོད།

5_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར་བདེ་ཆེན་ཁུལ་གྱིས་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི216105ཟིན་ནས6.2%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི94508ཟིན་ནས5.5%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི33457ཟིན་ནས7.4%འཕར། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི65121ཟིན་ནས7.7%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི4680ཟིན་ནས6%འཕར། ཞིང་ནགས་འབྲོག་ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི18339ཟིན་ནས2.7%འཕར་ཡོད།     སྤྱི་ལོ2018ལོར་བདེ་ཆེན་ཁུལ་གྱི་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང42583ཟིན་ནས0.09%འཕར་བ་དང་ལོ་ཧྲིལ་པོར་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན154059ཟིན་ནས0.85%འཕར་ཡོད། དེའི་ནང་དབྱར་འབྲུ་ཏུན40895དང་སྟོན་འབྲུ་ཏུན113164ཡོད། དཔལ་འབྱོར་སྐྱེ་དངོས་འདེབས་ཁྱོན་སྤྱི་ཆིང17720ཟིན་ནས་སྤྱི་ཆིང951འཕར་བའི་ནང་སྣུམ་རྒྱུ་འདེབས་ཁྱོན་སྤྱི་ཆིང2133ཟིན་ནས2.4%ཆག་པ་དང་། རྡོ་ཐ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང720སྤྱི་ཆིང23ཉུང་དུ་ཕྱིན། སྨན་རྒྱུ་འདེབས་ཁྱོན་སྤྱི་ཆིང8469ཟིན་ནས་སྤྱི་ཆིང1162མང་དུ་ཕྱིན། སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང668ཟིན་ནས་སྤྱི་ཆིང404མང་དུ་ཕྱིན་ཡོད།      སྤྱི་ལོ2018ལོ་བར་བདེ་ཆེན་ཁུལ་གྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ409944.4ཟིན་ཡོད། དེའི་ནང་ཞིང་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་ཏུན78327.1དང་། ཕྱུགས་ལས་གསོ་ཚགས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ16851.41 ཉ་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ1413བཅས་ཡོད་པ་རེད། ལོ་ཧྲིལ་པོར་རིམ་རྩིས་བྱས་ན་ཞིང་འཕྲུལ་ཅན་ལ་མ་དངུལ་སྒོར་ཁྲི812.25བཏང་ཡོད། གྲོང་གསེབ་ཏུ་རིམ་རྩིས་བྱས་ན་གློག་སྟོང་ཝ་ཁྲི9139ཟིན་པ་དང་ཞིང་སྤྱོད་རྫས་ལུད་སྤྱོད་ཚད་ཏུན་ཁྲི1.61དང་ཞིང་སྨན་སྤྱོད་ཚད་ཏུན216ཟིན་ཡོད།   

5_2 ཐོན་ལས་གཉིས་པ། 

སྤྱི་ལོ2018ལོར་བདེ་ཆེན་ཁུལ་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི235642ཟིན་ནས16.4%འཕར་ཡོད། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི2000ཡན་ཟིན་པའི་བཟོ་ལས་ཁེ་ལས་ཁྱོན25ཡོད་པ་དང་ལོ་ཧྲིལ་པོར་རིམ་རྩིས་བྱས་ན་རིན་ཐང་འཕར་མ་སྒོར་ཁྲི223078.22ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས17.2%འཕར་བའི་ནང་ཡང་བའི་བཟོ་ལས་ཀྱིས་སྒོར་ཁྲི31715.77ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས15.4%ཆག་པ་དང་། ལྕི་བའི་བཟོ་ལས་སྒོར་ཁྲི191362.45ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས24.8%འཕར་ཡོད།     སྤྱི་ལོ2018ལོ་བར་བདེ་ཆེན་ཁུལ་གྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་གྲུབ་པའི་ཁྲོད་མདོག་ལྡན་ལྕགས་རིགས་གཏེར་ཁ་སྔོག་འདེམས་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི33385.98ཟིན་ནས9.3%ཆག་པ་དང་། ཞིང་ཞོར་བཟའ་བཅའ་ལས་སྣོན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི4278.25ཟིན་ནས11.3%ཆག ཟས་རིགས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་ཁྲི903ཟིན་ནས5.2%འཕར། ཨ་རག་དང་། བཏུང་བྱ། ཇ་སྤུས་གཙང་བཟོ་སྐྲུན་ལས་རིགས་བཅས་ཀྱི་འཕར་ཐང་སྒོར་ཁྲི26534.52ཟིན་ནས16.5%ཆག ལྕགས་རིགས་མིན་པའི་གཏེར་རྫས་ཐོན་རྫས་ལས་རིགས་ཀྱི་འཕར་ཐང24136.6ཟིན་ཡོད།

5_3 ཐོན་ལས་གསུམ་པ།  

སྤྱི་ལོ2018ལོར་བདེ་ཆེན་ཁུལ་གྱིས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི570493.3ཟིན་ནས11%འཕར་ཡོད། ཕྱིར་ཚོང་བྱ་ཡུལ་གཞིར་བཟུང་དབྱེ་རྒྱུ་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི403825.3ལེགས་གྲུབ་ཟིན་ནས11.6%འཕར་བ་དང་། གྲོང་གསེབ་ཏུ་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི166668ཟིན་ནས9.3%འཕར་ཡོད། བྲིན་ཚོང་རྣམ་པའི་ཐོག་ནས་དབྱེ་ན། བཟའ་བཏུང་ཡོང་འབབ་སྒོར་ཁྲི53216ཟིན་ནས9.5%འཕར། ཚོང་ཟོག་སིལ་ཚོང་བྱེད་ཚད་སྒོར་ཁྲི517277.3ཟིན་ནས11.1%འཕར་ཡོད་པ་རེད།     སྤྱི་ལོ2018ལོར་བདེ་ཆེན་ཁུལ་གྱིས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི320ཟིན་པ་དེ་དུས་མཚུངས་ལས16.9%ཆག་པའི་ནང་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་ཁྲི275ཟིན་པ་དེ་དུས་མཚུངས་ལས2.8%ཆག་པ་དང་། ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི45ཟིན་པ་དེ་དུས་མཚུངས་ལས55.9%ཆག་ཡོད།     སྤྱི་ལོ2018ལོར་བདེ་ཆེན་ཁུལ་ལ་ཕྱི་རྒྱལ་ཚོང་པའི་མ་འཇོག་ལ་ཆོག་མཆན་ཐོབ་པའི་རྣམ་གྲངས5ཡོད་པ་དང་། ལོ་ཧྲིལ་པོར་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་ཁྲི24.7བེད་སྤྱོད་བྱ་རྒྱུའི་གན་རྒྱ་བཞག་པ། ཕྱི་རྒྱལ་གྱི་མ་འཇོག་རྣམ་གྲངས2བེད་སྤྱོད་དངོས་སུ་བྱས་པ། ཕྱི་རྒྱལ་གྱི་མ་འཇོག་ཨ་སྒོར་ཁྲི34བེད་སྤྱོད་དངོས་སུ་བྱས་པ། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས40དངོས་སུ་ཡོད་པ་བཅས་རེད། ལོ་ཧྲིལ་པོར་ཚོང་དང་མ་རྩ་འདྲེན་འགུགས་བྱས་པའི་དོན་དངོས་སུ་སྒོར་ཁྲི1505401ཟིན་ནས1.5%འཕར་ཡོད།     སྤྱི་ལོ2018ལོའི་ལོ་མཇུག་བར་བདེ་ཆེན་ཁུལ་གྱིས་སྤྱི་ལོ2018ལོར་བདེ་ཆེན་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི2410.2ལ་སྣེ་ལེན་ཞུས་པ་དེ9.96%ཆག་ཡོད། དེའི་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི90ལ་སྣེ་ལེན་ཞུས་པ་དེ4.25%ཆག་པ་དང་། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི2320.2ལ་སྣེ་ལེན་ཞུས་པ་དེ10.17%ཆག་ཡོད། ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི2750012.99ཟིན་ནས7.98%ཆག་པ་དང་ཡུལ་སྐོར་གྱི་ཕྱི་དངུལ་ཡོང་འབབ་ཨ་སྒོར་ཁྲི2410.2ཟིན་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-15

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།