དཔའ་རིས་བོད་རིགས་རང་སྐྱོང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཔའ་རིས་བོད་རིགས་རང་སྐྱོང་རྫོང་།
དཔའ་རིས་བོད་རིགས་རང་སྐྱོང་རྫོང་ནི་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཞིག་ཡིན་ལ། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་རྗེས་ཆེས་ཐོག་མར་མི་རིགས་ས་ཁོངས་སུ་རང་སྐྱོང་ལག་བསྟར་བྱས་པའི་ས་ཁུལ་ཡིན་ཞིང་། དཔའ་རིས་ཞེས་པ་ནི་དཔའ་བོའི་རིས་ནས་ཆད་པའི་དོན་ལ་འཇུག་པ་ཡིན། དཔའ་རིས་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་དབུས་རྒྱུད་དང་ཝུའུ་ཝེ་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་ཡོད་པ་ཡིན་ལ། ལིང་ཇུ་སྡེ་བཞི་དང་མདོ་ལ་རི་བོའི་ཤར་སྣེ་རུ་ཡོད་པ་ཡིན་ཏེ། ཤར་ཕྱོགས་ནི་ཅིང་ཐའེ་རྫོང་ལ་འབྲེལ་ཡོད་པ་དང་། ནུབ་ཕྱོགས་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱ་མདོ་དང་དགོན་ལུང་། གྲོ་ཚང་བཅས་རྫོང་གསུམ་ལ་ཐག་ཉེ་ཞིང་། ལྷོ་ཕྱོགས་ནི་ཡུང་ཏེང་རྫོང་དང་འབྲེལ་ཡོད། ཡང་བྱང་ཕྱོགས་ནི་ལིང་ཀྲོའུ་དང་ཀུའུ་ལང་རྫོང་གཉིས་ལ་ཐུག་ཡོད་པ་དང་། ནུབ་བྱང་གི་ཕྱོགས་ནི་སུའུ་ནན་དང་འབྲེལ་ཡོད། སྤྱི་ལོ2011ལོའི་ལོ་མཇུག་བར་དུ། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ7149ཡོད་ཅིང་། ཁོངས་གཏོགས་ས་ཁུལ་ལ་གྲོང་རྡལ9དང་ཡུལ་ཚོ10ཡོད་ལ། མི་གྲངས་ལ215200ཡོད་པ་དང་། མི་རིགས28ཡོད་པ་ཡིན་ལ། བོད་རིགས་ཀྱི་མི་གྲངས་ཀྱི་མི་རིགས་གྲངས་ཉུང་གི་མི་གྲངས་ཀྱི97.14% ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
天祝藏族自治县
ཕྱི་ཡིག་གི་མིང་།
Tianzhu Zangzu Autonomous County
མིང་གཞན།
དཔའ་རིས་རྫོང་།
སྲིད་འཛིན་རིགས་དབྱེ།
རང་སྐྱོང་རྫོང་།
སྲིད་འཛིན་ཁོངས་གཏོགས།
ཀྲུང་གོའི་ཀན་སུའུ་ཝུའུ་ཝེ་གྲོང་ཁྱེར།
མངའ་ཁོངས།
རབ་རྒྱས་དགོན་དང་སེར་རྩུད་སོགས་གྲོང་རྡལ་དགུ་དང་ཡུལ་ཚོ་བཅུ་ཡོད།
སྲིད་གཞུང་གནས་ཡུལ།
རབ་རྒྱས་དགོན་གྲོང་རྡལ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0935
སྦྲག་སྲིད་ཨང་རྟགས།
733200
ས་གནས།
ཝུའུ་ཝེ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་བདུན་སྟོང་ཆིག་བརྒྱ་བཞི་བཅུ་ཞེ་དགུ་ཡོད།
མི་གྲངས།
ཉིས་འབུམ་ཆིག་ཁྲི་ལྔ་སྟོང་ཉིས་བརྒྱ་ཡོད། (སྤྱི་ལོ2011ལོར)
སྐད་རིགས།
བོད་སྐད།
གནམ་གཤིས།
སྐམ་ས་ཆེན་པོ་རང་བཞིན་གྱི་མཐོ་སྒང་དུས་རླུང་གི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཀ་དྲོད་དུང་རི། ཡར་ལུང་མཛེས་ལྗོངས། ར་རིང་ཡུལ་ལྗོངས་ཁུལ།
རླངས་འཁོར་ཨང་རྟགས།
甘H
1 གནས་ཡུལ།

དཔའ་རིས་རྫོང་ནི་ལིང་ཇུ་སྡེ་བཞིའི་ཤར་སྣེ་རུ་ཡོད་པ་དང་། མདོ་དབུས་མཐོ་སྒང་གི་བྱང་ཤར་མཐའ་མཚམས་སུ་གཏོགས་ལ། ཤར་གྱི་གཞུང་ཐིག102°;07′~-103°46′དང་བྱང་གི་འཕྲེད་ཐིག36°31′~-37°55′བར་དུ་གནས་པ་ཡིན་ཞིང་། ལྷོ་ཕྱོགས་ནི་ཡུང་ཏེང་རྫོང་ལ་འབྲེལ་ཡོད་པ་དང་། ཤར་ཕྱོགས་ནི་ཅིང་ཐའེ་རྫོང་ལ་ཐུག་ཡོད། བྱང་ཕྱོགས་སུ་ཝུའུ་ཝེ་གྲོང་ཁྱེར་དང་ཀུའུ་ལང་རྫོང་གཉིས་དང་ཐག་ཉེ་བ་ཡིན། ནུབ་བྱང་ཕྱོགས་ནི་སུའུ་ནན་རྫོང་དང་འབྲེལ་ནས་ཡོད། ནུབ་ཕྱོགས་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱ་མདོ་དང་དགོན་ལུང་། གྲོ་ཚང་བཅས་རྫོང་གསུམ་དང་ཐག་ཉེ་བ་ཡིན། ཡང་རྫོང་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ142.6ཡོད་པ་དང་། ལྷོ་བྱང་གི་ཞེང་ལ་སྤྱི་ལེ158.4ཡོད། དེ ཡང་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ7149ཡོད།

2 གནམ་གཤིས།

དཔའ་རིས་རྫོང་གི་གནམ་གཤིས་ནི་ཝུའུ་ཧྲའོ་ལིང་ས་མཚམས་བྱས་པའི་ལིང་ལྷོ་ནི་སྐམ་ས་ཆེན་པོ་རང་བཞིན་གྱི་མཐོ་སྒང་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ལིང་བྱང་ནི་དྲོད་ཁུལ་སྐམ་ས་ཆེན་པོ་རང་བཞིན་གྱི་ཐན་པ་ཕྱེད་ཀྱི་ནམ་ཟླའི་ཁོངས་སུ་གཏོགས་པ་ཡིན་ལ། ལོ་ཧྲིལ་བོའི་ཆ་སྙོམ་གྱི་དྲོད་ཚད་ནི-8-4℃ཡིན་པ་དང་། ནམ་ཟླའི་འགྱུར་བག་རྒོད་པ་ཡིན་ཞིང་། རྒྱུན་པར་ཐན་པ་དང་སེར་བ། ཆུ་ལོག  རླུང་ཆེན་གཡུགས་པ་བཅས་ཀྱི་རང་བྱུང་གི་གནོད་འཚེ་འབྱུང་བ་ཡིན།

3 མི་རིགས།

སྤྱི་ལོ2013ལོའི་བར་དུ། དཔའ་རིས་རྫོང་དུ་བོད་རིགས་དང་རྒྱ་རིགས། ཧོར་རིགས། སོག་རིགས་སོགས་མི་རིགས28ཡོད་པ་ཡིན་ལ། དེའི་ཁྲོད་ཀྱི་མི་རིགས་གྲངས་ཉུང་གི་མི་གྲངས་ཀྱིས་རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི37.1% ཟིན་ཡོད་པ་དང་། བོད་རིགས་ཀྱིས་མི་རིགས་གྲངས་ཉུང་གི་མི་གྲངས་ཀྱི97.14% ཟིན་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཀན་སུའུ། དཔའ་རིས་རྫོང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-22

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།