དཀར་མཛེས་བོད་རིགས་རང་སྐྱོང་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མིང་བསྡུས་ན་དཀར་མཛེས་ཞེས་འབོད་པ་ཡིན་ལ། དེ་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་རྒྱུད་དང་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་མཐའ་མཚམས་སུ་ཡོད་ཅིང་། ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ15300ཡོད། ཡང་ཁོངས་གཏོགས་ས་ཁུལ་ལ་དར་མདོའམ་རྫོང་རིམ་པའི་གྲོང་ཁྱེར1ཡོད་པ་དང་། ལྕགས་ཟམ་ཁ་དང་རོང་བྲག་སོགས་རྫོང17ཡོད། ཡུལ་ཚོའམ་གྲོང་རྡལ325ཡོད། སྲིད་འཛིན་སྡེ་བ2679ཡོད། ཁུལ་སྲིད་གཞུང་ནི་དར་མདོ་གྲོང་ཁྱེར་དུ་ཡོད་པ་དང་། ཁུལ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་ཡིན་ལ། དར་མདོ་མཛའ་གཞས་ཞེས་པའི་གླུ་དབྱངས་སྙན་མོ་དེའི་རྐྱེན་གྱིས། རྒྱལ་ཁབ་ཕྱི་ནང་ཀུན་ལ་གྲགས་པ་དང་། མཛའ་གཞས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
甘孜藏族自治州
ཕྱི་ཡིག་གི་མིང་།
Tibetan Autonomous Prefecture of Garzê
མིང་གཞན།
དཀར་མཛེས་ཁུལ།
སྲིད་འཛིན་རིགས་དབྱེ།
རང་སྐྱོང་ཁུལ།
སྲིད་འཛིན་ཁོངས་གཏོགས།
ཀྲུང་གོའི་སི་ཁྲོན་ཞིང་ཆེན།
མངའ་ཁོངས།
དར་མདོ་སྟེ་རྫོང་རིམ་པའི་གྲོང་ཁྱེར་གཅིག་དང་འབའ་ཐང་དང་རོང་བྲག་རྫོང་སོགས་རྫོང་བཅུ་བདུན་ཡོད།
སྲིད་གཞུང་གནས་ཡུལ།
དར་མདོ་གྲོང་ཁྱེར་མདོ་གྲོང་།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0836
སྦྲག་སྲིད་ཨང་རྟགས།
6260000
ས་གནས།
སི་ཁྲོན་དང་ཡུན་ནན། མཚོ་སྔོན་བཅས་ཞིང་ཆེན་གསུམ་དང་། བོད་རང་སྐྱོང་ལྗོངས་བཅས་ཀྱི་ས་མཚམས་སུ་ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཆིག་འབུམ་ལྔ་ཁྲི་སུམ་སྟོང་ཡོད།
མི་གྲངས།
ས་ཡ་གཅིག་དང་ཆིག་འབུམ་ཡོད།
སྐད་རིགས།
བོད་ཁམས་པའི་སྐད།
གནམ་གཤིས།
མཐོ་སྒང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
དམུ་དགེ་མཚོ། དུང་དཀར་ལུང་བ། འདབ་པ་ཉི་སྟེང་། རི་བོ་གངས་དཀར།
རླངས་འཁོར་ཨང་རྟགས།
川V
1 མི་རིགས།

དཀར་མཛེས་ཁུལ་དུ་དབྱིས་རིགས་དང་བོད་རིགས། ཆང་རིགས། མིའོ་རིགས། ཧུའེ་རིགས། སོག་རིགས། ཐུའུ་ཅ་རིགས། ལི་སུའུ་རིགས། མན་ཇུ་རིགས། ཡའོ་རིགས། ཏུང་རིགས། འཇང་རིགས། པུའུ་དབྱི་རིགས། པའེ་རིགས། ཀྲོང་རིགས། ཏའེ་རིགས་སོགས་མི་ རིགས25ཡོད་ལ། དེའི་ཁྲོད་ཀྱི་མི་རིགས་གཙོ་བོ་ནི་བོད་རིགས་ཡིན་པ་དང་། སྤྱིའི་མི་གྲངས་ཀྱི78.4% ཟིན་ཡོད། 

2 གནས་ཡུལ།

དཀར་མཛེས་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་རྒྱུད་དུ་ཡོད་ལ། ཀྲུང་གོའི་ཆེས་མཐོ་བའི་སྐས་རིམ་དང་པོ་ནས་སྐས་རིམ་གཉིས་པ་ཡུན་ཀུའེ་མཐོ་སྒང་། སི་ཁྲོན་གཤོངས་ས་བཅས་ཀྱི་བར་བརྒལ་གྱི་ས་ཁུལ་དུ་ཡོད་ཅིང་། འཕྲེད་བཅད་རི་རྒྱུད་ཀྱི་བྱང་སྣེའི་ཁྲོན་ནུབ་ཀྱི་རི་བོ་མཐོན་པོ་དང་མཐོ་སྒང་ས་ཁུལ་དང་། མདོ་དབུས་མཐོ་སྒང་གི་ཆ་ཤས་སུ་གཏོགས་པ་ཡིན། དེ་ཡང་བྱང་གི་འཕྲེད་ཐིག27°58″~34°20″དང་ཤར་གྱི་གཞུང་ཐིག97°22″~102°29″ཡི་བར་དུ་གནས་ཤིང་། སི་ཁྲོན་གཤོངས་སའི་ནུབ་མཚམས་ཀྱི་རི་ཁུལ་ནི་མདོ་དབུས་མཐོ་སྒང་གི་བར་བརྒལ་གྱི་ས་ཁུལ་དུ་བསྐྱོད་པ་ཡིན། ཡང་དེ་ཡི་ཤར་ཕྱོགས་ནི་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་དང་གཡག་རྔ་གྲོང་ཁྱེར་གཉིས་དང་ཐག་ཉེ་ཞིང་། ལྷོ་ཕྱོགས་ནི་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་དང་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་འབྲེལ་ཡོད་ལ། ནུབ་ཕྱོགས་ནི་འབྲི་ཆུ་དང་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར་ལ་ཐག་ཉེ་བ་ཡིན། བྱང་ཕྱོགས་ནི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་ལ་འབྲེལ་ཡོད།

3 གནམ་གཤིས།

དཀར་མཛེས་ཁུལ་གྱི་གནམ་གཤིས་ནི་གཙོ་བོ་མདོ་དབུས་མཐོ་སྒང་གི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དེའི་ཁྱད་ཆོས་གཙོ་བོ་ནི་དྲོད་གྲང་དམའ་བ་དང་ཆར་ཆུ་ཉུང་བ། ཉི་འོད་འདང་བ། དགུན་དུས་རིང་བ་བཅས་ཡིན། དེ་ཡང་དཀར་མཛེས་ཁུལ་གྱི་གནས་ཡུལ་ནི་ཚ་ཁུལ་ཕལ་བའི་ས་ཁུལ་དུ་གཏོགས་མོད། འོན་ཀྱང་ས་བབ་ཡར་བཀྱགས་པ་དྲག་པོ་ཡིན་པ་དང་ས་དབྱིབས་རྙོག་འཛིང་ཆེ་བ། རྒྱ་མཚོ་དང་བར་ཐག་རིང་བའི་སྐམ་སར་གནས་པ་བཅས་ཀྱིས་ས་ཁུལ་མང་ཆེ་བར་ཚ་ཁུལ་ཕལ་བའི་ནམ་ཟླ་ཁྱད་ཆོས་ཡོད་པ་མ་ཡིན་ལ། སྐམ་ས་ཆེན་པོ་རང་བཞིན་གྱི་མཐོ་སྒང་རི་ཁུལ་རིགས་ཀྱི་དུས་རླུང་གི་ནམ་ཟླ་གྲུབ་ཡོད།


བརྡ་འགྲེལ་གདོང་འཛར།

ས་ཁོངས། སི་ཁྲོན། དཀར་མཛེས་ཁུལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-28

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།