མེ་དྷ་ནི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མེ་དྷ་ནི།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།
གཞི་རྩའི་གནས་ཚུལ།

ལེགས་སྦྱར་གྱི་སྐད།
སློབ་དཔོན་མེ་དྷ་ནི། མོ་དྷི་པ་ནི།
བོད་སྐད།
ཞིང་པ།
ཡུལ།
ས་ལི་པུ་ཏྲ།
རིགས།
དམངས་རིགས།
བླ་མ།
རྣལ་འབྱོར་པ།
གྲུབ་པ་གང་ཐོབ།
མཁའ་སྤྱོད་དུ་གཤེགས།
ཆ་བྱད་།
གླང་གཉིས་ལ་གཉའ་ཤིང་བཅུག་ནས་ཞིང་རྨོ་བའི་རྣམ་པ་ཅན།
1 རྣམ་ཐར་མདོར་བསྡུས།

སློབ་དཔོན་མེ་དྷ་ནིའི(ཞིང་པ)ལོ་རྒྱུས་ནི།       ཡུལ་ས་ལི་པུ་ཏྲ།      རིགས་དམངས་རིགས་སོ།   །དེ་ཡང་དུས་རིང་ཞིག་ན་ཞིང་ལས་བྱས་པས་ངལ་ནས།    ཤིང་རྩ་གཅིག་ཏུ་འདུག་པ་ལ།      དེར་རྒྱུད་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་གཅིག་བྱོན་ནས།      འདི་སྐད་དུ་ཁྱོད་འདི་ན་ཅི་བྱེད་ཟེར།      བདག་ཞིང་ལས་ཀྱིས་ཆད་ནས་ངལ་ལོ་ཟེར།      ཁྱོད་སྡུག་བསྔལ་འདི་འདྲ་བས་མི་སྐྱོའམ།     ཆོས་བྱས་ན་མི་རུང་ངམ་གསུངས་པས།        དེ་ན་རེ་བདག་ལ་ཆོས་སུས་སྟེར་ཟེར།      དེ་ལ་ངས་སྦྱིན་གྱིས་གསུངས་ནས།     རྣལ་འབྱོར་པས་དབང་བསྐུར་ནས།       གདམས་ངག་ནི་དེའི་བློ་དང་བསྟུན་ནས་ཁྱོད་རང་གི་ཤེས་པ་ཐོང་གཤོལ་དུ་གྱིས།     ཚོར་བ་བདེ་སྡུག་མྱོང་བ་གླང་དུ་གྱིས།      ལུས་ཞིང་དུ་བསྒོམ།      ཉིན་མཚན་ཆོས་ཉིད་ཀྱི་བདེ་བ་ཆེན་པོའི་འབྲས་བུ་འབྱུང་བར་སྒོམས་ཤིག་ཅེས་གདམས།     དེས་ཀྱང་བརྩོན་འགྲུས་ཁྱད་པར་ཅན་གྱིས་བསྒོམས་པས།     ལོ་གསུམ་ནས་སྣ་ཚོགས་ཀྱི་རྣམ་རྟོག་ཆོས་ཉིད་གཅིག་གི་རྣམ་པར་ཤར་ཏེ།      སྣང་སྲིད་ཐམས་ཅད་མཉམ་པ་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས།    ཤིང་ཏ་ལ་བདུན་ཙམ་གྱི་ནམ་མཁར་འཕགས་ནས།      རྟོགས་པ་བརྗོད་པ་ནི།      རིག་པ་གཉུག་མའི་ཤེས་རབ་དང་།   །ཉམས་མྱོང་གསང་བའི་ཐབས་དག་གིས།   །རང་བཞིན་གནས་ལུགས་བཞི་དག་པས།   །བདེ་ཆེན་ལྷུན་གྲུབ་འབྲས་བུ་རྟོགས།   །ཞེས་གསུངས་ནས་ས་ལི་པུ་ཏྲའི་གྲོང་ཁྱེར་དུ་འགྲོ་དོན་དཔག་མེད་མཛད་དེ།     ལུས་དེ་ཉིད་ལ་མཁའ་སྤྱོད་དུ་གཤེགས་སོ།   །


བརྡ་འགྲེལ་གདོང་འཛར།

ཆོས་ལུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-10-12

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།