ཛ་ལནྡྷ་ར་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཛ་ལནྡྷ་ར་པ།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།
གཞི་རྩའི་གནས་ཚུལ།

ལེགས་སྦྱར་གྱི་སྐད།
སློབ་དཔོན་ཛ་ལནྡྷ་ར་བ།
བོད་སྐད།
འབར་བ་འཛིན།
ཡུལ།
ན་ག་ར།
རིགས།
བྲམ་ཟེ།
བླ་མ།
མཁའ་འགྲོ་མ།
དངོས་གྲུབ་ཀྱི་རྟེན།
རྫོགས་རིམ།
གྲུབ་པ་གང་ཐོབ།
མཁའ་སྤྱོད་དུ་ཕེབས།
ཆ་བྱད།
རྣལ་འབྱོར་པ་རལ་པའི་ཐོར་ཚུགས་དང་རུས་རྒྱན་ཅན། ཞབས་ཕྱོགས་གཅིག་རྒྱབ་ནས་དཔུང་པར་བཀལ་བ། ཕྱོགས་གཅིག་བཞེངས་པའམ་པུས་བཙུགས། ཕྱག་སོར་མཛུབ་མོ་གཉིས་རྩེ་སྤྲད། གཞན་རྣམས་བསྣོལ་མའི་ཕྱག་རྒྱ་མཛད་ནས། ཕྱག་རྒྱ་དེ་མགོ་གཞུག་བཟློས་ནས་སྤྱི་བོར་འཆིང་བ། ཕྱོགས་གཅིག་ནས་རིག་མས་བརྟེན་པའམ་ཕྱག་འཚལ་བ།
1 རྣམ་ཐར་མདོར་བསྡུས།

སློབ་དཔོན་ཛ་ལནྡྷ་ར་པའི(འབར་བ་འཛིན་འམ་ཚངས་པའི་བུ་ག་པ)ལོ་རྒྱུས་ནི།     ཡུལ་ནཱ་ག་ར།      རིགས་བྲམ་ཟེའོ།  །     དེའང་འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས་ནས་དུར་ཁྲོད་ཀྱི་ཤིང་དྲུང་གཅིག་ན་འདུག་པ་དང་།     ནམ་མཁའ་ནས་རིགས་ཀྱི་བུ་ཁྱོད་ཡིད་ལ་མི་བྱེད་པ་གྱིས་བྱ་བའི་སྒྲ་བྱུང་བས།      ནམ་མཁར་བལྟས་ཤིང་གསོལ་བ་བཏབ་པས།     མཁའ་འགྲོ་མས་ཞལ་མངོན་སུམ་དུ་བསྟན་ཏེ།     དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ནས་རྫོགས་རིམ་གྱི་གདམས་ངག་འདི་ལྟར་བྱིན་ཏེ།     ཕྱི་ནང་ཁམས་གསུམ་སྣོད་བཅུད་ཀྱི་རྣམ་པར་རྟོག་པ་ཐམས་ཅད་རང་གི་ལུས་ངག་ཡིད་གསུམ་དུ་བསྡུས།     དེ་གསུམ་གྱི་རྣམ་རྟོག་རྩ་གསུམ་དུ་བསྡུས།      རྩ་རོ་རྐྱང་གཉིས་ཀྱི་རྣམ་རྟོག་ཨ་ཝ་ངྷཱུ་ཏཱིར་བསྡུས།      དེར་དྲན་རིག་སྣ་ཚོགས་ཀྱི་རྟོག་པ་བཅུག་ལ།      དྲན་རིག་སྣ་ཚོགས་ཀྱི་རྟོག་པ་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་ཐོན་པ།      སྣང་སྟོང་དབྱེར་མེད་དུ་སྒོམས་ཤིག་ཅེས་གདམས་པ་བྱིན་ནས།       དེས་ཀྱང་དེ་ལྟར་ཉམས་སུ་བླངས་པས་ལོ་བདུན་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་སྟེ།     འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་ནས་འཁོར་སུམ་བརྒྱ་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་སོ།   །སློབ་དཔོན་ཛ་ལནྡྷར་པའི་རྟོགས་བརྗོད་ནི།      ཁམས་གསུམ་ལུས་ངག་ཡིད་གསུམ་གྱི།   །དྲན་རིག་རྣམ་རྟོག་སྣ་ཚོགས་ཀུན།   །ལཱ་ལ་ར་སཱ་ངྷཱུ་ཏཱི་རུ།   །བདག་གིས་གཅིག་ཕྱིར་བཅིང་བར་བགྱིད།   །ཅེས་གསུངས།      


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-12

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།