མེ་ཀོ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མེ་ཀོ་པ།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།
གཞི་རྩའི་གནས་ཚུལ།

ལེགས་སྦྱར་གྱི་སྐད།
སློབ་དཔོན་མེ་ཀོ་པ། མ་ཀོ་པ།
བོད་སྐད།
དུར་ཁྲོད་པ།
བླ་མ།
མཚན་མེད་པའི་རྣལ་འབྱོར་པ།
སྤྱོད་པ།
དུར་ཁྲོད་དུ་གནས་པ།
ཆ་བྱད།
ཁུར་བ་འཚོ་ཞིང་ཟས་སྣ་ཚོགས་པ་ཚོང་བའི་དོན་དུ་བཀྲམ་པའོ། །
1 རྣམ་ཐར་མདོར་བསྡུས།

སློབ་དཔོན་མེ་ཀོ་པའི(དུར་ཁྲོད་པའམ་སྤྲིན་པ)ལོ་རྒྱུས་ནི།      བླ་མ་རྣལ་འབྱོར་པ་ཞིག་གིས་དབང་བསྐུར་ཞིང་གདམས་པ་གནང་ནས།    དེས་ཀྱང་དུར་ཁྲོད་དུ་འདུག་ནས་དོན་འདི་ལྟར་ཉམས་སུ་བླངས་ཏེ།     ཐོག་མ་ནས་རང་ལ་སེམས་ཀྱི་དེ་བཞིན་ཉིད་དེ་ཡོད་ཀྱང་རང་གིས་མ་ཤེས་པ་བླ་མས་བསྟན་པས་ཉོན་མོངས་པ་དགྲར་ལངས་པའི་དུས་སུ་རང་བྱུང་ལྷན་ཅིག་སྐྱེས་པ་རྟོགས།    དེ་ནས་སྣང་བ་དགྲར་ལངས་པའི་དུས་སུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས།    དེ་ནས་སྟོང་པ་དགྲར་ལངས་པའི་དུས་སུ་སྣང་སྟོང་དབྱེར་མེད་དུ་རྟོགས་ཏེ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་འགྲོ་དོན་དཔག་ཏུ་མེད་པ་མཛད་དོ།   །སློབ་དཔོན་མེ་ཀོ་པའི་རྟོགས་བརྗོད་ནི།     བླ་མ་དག་ལས་དང་པོར་རང་གི་སེམས་རྟོགས་བྱ།   །དེ་ནས་རྣམ་པ་ཀུན་ཏུ་ཐ་དད་མི་བྱ་སྟེ།   །གཉིས་མེད་གོམས་པས་དུར་ཁྲོད་གནས་སུ་འདུག་པར་བྱ།   །མཉམ་པར་རྟོགས་ནས་སྨྱོན་པའི་བརྟུལ་ཞུགས་དག་གིས་སྤྱོད།   །ཅེས་གསུངས་སོ།   །

བརྡ་འགྲེལ་གདོང་འཛར།

ཆོས་ལུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-10-12

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།