ཌོཾ་བི་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཌོཾ་བི་བ།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།
གཞི་རྩའི་གནས་ཚུལ།

ལེགས་སྦྱར་གྱི་སྐད།
སློབ་དཔོན་ཌོམ་བི་བ། དྷུ་པི་པ།
བོད་སྐད།
ཁྲུས་མཁན།
ཡུལ།
པ་ཌ་ན་ག་ར།
རིགས།
ཁྲུས་མཁན་མ།
དངོས་གྲུབ་ཀྱི་རྟེན།
ཁྲུས་བྱེད་པ།
གྲུབ་པ་གང་ཐོབ།
མཁའ་སྤྱོད་དུ་གཤེགས།
ཆ་བྱད།
གཞོང་པ་རྣམས་སུ་གོས་རྙིང་པ་འཁྲུད་པའི་རྣམ་པ་ཅན་ནོ། །
1 རྣམ་ཐར་མདོར་བསྡུས།

སློབ་དཔོན་ཌོཾ་བི་བའི(ཁྲུས་མཁན)ལོ་རྒྱུས་ནི།      ཡུལ་པུ་ཊ་ནཱ་ག་ར།     རིགས་ཁྲུས་མཁན་ནོ།   །      ཡུལ་དེ་ན་བཟའ་མི་གཉིས་དུས་རྟག་ཏུ་ཁྲུས་ཀྱི་ལས་ཀྱིས་འཚོ་བ་བྱེད་པ་ཡོད་པ་ལས།       དེའི་གན་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་འོངས་ནས་ཟས་བསླངས་པ་ལ་དེ་གཉིས་ཀྱིས་བསོད་སྙོམས་ཕུལ།      འཕགས་པ་ན་བཟའ་བཀྲུ་རྒྱུ་མ་མཆིས་སམ།      བདག་གིས་བཀྲུ་ཞུས་པས་རྣལ་འབྱོར་པས་སོལ་བ་གཅིག་ལག་ཏུ་ཐོགས་ནས་འདི་བཀྲུས་ན་དྲི་མ་འདག་ནུས་སམ་གསུངས།      སོལ་བ་ནག་པོའི་རང་བཞིན་ལགས་པས་བཀྲུས་པས་དཀར་པོར་མི་མཆི་ཞུས་པས།      རྣལ་འབྱོར་པ་ན་རེ།     ཁྱོད་ཀྱིས་ཕྱིའི་ཁྲུས་བྱས་ཀྱང་ནང་གི་དུག་གསུམ་གྱི་དྲི་མ་མི་འདག་པས་ཕྱིའི་ཁྲུས་ཀྱི་དགོས་པ་མེད་གསུངས།       དེ་བས་དུས་རྟག་ཏུ་བཀྲུ་མི་དགོས་པར་ལན་ཅིག་བཀྲུས་པས་དྲི་མ་ཐམས་ཅད་འདག་པའི་གདམས་ངག་ཡོད་དེ།      ཁྱེད་ལ་མི་དགོས་སམ་གསུངས་པས།      དགོས་ཟེར་ནས་བདེ་མཆོག་གི་དབང་བསྐུར།       སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་ཀའི་གདམས་ངག་བྱིན།      དེས་ཀྱང་ལོ་བཅུ་གཉིས་བསྒོམས་པས་སྔགས་ཀྱིས་ངག་གི་དྲི་མ་དག་ཕྱག་རྒྱས་ལུས་ཀྱི་དྲི་མ་དག      ཏིང་ངེ་འཛིན་གྱིས་སེམས་ཀྱི་དྲི་མ་དག་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ་ཡུལ་པུ་ཏྲ་ནཱ་ག་རར་འགྲོ་དོན་དཔག་མེད་མཛད་ནས་འཁོར་ཉིས་སྟོང་དང་བཅས་པ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སོ།   །སློབ་དཔོན་ཌོཾ་བི་བའི་རྟོགས་བརྗོད་ནི།      ཡུན་རིང་དུས་སུ་དྲི་མ་ཁྲུས་བྱས་ཀྱང་།   །སོལ་བའི་རང་བཞིན་དཀར་པོར་འགྱུར་མི་སྲིད།    །རྣམ་དག་རང་བཞིན་སྟོང་ཉིད་ཀྱིས་འདག་ལ།    །བླ་མའི་གདམས་ངག་རང་བཞིན་ཁྲུས་མཁན་མཆོག   །ཅེས་གསུངས་སོ།    །སློབ་དཔོན་ཌོཾ་བི་བའི་རྣམ་ཐར་དང་ལོ་རྒྱུས་རྫོགས་སོ།   །


བརྡ་འགྲེལ་གདོང་འཛར།

ཆོས་ལུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-10-12

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།