ཨ་ཛུ་ཀི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་ཛུ་ཀི།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།
གཞི་རྩའི་གནས་ཚུལ།

ལེགས་སྦྱར་གྱི་སྐད།
སློབ་དཔོན་ཨ་ཛུ་ཀི། ཨ་ཛོ་གི་པ།
བོད་སྐད།
ལེ་ལོ་ཅན།
ཡུལ།
ལོ་པུ་ཌ།
རིགས།
རྗེ་རིགས།
བླ་མ།
མཚན་མེད་པའི་རྣལ་འབྱོར་པ།
དངོས་གྲུབ་ཀྱི་རྟེན།
མི་ཟབ་པའི་རྫོགས་རིམ།
སྤྱོད་པ།
རྟག་ཏུ་ཉལ་ནས་སྤྱོད་ལམ་བྱེད་པ།
1 རྣམ་ཐར་མདོར་བསྡུས།

སློབ་དཔོན་ཨ་ཛུ་ཀིའི(ལེ་ལོ་ཅན)ལོ་རྒྱུས་ནི།     ཡུལ་ལོ་པུ་ཊ་བྱ་བ་ན་ཁྱིམ་བདག་གཅིག་ལ་བུ་གཅིག་ཡོད་པ་ལ་བུ་དེ་ཤ་ཤིན་ཏུ་ཆེ་བས་སྤྱོད་ལམ་རྣམ་བཞི་གང་བྱེད་ཀྱང་ཉལ་ནས་བྱེད་པ་ཞིག་ཡོད་པ་ལ།    ཕ་མ་དང་ཉེ་དུ་ཀུན་གྱིས་འདི་འདྲའི་བུས་ཅི་བྱེད་ཟེར་ནས་དུར་ཁྲོད་དུ་བསྐྱལ་བ་དང་།    དེར་རྣལ་འབྱོར་པ་ཞིག་བྱོན་པས་བུ་དེ་མཐོང་ནས་སྙིང་རྗེའི་སེམས་སྐྱེས་ཏེ།      གྲོང་ཁྱེར་ནས་བཟའ་བ་བསླངས་ནས་བྱིན་པས་ཉལ་ནས་ཟ་བ་མཐོང་སྟེ།     དེ་ལ་དྲིས་པ།      ཁྱོད་ཀྱིས་འཇིག་རྟེན་གྱི་བྱ་བ་ཅི་ནུས་བྱས་པས་ཅི་ཡང་མི་ནུས་ཟེར་རོ།    །རྣལ་འབྱོར་པས་འོ་ན་ཁྱོད་ཀྱིས་ཆོས་བསྒྲུབ་ནུས་སམ་བྱས་པས་ནུས་ཏེ་བདག་འདྲ་བ་ལ་ཆོས་སུས་སྟེར་ཟེར།       རྣལ་འབྱོར་པས་ངས་སྦྱིན་གྱི་གསུངས་ནས་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ།     མི་ཟབ་པའི་རྫོགས་རིམ་སྣའི་རྩེར་ཐིག་ལེ་ཡུངས་ཀར་ཙམ་གྱི་ནང་དུ་ཁམས་གསུམ་སྒོམས་ཤིག   བྱས་པས་དེ་ལ་ཅི་འབྱུང་ཟེར།     བསྒོམ་པ་དང་ཤེས་ཏེ་འོང་གི་གསུངས་པས་དེས་ཀྱང་དེ་ལྟར་བསྒོམས་པས་ཐིག་ལེ་ཡུངས་ཀར་ཙམ་དེ་དང་།    སྟོང་གསུམ་གྱི་དམིགས་པ་སྟོང་ཉིད་ནང་དུ་སྟོར་ནས་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེས་སོ།   །ལོ་དགུ་བསྒོམས་པས་ཀྱང་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་གཉིས་འཛིན་གྱི་རྣམ་པར་རྟོག་པ་ཐམས་ཅད་རྒྱུན་བཅད་ནས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་གྱུར་ཏོ།  །སློབ་དཔོན་ཨ་ཛུ་ཀིའི་རྟོགས་བརྗོད་ནི།   བླ་མ་དམ་པའི་གདམས་ངག་གིས།  །སྟེང་སྒོའི་སྣ་རྩེར་ཐིག་ལེ་བསྒོམ།  །དེ་ཉིད་ལ་ནི་བློ་བརྟན་པོས།    །ཡུངས་ཀར་སྟོང་གསུམ་དམིགས་པ་རྟོགས།    །ཞེས་གསུངས་སོ།   །སློབ་དཔོན་ཨ་ཛུ་ཀིའི་རྣམ་ཐར་དང་ལོ་རྒྱུས་རྫོགས་སོ།   །


བརྡ་འགྲེལ་གདོང་འཛར།

ཆོས་ལུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-10-12

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།