དྷོ་ཁན་དྷི་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྷོ་ཁན་དྷི་པ།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།
གཞི་རྩའི་གནས་ཚུལ།

ལེགས་སྦྱར་གྱི་སྐད།
སློབ་དཔོན་རྡོ་ཁན་རྡི་པ། དྷོ་ཁན་དྷི་པ། དྷུ་ཁན་རི་པ།
བོད་སྐད།
གཉིས་གཅིག་ཏུ་བྱེད་པ།
ཡུལ།
བྷ་པན་ཏ།
རིགས།
ཕྱགས་དར་ཁྲོད་པ།
བླ་མ།
མཚན་མེད་པའི་རྣལ་འབྱོར་པ།
དངོས་གྲུབ་ཀྱི་རྟེན།
གོས་རྙིང་པ་བརྩེམས།
གྲུབ་པ་གང་ཐོབ།
མཁའ་སྤྱོད་དུ་གཤེགས་པ།
རྟེན།
སྤྲང་པོ།
ཆ་བྱད།
ཕྱགས་དར་ཁྲོད་ཀྱི་ལྷན་ཧྲུལ་མང་པོ་ཕྱོགས་གཅིག་ཏུ་བསྡུས་ནས་འཚེམ་བུར་ཚེམ་པ།
1 རྣམ་ཐར་མདོར་བསྡུས།

སློབ་དཔོན་དྷོ་ཁན་དྷི་པའི(གཉིས་གཅིག་ཏུ་བྱེད་པ)ལོ་རྒྱུས་ནི།     ཡུལ་བྷ་སིན་ཏ་ཞེས་པ་ཡིན་ལ།      རིགས་ཕྱགས་དར་ཁྲོད་པ།      དེ་ཡང་དུས་རྟག་ཏུ་ཡུལ་བྷ་སིན་ཏ་ན་སྤྲང་པོ་ཕྱགས་དར་ཁྲོད་སྡུད་པའི་རིགས།      གོས་རྙིང་པ་བསྐྱུར་བ་རྣམས་བསྡུས་ཀྱིན་བཙེམས་ནས་གོན་ཞིང་འདུག་པ་ལ།      དུས་གཅིག་གི་ཚེ་དེའི་གན་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་འོངས་ནས་ཁྱོད་དོན་མེད་པའི་སྡུག་བསྔལ་འདི་འདྲ་བས་ཅི་བྱེད།      ཆོས་བྱས་པས་མི་ཆོག་གམ་ཞེས་གསུངས།      ཕྱགས་དར་ཁྲོད་པ་ན་རེ།     བདག་ལ་ཆོས་སུས་སྟེར་ཟེར།       རྣལ་འབྱོར་པས་ངས་ཆོས་སྦྱིན་གསུངས་ནས་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་ནས་བསྐྱེད་རྫོགས་ཟུང་འཇུག་གི་གདམས་ངག་གནང་ནས་གོས་རྙིང་པའི་དུམ་བུ་ཀུན་བཙེམས་ནས་གོན་པ་དང་།     དམིགས་པ་གཉིས་གཅིག་ཏུ་བྱེད་པ་ལ་དམིགས་པས་གཉིས་འཛིན་གྱི་རྣམ་རྟོག་དོར་ནས་གཉིས་སུ་མེད་པར་སོང་སྟེ།     བསྐྱེད་རྫོགས་ཟུང་འཇུག་གི་རྟོགས་པ་ལོ་བཅུ་གཉིས་བསྒོམས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་སྟེ།      ལོ་ངོ་བརྒྱའི་བར་དུ་འགྲོ་དོན་དཔག་ཏུ་མེད་པ་མཛད་ནས་མཁའ་སྤྱོད་དུ་གཤེགས་སོ།    །     སློབ་དཔོན་དྷོ་ཁན་དྷི་པའི་རྟོགས་བརྗོད་ནི།      ཀུན་རྫོབ་བསྐྱེད་པའི་རིམ་པ་དང་།   །      དོན་དམ་རྫོགས་པའི་རིམ་པ་གཉིས།   །       ཟུང་འཇུག་ཕྱག་རྒྱ་ཆེན་པོར་བསྒོམ།   །     འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔ།   །      ཞེས་གསུངས་སོ།   །     སློབ་དཔོན་དྷོ་ཁན་དྷི་པའི་རྣམ་ཐར་དང་ལོ་རྒྱུས་རྫོགས་སོ།   །

2          

བརྡ་འགྲེལ་གདོང་འཛར།

ཆོས་ལུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-10-12

གསར་སྤེལ་མཁན། :གཡང་སྒྲོལ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།