ང་ཕོད་འཇིགས་ཡོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ང་ཕོད་འཇིགས་ཡོན།
ཁོང་ནི་ང་ཕོད་ངག་དབང་འཇིགས་མེད་ཀྱི་བུ་ལྔ་བ་སྟེ་སྤུན་མཆེད་རྣམས་ཀྱི་ཆུང་ཤོས་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿沛•晋源
སྐྱེས་ལོ།
སྤྱི་ལོ1957ལོའི་ཟླ2པ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར།
1 ངོ་སྤྲོད།

ང་ཕོད་འཇིགས་མེད་ཡོན་ཏན་ནི་སྤྱི་ལོ1957ལོའི་ཟླ2པར་བོད་ལྗོངས་ལྷ་སར་སྐྱེས།  ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་ཡིན།  ང་ཕོད་ངག་དབང་འཇིགས་མེད་ཀྱི་བུ་ལྔ་བ་སྟེ་སྤུན་མཆེད་རྣམས་ཀྱི་ཆུང་ཤོས་ཡིན།  ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་ འགན་གཅིག་ལྕོགས་སུ་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1988ལོར། བོད་ལྗོངས་གོང་སྤེལ་རོགས་སྐྱོར་ཐེབས་རྩ་ཚོགས་པ་རུ་ཕྱག་ལས་གནང་།

སྤྱི་ལོ2008ལོར། བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཐིན་རིམ་རྒན་པའི་གཙོ་འགན་གཞོན་པའི་འགན་བཞེས

སྤྱི་ལོ2009ལོའི་ལོ་མཇུག་ཏུ།  བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས

སྤྱི་ལོ2012ལོའི་ཟླ5བར།  བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་ལྔ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་རུ་བདམས།

སྤྱི་ལོ2013ལོའི་ཟླ1པར། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-12

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།