སུའུ་ཉིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུའུ་ཉིང་།
སུའུ་ཉིན་ནི་སྤྱི་ལོ1955ལོའི་ཟླ6པར་སྐྱེས། ཀྲུང་དབྱང་ཏང་གི་སློབ་གྲྭའི་རབ་འབྱམས་པའི་སློབ་གནས་ཐོབ། ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་བཟོ་ལས་དང་འགྲིམ་འགྲུལ་ཏང་ཨུའི་རྩ་འཛུགས་པ་དང་རྩ་འཛུགས་ཁྲུའུ་ཁྲུའུ་ཀྲང་། ཏང་ཨུའི་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ལྕི་པའི་བཟོ་ལས་ཅུའུ་ཏང་ཨུ་ཧྲུའུ་ཅི་གཞོན་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཅུའུ་ཀྲང་གཞོན་པ། མཚོ་ཤར་ས་ཁུལ་ཏང་ཨུའ་ཧྲུའུ་ཅིའི་ལས་རོགས་པ་བཅས་ཀྱི་འགན་བཞེས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苏宁
སྐྱེས་ལོ།
སྤྱི་ལོ1955ལོའི་ཟླ6པ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧྲའན་ཞི་ལི་ཆོན།
ཏང་ཞུགས་ཀྱི་ལོ།
སྤྱི་ལོ1975ལོའི་ཟླ7པ།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ།
1 ངོ་སྤྲོད།

སུའུ་ཉིན་ནི་སྤྱི་ལོ1955ལོའི་ཟླ6པར་སྐྱེས། ཧྲའན་ཞི་ལི་ཆོན་གྱི་མི་ཡིན། སྤྱི་ལོ1970ལོའི་ཟླ8པར་བྱ་བར་ཞུགས། སྤྱི་ལོ1975ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་རབ་འབྱམས་པའི་སློབ་གནས་ཐོབ། ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་བཟོ་ལས་དང་འགྲིམ་འགྲུལ་ཏང་ཨུའི་རྩ་འཛུགས་པ་དང་རྩ་འཛུགས་ཁྲུའུ་ཁྲུའུ་ཀྲང་། ཏང་ཨུའི་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ལྕི་པའི་བཟོ་ལས་ཅུའུ་ཏང་ཨུ་ཧྲུའུ་ཅི་གཞོན་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཅུའུ་ཀྲང་གཞོན་པ། མཚོ་ཤར་ས་ཁུལ་ཏང་ཨུའ་ཧྲུའུ་ཅིའི་ལས་རོགས་པ་བཅས་ཀྱི་འགན་བཞེས།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1995ལོའི་ཟླ3པར། མཚོ་ཤར་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

སྤྱི་ལོ1998ལོའི་ཟླ6པར། མཚོ་སྔོན་ཞིང་ཆེན་རྩ་འཛུགས་པུའུ་པུའུ་ཀྲང་གཞོན་པའི་འགན་བཞེས། 

སྤྱི་ལོ2002ལོའི་ཟླ12པར། མཚོ་སྔོན་ཞིང་ཆེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ2009ལོའི་ཟླ3པར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཐིན་གྱི་ཐིན་ཀྲང་དང་ཞིང་ཆེན་ཟས་རིགས་དང་སྨན་རྫས་ཞིབ་བཤེར་དོ་དམ་ཅུའུ་ཅུའུ་ཀྲང་། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས། 

སྤྱི་ལོ2010ལོའི་ཟླ12པར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་འཕྲོད་བསྟེན་ཐིན་གྱི་ཐིན་ཀྲང་། ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་ཟས་རིགས་དང་སྨན་རྫས་ཞིབ་བཤེར་དོ་དམ་ཅུའུ་ཅུའུ་ཀྲང་། ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ2011ལོའི་ཟླ1པ་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2015ལོའི་ཟླ1པ་ནས2015ལོའི་ཟླ5བའི་བར། མཚོ་སྔོན་ཞིང་ཆེན་གྱི་རྒྱུན་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2015ལོའི་ཟླ5བ་ནས་ད་ལྟའི་བར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས་ཀྱིན་ཡོད།
 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། སུའུ་ཉིན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-11

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།