མཱ་ཧྲུན་ཆིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཱ་ཧྲུན་ཆིང་།
ཁོང་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་མི་ཡིན། མཚོ་སྔོན་མི་རིགས་སློབ་གླིང་གི་རྒྱ་ཡིག་སྡེ་ཁག་ཏུ་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་ལ་སློབ་སྦྱོང་མཛད་པ་དང་། སློབ་གྲྭ་ཆེན་མོའི་རྩོམ་རིག་ཤེས་རམས་པའི་མིང་བཏགས་ཐོབ་ཡོད།ཀྲུང་དབྱང་ཏང་གི་སློབ་གྲྭའི་གསོ་སྦྱོང་པུའུ་ཞིབ་འཇུག་སློབ་མའི་འཛིན་གྲྭར་དཔལ་འབྱོར་དོ་དམ་ཆེད་ལས་ལ་སློབ་སྦྱོང་མཛད་པ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་བཞེས་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马顺清
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ1པ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
ཧུའེ་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1963ལོའི་ཟླ1པར་སྐྱེས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་མི་ཡིན། སྤྱི་ལོ1984ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། སྤྱི་ལོ1979ལོའི་ཟླ9བ་ནས1983ལོའི་ཟླ7པའི་བར་མཚོ་སྔོན་མི་རིགས་སློབ་གླིང་གི་རྒྱ་ཡིག་སྡེ་ཁག་ཏུ་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་ལ་སློབ་སྦྱོང་མཛད་པ་དང་། སློབ་གྲྭ་ཆེན་མོའི་རྩོམ་རིག་ཤེས་རམས་པའི་མིང་བཏགས་ཐོབ་ཡོད། སྤྱི་ལོ1986ལོའི་ཟླ9བ་ནས1989ལོའི་ཟླ7པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་གསོ་སྦྱོང་པུའུ་ཞིབ་འཇུག་སློབ་མའི་འཛིན་གྲྭར་དཔལ་འབྱོར་དོ་དམ་ཆེད་ལས་ལ་སློབ་སྦྱོང་མཛད་པ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། སྤྱི་ལོ2000ལོའི་ཟླ3པ་ནས2001ལོའི་ཟླ1པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་དར་གཞོན་འཛིན་གྲྭར་སློབ་སྦྱོང་མཛད། སྤྱི་ལོ2006ལོའི་ཟླ6པ་ནས2006ལོའི་ཟླ9བའི་བར་ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་ཕྱི་རྒྱལ་ཆེད་མཁས་པ་ཅུའུ་ཡིས་འཛུགས་གཉེར་བྱས་པའི་ཆིང་ཧྭ་སློབ་གྲྭ་ཆེན་མོ་དང་ཧྭ་ཧྥུ་སློབ་གྲྭ་ཆེན་མོའི་སྤྱི་པའི་དོ་དམ་མཐོ་རིམ་གསོ་སྤྱོང་འཛིན་གྲྭར་སློབ་སྦྱོང་མཛད། ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་བཞེས་ཀྱིན་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1983ལོའི་ཟླ7པ་ནས1986ལོའི་ཟླ1པའི་བར། མཚོ་སྔོན་ཞིང་ཆེན་མེན་ཡོན་རྫོང་ཆིང་ཧྲི་ཙུའེ་གྲོང་རྡལ་གྱི་ལས་བྱེད་པ་དང་ཀྲིན་ཀྲང་གཞོན་པའི་འགན་བཞེས། 

སྤྱི་ལོ1986ལོའི་ཟླ1པ་ནས1989ལོའི་ཟླ11པའི་བར། མཚོ་སྔོན་ཞིང་ཆེན་མེན་ཡོན་རྫོང་ཆིང་ཧྲི་ཙུའེ་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ1989ལོའི་ཟླ11པ་ནས1991ལོའི་ཟླ8པའི་བར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཆབ་སྲིད་ཁྲུའུ་ཀྲུའུ་རིན་ཁོ་ཡོན་ཡིན། 

སྤྱི་ལོ1991ལོའི་ཟླ8པ་ནས1994ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཆབ་སྲིད་ཁྲུའུ་ཀྲུའུ་རིན་གཞོན་པའི་འགན་བཞེས། 

སྤྱི་ལོ1994ལོའི་ཟླ7པ་ནས1995ལོའི་ཟླ5བའི་བར་མཚོ་སྔོན་ཞིང་ཆེན་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་མཛུབ་སྟོན་ལྟེ་གནས་ཀྱི་ཀྲུའུ་རིན་ཡིན།

སྤྱི་ལོ1995ལོའི་ཟླ5བ་ནས1996ལོའི་ཟླ5བའི་བར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་སློབ་གསོ་ཁྲུའུ་ཁྲུའུ་ཀྲང་གི་འགན་འཁུར་ཞོར་དུ་ཕྱི་དོན་ཁྲུའུ་ཁྲུའུ་ཀྲང་གི་འགན་བཞེས། 

སྤྱི་ལོ1996ལོའི་ཟླ5བ་ནས1997ལོའི་ཟླ6པའི་བར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་དང་མི་དོན་ཁྲུའུ་ཁྲུའུ་ཀྲང་གི་འགན་བཞེས། 

སྤྱི་ལོ1997ལོའི་ཟླ6པ་ནས1998ལོའི་ཟླ6པའི་བར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས། 

སྤྱི་ལོ1998ལོའི་ཟླ6པ་ནས2000ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏང་ཨུ་ཧྲུའུ་ཅི་གཞོན་པའི་འགན་བཞེས་ཞོར་དུ་མཁར་ཤར་ཆུའུ་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ2000ལོའི་ཟླ7པ་ནས2000ལོའི་ཟླ12པའི་བར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏང་ཨུ་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

སྤྱི་ལོ2000ལོའི་ཟླ12པ་ནས2002ལོའི་ཟླ12པའི་བར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ། ཟི་ལིང(རྒྱལ་ཁབ་རིམ་པ།) དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

སྤྱི་ལོ2002ལོའི་ཟླ12པ་ནས2008ལོའི་ཟླ1པའི་བར། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཐིན་གྱི་ཐིན་ཀྲང་དང་ཏང་ཨུའི་ཧྲུའུ་ཅིའི་ཞོར་དུ་ས་གཤིས་རྩད་ཞིབ་ཅུའུ་ཅུའུ་ཀྲང་། ཏང་ཨུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2008ལོའི་ཟླ1པ་ནས2014ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཁོངས་མིའི་འགན་བཞེས།

སྤྱི་ལོ2014ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཁོངས་མི། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་བཅས་ཀྱི་འགན་བཞེས།



དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། མཱ་ཧྲོན་ཆིན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-11

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།